ཉེན་རྟོག་རམ་འདེགས་པ་ནི་སྤྱི་བདེ་ལས་ཁུངས་ཀྱི་རམ་འདེགས་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། གློ་བུར་དུ་བྱུང་བའི་ལས་འཛོལ་དང་། བདེ་སྲུང་བྱེད་སྒོ་གལ་ཆེན། སྤྱི་ཚོགས་ཡོངས་ཀྱི་བཀག་སྡོམ་སོགས་ཀྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། གཅིག་སྒྲིལ་གྱི་སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཉེན་རྟོག་གི་སྟོབས་ཤུགས་མི་འདང་བའི་དོན་དངོས་ཀྱི་གནས་ཚུལ་ཐག་གཅོད་ཆེད། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཉེན་རྟོག་རམ་འདེགས་པ30བསྡུ་རྒྱུ་ཡིན་ཞིང་། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།
གཅིག ལས་བསྡུའི་འཆར་གཞི།

བསྡུ་བྱའི་མི་གྲངས།
ཉེན་རྟོག་རམ་འདེགས་པ30བསྡུ་རྒྱུ་རེད།
བསྡུ་ཡུལ་ལས་གནས།
གཉིས། ལས་བཟོ་བྱེད་སྟངས།
ངལ་རྩོལ་གན་རྒྱའི་ལམ་ལུགས་ཀྱི་ལས་བཟོ་ཡིན་པ།
གསུམ། ལས་བསྡུའི་ཆ་རྐྱེན།
1.ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བརྩི་སྲུང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ།
2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་། སྤྱོད་པ་བཟང་དགོས།
3.རྒྱུན་ལྡན་གྱི་འགན་འཁྲི་ལག་བསྟར་ལ་མཁོ་བའི་ལུས་པོའི་ཆ་རྐྱེན་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་པ།
4.རྩ་འཛུགས་ཀྱི་སྒྲིག་ཁྲིམས་འདུ་ཤེས་ཆེ་བ་དང་། བཀའ་རྒྱ་ལ་བརྩི་སྲུང་ཞུ་བ། བཀོད་འདོམས་ལ་ཉན་པ། ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་མེད་པ། རང་མོས་ཀྱིས་སྤྱི་བདེ་ཉེན་རྟོག་རམ་འདེགས་པ་བྱེད་པ།
5.ལུས་སེམས་བདེ་ཐང་དང་འགོས་ནད་མེད་པ། གཟུགས་གཞི་དྲང་པ། ངོ་གདོང་ལ་མངོན་གསལ་གྱི་རྨ་ཤུལ་མེད་པ་དང་། དབང་པོ་སྐྱོན་ཅན་མིན་པ།
6.སྤྱི་བདེ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་འཛོམས་དགོས།
བཞི། ལས་བསྡུའི་གོ་རིམ།
“ཡོངས་བསྒྲགས་དང་། དྲང་གཞག དྲང་བདེན། འགྲན་རྩོད། ལེགས་འདེམས། རང་མོས་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཐོབ་ཐང་ཞིང་བཤེར། ཁ་རྒྱུགས་ལེན་པ། ལུས་ཕུང་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། ཡོངས་བསྒྲགས་སོགས་ཀྱི་གོ་རིམ་ལྟར་སྤེལ་རྒྱུ་རེད།
ལྔ། མིང་ཐོ་འགོད་པའི་དུས་ཚོད་ནི། 2026ལོའི་ཟླ1པའི་ཚེས4ཉིན་གྱི09:00ནས2026ལོའི་ཟླ1པའི་ཚེས13ཉིན་གྱི་ཆུ་ཚོད20:00བར་རེད།
ཞིབ་དཔྱད་བྱེད་པའི་དུས་ཚོད་ནི། 2026ལོའི་ཟླ1པའི་ཚེས4ཉིན་གྱི་ཆུ་ཚོད09:00ནས2026ལོའི་ཟླ1པའི་ཚེས14ཉིན་གྱི་ཆུ་ཚོད12:00བར་རེད།
གྲོན་དངུལ་སྤྲོད་པའི་དུས་ཚོད་ནི། 2026ལོའི་ཟླ1པའི་ཚེས4ཉིན་གྱི་ཆུ་ཚོད09:00ནས2026ལོའི་ཟླ1པའི་ཚེས14ཉིན་གྱི་ཆུ་ཚོད20:00བར་རེད།
མིང་ཐོ་འགོད་སྟངས། མིང་ཐོ་འགོད་པར་གློག་ཀླད་སྟེང་ཆིན་ཡུའེ་ཤེས་ལྡན་པ་འཕེལ་རྒྱས་སྡེ་ཚོགས་ཀྱི་མིང་ཐོ་འགོད་པའི་དྲ་བའི་སྟེང(https://rcfzjt.pzhl.net/index.php)བླང་བྱ་ལྟར་མིང་ཐོ་འགོད་དགོས།
དྲུག ཁ་རྒྱུགས།
ཁ་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས། ཁ་རྒྱུགས་ལེན་པའི་ས་གནས་ནི་ཟི་ལིང་གྲོང་ཁྱེར་ཡིན། ཞིབ་ཕྲའི་དུས་ཚོད་ཆིན་ཡུའེ(青越)ཤེས་ལྡན་པ་འཕེལ་རྒྱས་སྡེ་ཚོགས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་པའི་མ་ལག(https://rcfzjt.pzhl.net/index.php)དང་། ཆིང་ཡུའེ་ཤེས་ལྡན་པ་རྒྱུགས་ལེན་ཞབས་ཞུ་ལྟེ་གནས། མཚོ་སྔོན་ཐད་ཀར་གདན་ཞུ་འཕྲིན་སྟེགས་བཅས་ཀྱི་སྟེང་ཁྱབ་སྒྲོག་བྱ་རྒྱུ་ཡིན་པས། རྒྱུགས་སྤྲོད་སློབ་མས་དོ་ཁུར་གནང་རོགས།
བདུན། འབྲེལ་གཏུག་བྱེད་སྟངས།
མིང་ཐོ་འགོད་པའི་ལས་ཁུངས། ཆིན་ཡུའེ་ཤེས་ལྡན་པ་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སི།
ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྥུའུ་ཞིན་ལམ་ཨང་རྟགས2པའི་ནུས་ཁུངས་ཐོག་ཁང་གི་ཐོག་བརྩེགས9པ(ཆིན་ཡུའེ་སྡེ་ཚོགས་ཤེས་ལྡན་པ་རྒྱུགས་ལེན་ཞབས་ཞུ་ལྟེ་གནས)
ཁ་པར:0971-6337153 0971-6361278
བློ་འདྲིའི་དུས་ཚོད། ལས་ཚོགས་ཉིན་མོའི་ཆུ་ཚོད09:00ནས12:00བར་དང་། ཆུ་ཚོད14:30ནས17:30བར་རེད།
གཉིས། བློ་འདྲི་ཁ་པར།
བློ་འདྲི་སའི་ལས་ཁུངས། གཅིག་སྒྲིལ་རྫོང་སྤྱི་བདེ་ཅུའུ།
བློ་འདྲི་ཁ་པར།:0975-8331301དང་། 15209755005
གསུམ། ལྟ་སྐུལ་ཁ་པར།
གཅིག་སྒྲིལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0975-8331027
གཅིག་སྒྲིལ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་། 0975-8332391
གཅིག་སྒྲིལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། གཅིག་སྒྲིལ་རྫོང་སྤྱི་བདེ་ཅུའུ།
2026ལོའི་ཟླ1པའི་ཚེས3ཉིན།