ཟླ11པའི་ཚེས11ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་དོན་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་སྡེ་ཁག་གདན་ཞུ་བྱས་ནས་རང་སོ་སོའི་གཙོ་གནད་ལས་དོན་དང་ཟུང་འབྲེལ་སྒོས་ཆེད་དོན་ཁྱབ་བསྒྲགས་བྱས།
ཚོགས་ཐོག་ཏུ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནགས་རྩྭ་ཅུའུ། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་རང་ཞིང་གི་ལྗང་མདོག་རྩིས་ནུས་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། རྨང་གཞིའི་སློབ་གསོའི་མཐོ་རིམ་དགེ་རྒན་གསོ་སྐྱོང་བྱེད་པ། རྒན་གསོ་ཞབས་ཞུ་བཅོས་སྒྱུར། ལས་ཞུགས་རྣམ་པ་གསར་པའི་མི་སྣའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་ངལ་རྩོལ་ཁེ་དབང་འགན་སྲུང་བྱེད་པ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ། ཙོང་ཆུའི་བཞུར་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། མཐོ་སྒང་གི་འཁྱག་གྲང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བ། རྒྱུད་གཅིག་ལམ་གཅིག་གི་སྤུས་ཚད་མཐོ་བའི་མཉམ་བསྐྲུན་ལ་སྐུལ་འདེད་གཏོང་བ། མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ། ཟས་རིགས་འཕྲོད་བསྟེན་བདེ་འཇགས་སོགས་ལ་སྣེ་ཁྲིད་པ་བཅས་དམིགས་སུ་འཛིན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས།
སྲིད་དོན་གནས་ཚུལ་ཆེད་དོན་ཁྱབ་བསྒྲགས་ཚོགས་འདུ་ནི་ཞིང་ཆེན་སྲིད་གྲོས་ཟབ་ཞུགས་ལས་ཁུངས་དང་སྲིད་གྲོས་ཨུ་ཡོན་གྱིས་སྲིད་དོན་གནས་ཚུལ་མཐིལ་རྟོགས་བྱ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཁྱབ་བསྒྲགས་ཚོགས་འདུའི་ཁ་གཏད་རང་བཞིན་དང་དངོས་འབྲས་རང་བཞིན་དོན་དངོས་ཐོག་ཇེ་མཐོར་གཏོང་ཐུབ། ཞིང་ཆེན་སྲིད་གྲོས་ཀྱིས་སྔོན་ལ་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་ཀྱི་རེ་འདུན་དང་གྲོས་གཞི་བསྡུ་ལེན་བྱས་ཏེ། དེའི་ཁྲོད་ནས་ཅུང་གཅིག་སྡུས་དང་དོ་སྣང་བྱེད་ཚད་མཐོ་བའི་གྲོས་གཞི23བདམས་ནས་ཆེད་དོན་ཁྱབ་བསྒྲགས་བྱས།
གྲོས་ཚོགས་ལས། སྲིད་གྲོས་ཟབ་ཞུགས་ལས་ཁུངས་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དང་དངོས་འབེབས་བྱས་ཏེ། སྲིད་དོན་མཐིལ་རྟོགས་ཀྱི་རྨང་གཞིའི་སྟེང་། རང་ཞིང་གི་སྤྱི་ཡོངས་ཀྱི་ལས་དོན་དང་། དཀྱིལ་སྙིང་ལས་འགན་དམིགས་སུ་བཟུང་སྟེ། སྲིད་ཞུགས་སྲིད་གླེང་དང་། བློ་འདོན་ཇུས་འབུལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་མི་དམངས་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།