སློབ་གསོ་པུའུ་སློབ་གསོ་རྒྱུགས་ལེན་ཁང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་ནས། རང་ཞིང་གི2026ལོའི་ལོ་སྟོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་ལས་ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་ཟླ3པའི་ཚེས7ཉིན་ཡིན་པ་རེད། ད་ལྟ་ཡིག་རྒྱུགས་ལེན་པར་མིང་ཐོ་འགོད་པའི་བརྡ་ཐོ་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར།
གཅིག 2026ལོའི་ལོ་སྟོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན(ཡིག་རྒྱུགས)གྱི་ལས་རིམ་བཀོད་སྒྲིག་རེའུ་མིག

གཉིས། རྒྱུགས་སྤྲོད་ཆ་རྐྱེན།
1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།
2.རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། སློབ་གསོའི་བྱ་གཞག་ལ་དགའ་བ། བསམ་བློ་ཀུན་སྤྱོད་ཡག་པ།
3.དགེ་རྒན་ཐོབ་ཐང་ཀྱི་གཟུགས་པོར་བརྟག་དཔྱད་ཀྱི་ཚད་གཞི་དང་མཐུན་པ།
4.《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་རྒན་གྱི་བཅའ་ཁྲིམས》ནང་གཏན་འབེབས་བྱས་པའི་སློབ་གཉེར་བརྒྱུད་རིམ་དང་འབྲེལ་ཡོད་ཀྱི་བླང་བྱ་དང་མཐུན་པ།
གསུམ། དྲ་ཐོག་ཏུ་མིང་ཐོ་འགོད་པའི་དུས་ཚོད་ནི། 2026ལོའི་ཟླ1པའི་ཚེས9ཉིན་གྱི་ཆུ་ཚོད10ནས་ཟླ1པའི་ཚེས12ཉིན་གྱི་ཆུ་ཚོད24བར་རེད།
དྲ་ཐོག་ནས་ཞིབ་དཔྱད་བྱེད་པའི་དུས་ཚོད་ནི། 2026ལོའི་ཟླ1པའི་ཚེས9ཉིན་གྱི་ཆུ་ཚོད10ནས་ཟླ1པའི་ཚེས13ཉིན་གྱི་ཆུ་ཚོད17བར་རེད།
དྲ་ཐོག་ནས་གྲོན་དངུལ་སྤྲོད་མཚམས་འཇོག་པའི་དུས་ཚོད་ནི། 2026ལོའི་ཟླ1པའི་ཚེས14ཉིན་གྱི་ཆུ་ཚོད24སྟེང་རེད།
རྒྱུགས་སྤྲོད་འཛིན་ཡིག་དཔར་བའི་དུས་ཚོད་ནི། 2026ལོའི་ཟླ3པའི་ཚེས2ཉིན་ནས་ཟླ3པའི་ཚེས7ཉིནབར་རེད།ཡིག་རྒྱུགས་ཀྱི་རྒྱུགས་འབྲས་ཁྱབ་སྒྲོག་བྱེད་པའི་དུས་ཚོད་ནི། 2026ལོའི་ཟླ4པའི་ཚེས17ཉིན་རེད། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་ངེས་པར་དུ་མིང་ཐོ་འགོད་པའི་དུས་ཚོད་ནང་ཀྲུང་གོ་སློབ་གསོ་རྒྱུགས་ལེན་དྲ་བའི(https://ntce.neea.edu.cn)སྟེང་མིང་ཐོ་འགོད་དགོས།
མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་།
2026ལོའི་ཟླ12པའི་ཚེས26ཉིན།
མཚོ་སྔོན་ཞིང་ཆེན་གྱི2026ལོའི་ལོ་སྟོད་ཀྱི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་གྱི་རྒྱུགས་ཁུལ་སོ་སོའི་བློ་འདྲི་ཁ་པར།
