2026ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མི270བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཐག་གཅོད། གནོད་འཚེའི་ལས་འཛོལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འགན་འཁྲི་ནུས་ལྡན་ངང་བསྒྲུབ་ཆེད། 《རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མེ་ཟོན་རུ་མི་བསྡུ་བའི་བྱེད་ཐབས》(མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བཀྲམ་པའི[2021]ཨང58པ། གཤམ་དུ《ལས་བསྡུ་བྱེད་ཐབས》ཞེས་བསྡུ་རྒྱུ)སོགས་ཁྲིམས་སྲོལ་སྲིད་ཇུས་གཞིར་བཟུང་ནས། ད་ལྟ་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས2026ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་མེ་ཟོན་རུ་མི་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།

གཅིག ལས་བསྡུའི་འཆར་གཞི་དང་སྒྲིག་འཛུགས།

འཕྲལ་སྡོམ་དོ་དམ་པུའུ་དང་། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རུ་འཁྱུར་དམག་མིའི་ལས་དོན་པུའུ་བཅས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཐེངས་འདིའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཁྱོན་མེ་ཟོན་རུ་མི17000བསྡུ་རྒྱུ་ཡིན་ཞིང་། ཚང་མ་སྐྱེས་པ་ཡིན་དགོས། དེའི་ནང་། མཐོ་རིམ་སློབ་གྲྭའི་ད་ལོའི་མཐར་ཕྱིན་སློབ་མ5667དང་། རུ་འཁྱུར་དམག་མི5667། སྤྱི་ཚོགས་ཀྱི་གཞོན་ནུ5666བཅས་བསྡུ་རྒྱུ་རེད།

རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མེ་ཟོན་རུ་མི་བསྡུ་བའི་ལས་དོན་གཞུང་ལས་ཁང་གིས་གཅིག་གྱུར་ཐོག་ལས་བསྡུའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་དང་། ཞིང་ཆེན་རིམ་པའི་མེ་ཟོན་རུ་མི་བསྡུ་བའི་ལས་དོན་གཞུང་ལས་ཁང་སོ་སོས་ལས་བསྡུའི་ཞིབ་ཕྲའི་ལས་དོན་འགན་འཁུར་དགོས།  

གཉིས། ལས་བསྡུའི་ཆ་རྐྱེན་དང་ཁྱབ་ཁོངས།

(གཅིག) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།

(གཉིས།)རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། 

(གསུམ།) རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་བླངས་ནང་ཞུགས་པ།

(བཞི།)ལོ18ཡན་དང་ལོ22མན་ཡིན་དགོས། 2003ལོའི་ཟླ9པའི་ཚེས1ཉིན་ནས2008ལོའི་ཟླ8པའི་ཚེས31ཉིན་བར་སྐྱེས་པའི་མི་ཡིན་དགོས། སློབ་ཆེན་ཆེད་སྦྱོང་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་རུ་འཁྱུར་དམག་མི། ལོ་གཉིས་ཡན་གྱི་མེ་ཟོན་རོགས་སྐྱོབ་ཀྱི་དངོས་འཐབ་ཉམས་མྱོང་ལྡན་པའི་སྲིད་གཞུང་གི་ཆེད་ལས་མེ་གསོད་རུ་མི་དང་། སྲིད་གཞུང་གི་ཆེད་ལས་ནགས་ལས་མེ་ཟོན་རུ་མི་བཅས་ཀྱི་ལོ་ཚད་ལོ24(2001ལོའི་ཟླ9པའི་ཚེས1ཉིན་གྱི་རྗེས་སུ་སྐྱེས་པའི་མི)བར་ལྷུག་ཏུ་བཏང་ཆོག མེ་གསོད་རོགས་སྐྱོབ་ལས་དོན་ལ་འཕྲལ་དུ་མཁོ་བའི་དམིགས་བསལ་ཆེད་ལས་ཤེས་ལྡན་པ། འཕྲལ་སྡོམ་དོ་དམ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ལོ་ཚོད་ཀྱི་ཚད་གཞི་ཇེ་ཆེར་བཏང་ཆོག་དང་། རྩ་དོན་ཐོག་ལོ28(1997ལོའི་ཟླ9པའི་ཚེས1ཉིན་གྱི་རྗེས་སུ་སྐྱེས་པའི་མི)ལས་བརྒལ་མི་ཆོག།

(ལྔ།)མཐོ་རིམ་སློབ་འབྲིང་ཡན་གྱི་རིག་གནས་ཆུ་ཚད་ལྡན་པ།

(དྲུག)ལུས་ཕུང་དང་སེམས་ཁམས་བདེ་ཐང་ཡིན་པ།

(བདུན།)སྤྱོད་ལམ་བཟང་པ།

(བརྒྱད།)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་དང་མཐུན་དགོས།  

གསུམ། དྲ་ཐོག་ཏུ་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། ། 

མེ་གསོད་རུ་མི་བསྡུ་བར་དྲ་ཐོག་ཏུ་མིང་ཐོ་འགོད་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་ལ། ཐོབ་ཐང་ཞིབ་བཤེར་དེ་དྲ་ཐོག་ནས་ཐོག་མའི་ཞིབ་བཤེར་དང་ཡུལ་དངོས་ནས་བསྐྱར་ཞིབ་བྱེད་རྒྱུ་རེད།

(གཅིག)དྲ་ཐོག་ཏུ་མིང་ཐོ་འགོད་པའི་དུས་ཚོད་ནི། 2026ལོའི་ཟླ6པའི་ཚེས12ཉིན་གྱི་ཆུ་ཚོད23:00ནས་ཟླ6པའི་ཚེས30ཉིན་གྱི་ཆུ་ཚོད18:00བར་རེད། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མེ་ཟོན་རུ་མི་བསྡུ་ལེན་ལས་སྟེགས(https://xfyzl.119.gov.cn)སྟེང་ནས་མིང་ཐོ་འགོད་དགོས། 

(གཉིས།) དྲ་ཐོག་ནས་ཐོག་མའི་ཞིབ་བཤེར་བྱེད་པའི་དུས་ཚོད་ནི། 2026ལོའི་ཟླ6པའི་ཚེས12ཉིན་གྱི་ཆུ་ཚོད23:00ནས་ཟླ7པའི་ཚེས2ཉིན་གྱི་ཆུ་ཚོད18:00བར་རེད། ཞིང་ཆེན་རིམ་པའི་མེ་ཟོན་རུ་མི་བསྡུ་བའི་ལས་དོན་གཞུང་ལས་ཁང་སོ་སོས་མིང་ཐོ་བཀོད་པའི་ཆ་འཕྲིན་ལ་ཐོག་མའི་ཞིབ་བཤེར་བྱས་ནས། བསྡུ་ལེན་བྱ་ཡུལ་ལ་མིང་ཐོ་འགོད་པའི་ཐོབ་ཐང་ཡོད་མེད་གཏན་འཁེལ་བྱེད་དགོས། བསྡུ་ལེན་བྱ་ཡུལ་གྱིས་མིང་ཐོ་བཀོད་རྗེས་བསྡུ་ལེན་ལས་སྟེགས་སུ་ཞུགས་ནས་དྲ་ཐོག་ནས་ཐོག་མའི་ཞིབ་བཤེར་བྱས་འབྲས་འདྲི་རྩད་བྱེད་ཆོག

(གསུམ།)ཡུལ་དངོས་བསྐྱར་ཞིབ། བསྡུ་ལེན་བྱ་ཡུལ་གྱིས་དྲ་ཐོག་ནས་ཐོག་མའི་ཞིབ་བཤེར་བྱས་འབྲས་ལྟར། ཞིང་ཆེན་རིམ་པའི་མེ་ཟོན་རུ་མི་བསྡུ་བའི་ལས་དོན་གཞུང་ལས་ཁང་གི་བརྡ་ཐོའི་བླང་བྱ་གཞིར་བཟུང་ནས། རང་ཉིད་ཀྱིས་ཐོབ་ཐང་ལག་ཁྱེར(གནས་སྡོད་ལག་རྟགས)དང་། ཁྱིམ་ཐོ། མཐར་ཕྱིན་འཛིན་ཡིག(བསླབ་གནས་འཛིན་ཡིག) རུ་འཁྱེར་དམག་མིའི་ལག་རྟགས། བྱས་རྗེས་བཞག་ནས་བྱ་དགའ་ཐོབ་པ་སོགས་ཀྱི་ལག་རྟགས་ཀྱི་མ་ཡིག་དང་བསྐྱར་དཔར་འཁྱེར་ནས་ཡུལ་དངོས་བསྐྱར་ཞིབ་ནང་ཞུགས་དགོས། 

བཞི། ལུས་པོ་བརྟག་དཔྱད་དང་དཔྱད་ཞིབ་ཚོད་ལྟ།

ཐོབ་ཐང་ཞིབ་བཤེར་ཐོབ་རྗེས། ་ཐོབ་ཐང་ལག་ཁྱེར་དང་རྒྱུགས་སྤྲོད་འཛིན་ཡིག་འཁྱེར་ནས། ལུས་པོ་ཞིབ་བཤེར་དང་། ཆབ་སྲིད་དཔྱད་ཞིབ། གཟུགས་ནུས་ཚོད་ལྟ། ལས་གནས་དང་འཚམ་པའི་ཚོད་ལྟ། སེམས་ཁམས་ཚོད་ལྟ། ཁ་རྒྱུགས་བཅས་ལ་ཞུགས་དགོས་པ་དང་། ཞིབ་ཕྲའི་གོ་རིམ་དང་། དུས་ཚོད། ས་གནས་སོགས་ཞིང་ཆེན་རིམ་པའི་མེ་གསོད་རུ་མི་བསྡུ་བའི་ལས་དོན་གཞུང་ལས་ཁང་གིས་ཁྱབ་སྒྲོག་བྱ་རྒྱུ་རེད།

རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མེ་ཟོན་རུ་མི་བསྡུ་བའི་ལས་དོན་གཞུང་ལས་ཁང་གི་ལྟ་སྐུལ་ཁ་པར། 010-83933118

འཕྲལ་སྡོམ་དོ་དམ་པུའུ།

2026ལོའི་ཟླ6པའི་ཚེས7ཉིན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།