ཟླ3པའི་ཚེས2ཉིན། 2026ལོའི་ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་དང་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་། ཀྲུང་དབྱང་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་དང་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་པར་མ་ཟད། 2025ལོའི་འཕྲིན་བཅར་བྱ་བར་སྤྱི་སྡོམ་དང་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཕྲིན་བཅར་ཁོངས་གཏོགས་ཀྱིས་རང་འགུལ་ངང་སྤྱི་ཚོགས་བཅོས་སྐྱོང་བྱ་བའི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་པ་དང་། འཕྲིན་བཅར་གནད་དོན་གྱི་འབྱུང་ཁུངས་བཅོས་སྐྱོང་དང་འཕྲིན་བཅར་གྱི་གྱོད་གཞི་གང་ཡོད་ཐག་གཅོད་པར་རྒྱུན་མཐུད་ངང་ཤུགས་བསྣན་ལ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་དུས་ཐོག་ཏུ་ཚུར་སྣང་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་འགན་སྲུང་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་ཐིག་ཏུ་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ཁྲིམས་ལྟར་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཟང་བོ་བྱེད་པ་བཅས་བྱས་ཏེ་དྲིན་ཤེས་པ་དང་བརྩེ་སེམས་ལྡན་པ། དངོས་སྒྲུབ་གཙོར་འཛིན་པ་བཅས་ཀྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅོ་ལྔའི་འགོ་བཟང་བོར་རྩོམ་པར་འགན་སྲུང་བྱེད་དགོས།