གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་གསར་གཏོད་སྲིད་ཇུས་དོན་ཐོག་ཏུ་འགྱུར་བར་སྐུལ་འདེད་བཏང་ནས། གཞི་རིམ་ཞབས་ཞུའི་དོ་དམ་དང་དམངས་ཚིས་འགན་སྲུང་ལས་དོན་ལེགས་པར་སྒྲུབ་པའི་ནུས་ཤུགས་དང་ནུས་པ་སྔར་ལས་མང་པོ་ལྡན་པར་བྱ་ཆེད། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྡེ་ཁུལ་ཀྱི་ཆེད་གཉེར་ལས་དོན་པ15བསྡུ་རྒྱུ་ཡིན་ཞིང་། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ་ལྟར།
གཅིག ལས་གནས་ཀྱི་དགོས་མཁོ།
གཉིས། ལས་བསྡུའི་ཆ་རྐྱེན།
1.ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། ཏང་རྩ་འཛུགས་ཀྱི་ཆོད་དོན་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་དང་། ཆབ་སྲིད་ཀྱི་དད་སེམས་བརྟན་པོ་ལྡན་པ།
2ཆབ་སྲིད་དང་བསམ་བློའི་བྱང་ཚད་བཟང་ཞིང་། ལས་རིགས་ཀུན་སྤྱོད་དང་། ལས་སྒྲུབ་ཀྱི་སེམས་དང་འགན་འཁྲིའི་འདུ་ཤེས་ཆེ་བ། སྤྱོད་ཚུལ་དྲང་བ། ཚོགས་པའི་མཉམ་ལས་དང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ།
3.འབྲེལ་གཏུག་དང་མཐུན་སྦྱོར་ཀྱི་ནུས་པ་ཅུང་ཆེ་ཞིང་། འགལ་བ་དང་གློ་བུར་དུ་བྱུང་བའི་ལས་འཛོལ་སྣ་ཚོགས་ཐག་གཅོད་ཐུབ་པ་དང་། ལས་ཀ་དྲང་བདེན་དང་། སྤྱོད་གཙང་། སྤྲོ་སེམས་འཁོལ་བའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ། བྱས་རྗེས་འཇོག་པའི་སྙིང་སྟོབས་ལྡན་པ།
4.གཞུང་ལས་ཁང་གི་མཉེན་ཆས་བཀོལ་སྤྱོད་ཐད་བྱང་ཆ་ལྡན་ཞིང་། རྩོམ་འབྲིའི་ནུས་པ་ཡང་ལྡན་པ།
5.ལུས་ཁམས་བདེ་ཐང་དང་ནད་རིགས་ཚབས་ཆེན་མེད་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་པར་འཇོན་པ་དང་། རང་གི་ལས་ཀའི་འགན་འཁུར་ཐུབ་པ།
6.ལས་གནས་ལ་མཁོ་བའི་ཆ་རྐྱེན་གཞན་དག་འཛོམས་པ།
གསུམ། ལས་བསྡུའི་གོ་རིམ།
མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཐོབ་ཐང་བསྐྱར་བཤེར། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། ཡོངས་བསྒྲགས་སོགས་ཀྱི་གོ་རིམ་ལྟར་བསྡུ་རྒྱུ་རེད།
1མིང་ཐོ་འགོད་པའི་དུས་ཚོད་ནི། 2025ལོའི་ཟླ10པའི་ཚེས14ཉིན་གྱི་ཆུ་ཚོད09:00ནས2025ལོའི་ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད20:00བར་རེད།
2.ཞིབ་བཤེར་བྱེད་པའི་དུས་ཚོད་ནི། 2025ལོའི་ཟླ10པའི་ཚེས14ཉིན་གྱི་ཆུ་ཚོད09:00ནས2025ལོའི་ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18:00བར་རེད།
3.གྲོན་དངུལ་སྤྲོད་པའི་དུས་ཚོད་ནི། 2025ལོའི་ཟླ10པའི་ཚེས14ཉིན་གྱི་ཆུ་ཚོད09:00ནས2025ལོའི་ཟླ10པའི་ཚེས25ཉིན་གྱི་ཆུ་ཚོད20:00བར་རེད།
དྲུག བློ་འདྲི་ཁ་པར་དང་ས་གནས།
གཅིག མིང་ཐོ་འགོད་ས་སྡེ་ཁག་གི་ས་གནས་དང་ཁ་པར།
མིང་ཐོ་འགོད་སའི་ལས་ཁུངས།
མཚོ་སྔོན་ཤེས་ལྡན་པ་འཕེལ་རྒྱས་ཚོགས་པའི་ཚད་ཡོད་ཀུང་སི།
ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྥུའུ་ཞིན་ལམ་ཨང2པའི་ནུས་ཁུངས་ཐོག་ཁང་གི་བྱང་སྒོའི་ཐོག་བརྩེགས9པ(མཚོ་སྔོན་ཤེས་ལྡན་པའི་རྒྱུགས་ལེན་ཞབས་ཞུ་ལྟེ་གནས།)
ཁ་པར། 0971-6337153
གཉིས། ལྟ་སྐུལ་ཁ་པར།
ལས་ཁུངས། དམར་གཙང་ཆུས་དམངས་དོན་ཅུའུ།
ཁ་པར། 0972-8612195
མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་དམངས་སྲིད་ཅུའུ།
2025ལོའི་ཟླ10པའི་ཚེས11ཉིན།