གཞུང་ཞབས་པའི་བཅའ་ཁྲིམས་དང《གཞུང་ཞབས་པ་བསྡུ་བའི་གཏན་འབེབས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་སྟེ། རྒྱལ་ཁབ་གཞུང་ཞབས་པ་ཅུའུ་ཡིས་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2026ལོའི་རིམ་པ་དང་པོའི་ཀྲུའུ་རེན་ཚན་ཁག་དང་དེ་མན་དང་ལས་རིམ་གཅིག་མཚུངས་ཅན་གཞན་དག་གི་གཞུང་ཞབས་པ་བསྡུ་བའི་ལས་དོན་སྒྲིག་འཛུགས་ཐོག་ལག་བསྟར་བྱས། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།
གཅིག རྒྱུགས་སྤྲོད་ཆ་རྐྱེན།
1. ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།
2. ལོ18ཡན་དང་། ལོ38མན་ཡིན་དགོས། (1986ལོའི་ཟླ10པ་ནས2007ལོའི་ཟླ10པའི་བར་སྐྱེས་པ།) 2026ལོ་མཐར་ཕྱིན་པའི་རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་ལོ43མན་ཡིན་ཆོག (1981ལོའི་ཟླ10པའི་རྗེས་ནས་སྐྱེས་པ།)
3. ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་བྱེད་པ།
4. ཆབ་སྲིད་ཀྱི་བྱང་ཚད་དང་ཀུན་སྤྱོད་བཟང་པོ་ལྡན་པ།
5. རྒྱུན་ལྡན་གྱི་འགན་འཁྲི་ལག་བསྟར་ལྡན་པའི་ལུས་ཁམས་དང་གཟུགས་པོའི་ཆ་རྐྱེན་བཟང་ལསེམས་ཁམས་ཀྱི་བྱང་ཚད་ལྡན་པ།
6. ལས་གནས་དང་བླང་བྱ་དང་མཐུན་པའི་ལས་ཀའི་འཇོན་ཐང་ལྡན་པ།
7. ཆེད་སྦྱོང་ཚན་ཁག་དང་དེའི་ཡན་ཀྱི་ཆུ་ཚད་ལྡན་པ།
8. ཀྲུང་དབྱང་གཞུང་ཞབས་པའི་གཙོ་གཉེར་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་ལས་གནས་བསྐོ་གཞག་གི་བླང་བྱ་དང་ཆ་རྐྱེན་ལྡན་པ།
གཉིས། དྲ་ཐོག་ནས་མིང་ཐོ་འགོད་པ།ཐེངས་འདིའི་རྒྱུགས་ལེན་པར་གཙོ་བོ་དྲ་ཐོག་ནས་མིང་ཐོ་འགོད་དགོས།
1. རྒྱུགས་སྤྲོད་རེ་ཞུ། རྒྱུགས་ལེན་མཁན་གྱིས2025ལོའི་ཟླ10པའི་ཚེས15ཉིན་གྱི་ཆུ་ཚོད8:00ནས་ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18:00བར་ཆེད་དོན་དྲ་ཚིགས་སྟེང་མིང་ཐོ་འགོད་པ་དང་འབྲེལ་རྒྱུགས་སྤྲོད་རེ་ཞུ་བྱེད་ཆོག
2. ཐོབ་ཐང་ཞིབ་བཤེར་གྱི་མཇུག་འབྲས་ལ་བལྟ་བ། མི་བཀོད་ལས་ཁུངས་གྱིས2025ལོའི་ཟླ10པའི་ཚེས15ཉིན་གྱི་ཆུ་ཚོད8:00ནས་ཟླ10པའི་ཚེས26ཉིན་གྱི་ཆུ་ཚོད18:00བར་རྒྱུགས་སྤྲོད་པའི་རེ་ཞུ་ལ་ཞིབ་བཤེར་བྱས་ནས། རྒྱུགས་སྤྲོད་མཁན་ལ་རྒྱུགས་སྤྲོད་པའི་ཐོབ་ཐང་ཡོད་མེད་གཏན་འཁེལ་བྱ་རྒྱུ་རེད། 2025ལོའི་ཟླ10པའི་ཚེས15ཉིན་གྱི་ཆུ་ཚོད8:00ནས་ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18:00བར་རྒྱུགས་སྤྲོད་རེ་ཞུ་ཞིབ་བཤེར་མ་བྱས་པའམ་ཡང་ན་ཐོབ་ཐང་ཞིབ་བཤེར་གྱི་ཚད་གཞི་མ་ལོན་པ་དག་གིས་ལས་གནས་གཞན་ལ་བསྒྱུར་ན་ཆོག 2025ལོའི་ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18:00གི་རྗེས་སུ་རྒྱུགས་སྤྲོད་རེ་ཞུ་ཞིབ་བཤེར་མ་བྱས་པའམ་ཡང་ན་ཐོབ་ཐང་ཞིབ་བཤེར་གྱི་ཚད་གཞི་མ་ལོན་ཚེ་ལས་གནས་གཞན་དག་ལ་བསྒྱུར་མི་ཆོག
3.མིང་ཐོ་འགོད་པའི་གོ་རིམ་ཨང་གྲངས་འཚོལ་བཤེར། ཐོབ་ཐང་ཞིབ་བཤེར་བྱས་ཟིན་པའི་རྒྱུགས་སྤྲོད་མཁན་གྱིས2025ལོའི་ཟླ10པའི་ཚེས28ཉིན་གྱི་ཆུ་ཚོད8:00ཀྱི་རྗེས་ནས་ཆེད་དོན་དྲ་ཚིགས་སྟེང་མིང་ཐོ་འགོད་པའི་གོ་རིམ་ཨང་གྲངས་འདྲི་རྩད་བྱས་ཆོག མིང་ཐོ་འགོད་པའི་གཏན་འཁེལ་དང་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་བྱེད་དུས་མིང་ཐོ་འགོད་པའི་གོ་རིམ་ཨང་གྲངས་འདོན་སྤྲོད་བྱེད་དགོས་པས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས།
གསུམ། མིང་ཐོ་བཀོད་ནས་གཏན་འཁེལ།ཐོབ་ཐང་ཞིབ་བཤེར་བྱས་ཟིན་པའི་རྒྱུགས་སྤྲོད་མཁན་གྱིས2025ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད0:00ནས་ཟླ11པའི་ཚེས6ཉིན་གྱི་ཆུ་ཚོད24:00བར་ཆེད་དོན་དྲ་ཚིགས་སྟེང་དྲ་ཐོག་ཏུ་མིང་ཐོ་འགོད་པ་གཏན་འཁེལ་བྱས་ནས་གྲོན་དངུལ་སྤྲོད་དགོས། བཞི། དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་བྱེད་པ།རྒྱུགས་སྤྲོད་མཁན་གྱིས2025ལོའི་ཟླ11པའི་ཚེས24ཉིན་གྱི་ཆུ་ཚོད0:00ནས་ཟླ11པའི་ཚེས30ཉིན་གྱི་ཆུ་ཚོད15:00བར་ཆེད་དོན་དྲ་ཚིགས་སྟེང་རྒྱུགས་སྤྲོད་འཛིན་ཡིག་དཔར་དགོས། གལ་ཏེ་གནད་དོན་ལ་འཕྲད་ན། རང་ས་གནས་ཀྱི་རྒྱུགས་སྤྲོད་ལས་ཁུངས་དང་འབྲེལ་བ་བྱས་ནས་ཐག་གཅོད་བྱེད་རོགས།
བཞི། དུས་ཚོད་དང་ས་གནས།
ཡིག་རྒྱུགས་ཀྱི་དུས་ཚོད་ནི། 2025ལོའི་ཟླ11པའི་ཚེས30ཉིན་གྱི་སྔ་དྲོའི་ཆུ་ཚོད9:00ནས11:00བར་དང་།2025ལོའི་ཟླ11པའི་ཚེས30ཉིན་གྱི་ཕྱི་དྲོའི་ཆུ་ཚོད14:00ནས17:00བར་རེད།
རྒྱུགས་སྤྲོད་མཁན་གྱིས2026ལོའི་ཟླ1པོར་ཆེད་དོན་དྲ་ཚིགས་སྟེང་ཡིག་རྒྱུགས་སྐར་གྲངས་དང་ཚད་ཐིག་སྐར་གྲངས་འདྲི་རྩད་བྱས་ཆོག་པ་དང་ཞིབ་ཕྲའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་རྒྱུ།
རྒྱལ་ཁབ་གཞུང་ཞབས་པ་ཅུའུ།
2025ལོའི་ཟླ10པ།