ཟླ8པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་བཅུ》(གཤམ་ནས《བྱེད་ཐབས་བཅུ》རུ་བསྡུས་ཡོད)ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བའི་བཀོད་གཏོང་ཚོགས་འདུ་བསྡུས།
ཚོགས་འདུ་ལས་བསྟན་དོན། 《བྱེད་ཐབས་བཅུ》དང“གསལ་ཐོ་གསུམ”སྤེལ་བ་ནས་བཟུང་། ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་ཀྱིས་གནད་དོན་ཀྱི་སྣེ་ཁྲིད་དང་། དམིགས་འབེན་སྣེ་ཁྲིད། གྲུབ་འབྲས་སྣེ་ཁྲིད། ཁྲིམས་སྐྱོང་སྣེ་ཁྲིད་བཅས་རྒྱུན་འཁྱོངས་བྱས་ལ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་བྱ་བར་སྐུལ་འདེད་གཏོང་བ་དེ། བཀོད་སྒྲིག་ཡོད་པ་དང་། འགུལ་སྐྱོད་ཡོད་པ་ནས་དངོས་འབྲས་གལ་ཆེ་བ་དང་། དངོས་ནུས་ཐོན་པར་བསྒྱུར་ཞིང་། གྱོད་སྒྲུབ་དངོས་འབྲས་ཀྱིས་ཁྲོམ་རའི་འདྲ་མཉམ་སྒྲིག་གཞིར་སྲུང་སྐྱོང་བྱས་ཏེ། ནན་བཤེར་ལྟ་སྡོམ་གྱིས་ཁེ་ལས་ཀྱི་རྒྱུན་ལྡན་ལས་གཉེར་ལ་སྲུང་སྐྱོང་བྱས་པ་དང་། ཁེ་ལས་ལ་ཕན་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་མྱུར་དུ་དངོས་འབེབས་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མཉམ་འགུལ་དང་། མཉམ་སྒྲུབ་ཤུགས་འདོན་གྱི་བྱ་བའི་རྣམ་པ་གྲུབ་ནས། ཁྲོམ་རའི་བྱེད་པོར་ཐོབ་སྣང་དང་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཇེ་མཐོར་ཕྱིན།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དོན་འཁྱོལ་གྱི་འགག་གནད་མཐའ་གཅིག་ཏུ་སེལ་ནས། གཅིག་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་ནན་འཛིན་བྱས་ཏེ། ལྟ་སྐུལ་དང་ཕན་འབྲས་འདྲི་རྩད་ནན་མོ་བྱེད་དགོས་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་བསྟར་གྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་བསྟར་གྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཉེས་དོན་རྡུང་རྡེག་ཕན་ནུས་མཐོར་འདེགས་བཏང་ནས། བྱམས་སྐྱོང་དཔལ་ཡོན་ཁྲིམས་བསྟར་འདུ་ཤེས་བརྟན་པོར་བཙུགས་ཏེ། ཁྲིམས་འཛིན་གྱོད་སྒྲུབ་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་དང་། འདྲི་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྟབས་བདེའི་ཁག་བགོས་གཏིང་ཟབ་ཏུ་གཏོང་བ་དང་། ལག་བསྟར་གྱི་དཀའ་གནད་འགག་སྒྲོལ་བྱེད་དགོས་ཤིང་། ཁྲིམས་སྐྱོང་མཁོ་སྤྲོད་ཀྱི་མི་འདང་ས་གནད་ལ་འཁེལ་བའི་སྒོ་ནས་ཁ་གསབ་བྱས་ཏེ། ཁྲིམས་དོན་ཁུལ་གྱི་དཔེ་སྟོན་གཞི་རྟེན་སྟོབས་ཆེར་གཏོང་བ་དང་། ཁྱིམ་གྱི་སྒོ་འགྲམ་གྱི་བཅའ་ཁྲིམས་ཞབས་ཞུ་ཏན་ཏིག་གིས་བསྒྲུབ་ནས། ཁྲིམས་སྐྱོང་ཞབས་ཞུའི་དམངས་བདེ་དང་ཁེ་ལས་ལ་ཕན་པའི"མཐའ་མའི་སྤྱི་ལེ་གཅིག"ཤར་གཏོང་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ་གོ་སྐབས་སུ་བྱས་ནས། ཚོང་གཉེར་ཁོར་ཡུག་ལ་བསླད་སྐྱོན་དང་གཏོར་བཤིག་གཏོང་བའི"དུག་སྐྲན"གཙང་སེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་གཞོགས་འདེགས་བྱེད་དགོས།