མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་མེ་འགོག་ཉིན་མོ་སྐབས་སོ་བཞི་པ་ཐོན་ལ་ཉེ་བའི་སྐབས་འདིར། ཟླ11པའི་ཚེས8ཉིན། 2025ལོའི་ཞིང་ཆེན་ཏང་ཨུའི་མེ་ཟོན་བྱ་བར་ཞིབ་འཇུག་བྱེད་པའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མིག་སྔའི་ཞིང་ཆེན་ཡོངས་ཀྱི་མེ་ཟོན་བདེ་འཇགས་གནས་བབ་ལ་སྔར་ལས་དབྱེ་ཞིབ་བརྡར་གཅོད་བྱས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་སེལ་བ་དང་གནོད་འཚེའི་དོན་རྐྱེན་རིགས་སྣ་ཚོགས་ཐག་གཅོད་པའི་ནུས་པ་མཐོར་འདེགས་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།
གྲོས་ཚོགས་ལས་བསྟན་དོན། ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རྒུད་སྐྱོབ་སྟོབས་ཤུགས་ཀྱིས་མགྱོགས་མྱུར་འཐབ་རྩོད་རྣམ་པ་སྲུང་འཛིན་བྱས་པ་དང་། འཕྲལ་བསྟུན་རོགས་སྐྱོབ་ནུས་པ་མཐོར་འདེགས་མངོན་གསལ་བྱུང་ཞིང་། མེ་སྐྱོན་སྔོན་འགོག་ཚོད་འཛིན་མ་ལག་སྔར་ལས་དམ་ཟབ་ཏུ་གྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་མེ་སྐྱོན་བྱུང་བའི་ཐེངས་གྲངས་དང་རྨས་སྐྱོན་ཕོག་པའི་མི་གྲངས་སྤྱིའི་ཆ་ནས་མར་ཆག་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་བརྟན་བརླིང་འཕེལ་རྒྱས་ལ་འགན་སྲུང་ནུས་ལྡན་བྱས་ཡོད་པ་རེད།
གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་དང་། གཅིག་འདོམས་འཕེལ་རྒྱས་དང་བདེ་འཇགས་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”བྱ་བའི་ཕན་འབྲས་དང་ཉམས་མྱོང་སྤྱི་སྡོམ་གཏིང་ཟབ་དང་། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”མེ་ཟོན་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་ལེགས་པོ་བྱས་ཏེ། སྤྱི་བའི་བདེ་འཇགས་བཅོས་སྐྱོང་རྣམ་པ་དེ་སྔོན་འགོག་དོགས་ཟོན་རྣམ་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། འཕྲལ་བསྟུན་རོགས་སྐྱོབ་མ་ལག་འཐུས་ཚང་དུ་འཛུགས་པ་དང་། དངོས་འཐབ་ཚད་གཞིར་བརྟེན་ནས་འཕྲལ་བསྟུན་བཀོད་འདོམས་མ་ལག་ལེགས་པོ་འཛུགས་པ། ལྷག་པར་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་གཞི་རིམ་བཀོད་འདོམས་མ་ལག་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་རིགས་ཁེ་ལས་དང་དགོན་པ་སོགས་གཙོ་གནད་ཁྱབ་ཁོངས་ཀྱིས་འཕྲལ་བསྟུན་སྔོན་ཇུས་གཏན་འབེབས་བཟོ་པར་མཛུབ་སྟོན་དང་། རྒྱུན་རྣམ་ཅན་གྱི་མེ་གསོད་དང་འཕྲལ་བསྟུན་འགྲེམ་གཏོང་སྦྱོང་བརྡར་རྐྱེན་སྲོལ་འཛུགས་དགོས། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། གཞི་རིམ་གྱི་མེ་ཟོན་རྩ་འཛུགས་སྟོབས་ལྡན་སྒྲིག་འཛུགས། མེ་ཟོན་བྱ་བའི་ས་ཚིགས་སྔར་ལས་ལེགས་སྒྱུར་བཀོད་སྒྲིག་བྱེད་པ་དང་། མེ་ཟོན་རྒུད་སྐྱོབ་ཀྱི་ཚན་རྩལ་འགག་སྒྲོལ་དང་གྲུབ་འབྲས་ཚུལ་སྒྱུར་ལ་བསྟུད་མར་ཤུགས་བསྣན་ནས། མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་རིག་ནུས་ཅན་གྱི་ཆུ་ཚད་དང་ལྟ་སྐུལ་དོ་དམ་ཁྲིམས་བསྟར་ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། མེ་ཟོན་རྒུད་སྐྱོབ་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མཚོ་སྔོན་གྱི་གནོད་འཚེའི་དོན་རྐྱེན་གྱི་ཁྱད་ཆོས་དང་མཐོ་སྒང་གི་འཁྱགས་གྲང་དམིགས་བསལ་ཁོར་ཡུག་ལ་རྐང་བཙུགས་ནས། རྙོག་འཛིང་ཅན་གྱི་གནོད་འཚེའི་དོན་རྐྱེན་གྱི་ཕྱོགས་བསྡུས་འཕྲལ་བསྟུན་རྒུད་སྐྱོབ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་། ཆེད་ལས་དང་ལས་རིགས། སྤྱི་ཚོགས་བཅས་ཀྱི་འཕྲལ་བསྟུན་མེ་ཟོན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལས་རིགས་ཀྱི་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་མེ་ཟོན་རྒུད་སྐྱོབ་བྱ་གཞག་ལ་འདེགས་སྐྱོར་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་དགོས། མེ་ཟོན་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་པ་དང་། སྨྱན་སྦྱོར་གསར་བའི་དྲིལ་སྒྲོག་གི་གཡུལ་ས་བེད་སྤྱོད་གང་ལེགས་བྱེད་པ། མེ་ཟོན་དྲིལ་སྒྲོག་བྱ་བའི་ཁེབས་ཚད་དང་ཟབ་ཚད་སྔར་ལས་ཇེ་ཆེར་བཏང་སྟེ། མེ་ཟོན་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱིས་འགན་ཁུར་བ་དང་དམངས་ཡོངས་ཟབ་ཞུགས་བྱེད་པ། དམངས་ཡོངས་ཀྱིས་ལྟ་རྟོག་བྱེད་པ་བཅས་ཀྱི་རྣམ་པ་ལེགས་པོ་ཞིག་ཆགས་པར་བྱ་དགོས། མིག་སྔར། དགུན་དུས་ཀྱི་མེ་འགོག་གནོད་སེལ་བྱ་བ་དམ་འཛིན་ལེགས་པོ་བྱེད་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་དོན་དམ་པས་འགན་སྲུང་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས། ཞིང་ཆེན་གོང་འོག་ཡོངས་ཀྱིས་བསམ་བཀོད་གཅིག་གི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མེ་ཟོན་བདེ་འཇགས་ཀྱི་ཉེན་ཁའི་ཞན་ས་དང་གྲོས་ཚོགས་ཀྱི་ཞིབ་འཇུག་ལས་དོན་ལ་དམ་པོར་དམིགས་ནས། མ་ལག་ལྡན་པའི་གསེད་བཀྲོལ་དང་ལས་འགན་གསལ་བགོ་བྱེད་པ་དང་། གསལ་ཐོ་ཅན་གྱི་དོ་དམ་དང་ལས་གཞི་ཅན་གྱི་སྐུལ་འདེད་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རྒུད་སྐྱོབ་བྱ་བའི་སྤྱིའི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བདེ་འཇགས་ཀྱི་འགོག་ར་བརྟན་པོར་བསྐྲུན་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ལས2024ལོའི་ཞིང་ཆེན་ཏང་ཨུའི་མེ་ཟོན་བྱ་བར་ཞིབ་འཇུག་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མེ་ཟོན་བདེ་འཇགས་གནས་བབ་དང་མེ་ཟོན་རྒུད་སྐྱོབ་དཔུང་སྡེ་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུར་ཉན་ནས། 2025ལོའི་ཞིང་ཆེན་ཏང་ཨུའི་མེ་ཟོན་བྱ་བར་ཞིབ་འཇུག་བྱེད་པའི་གྲོས་ཚོགས་ནས་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ལ་གྲོས་ཞིབ་བྱས།
ཀྲང་ཅིན་ཀང་གྲོས་ཚོགས་ལ་ཞུགས།