ཟླ9པའི་ཚེས9ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་རྒྱས་འཛོམས་གྲོས་ཚོགས་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་ལ། སློབ་སྦྱོང་སློབ་གསོའི་ཕན་འབྲས་ཉམས་མྱོང་སྤྱི་སྡོམ་བྱས་ཤིང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་ཟབ་མོ་བཏང་སྟེ། སྲིད་གྲོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བཞག་སྟེ། ལངས་གནས་མཐོ་ས་ནས་འཆར་འགོད་དང་། སྤུས་ཚད་མཐོན་པོས་སྐུལ་འདེད། ཚད་གཞི་མཐོན་པོས་དོན་འཁྱོལ་བཅས་བྱས་པ་དང་། སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ནས་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་། ནང་ཁུལ་དང་རང་ངོས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ལ། དོན་དངོས་བྱ་སྤྱོད་ལ་བརྟེན་ནས་དག་ཐེར་བཅོས་སྐྱོང་བྱས་པ་དང་། དངོས་སློབ་དངོས་བཤེར་དངོས་བསྒྱུར་བཅས་ཀྱི་ཕྱོགས་ནས་ཕན་འབྲས་ལེགས་པོ་བླངས་ཏེ། སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པའི་གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པའི་ཆབ་སྲིད་ཀྱི་ཡིད་རྟོན་དང་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་ལ་སྔར་ལས་ཤུགས་བསྣན་པ་དང་། སྒྲིག་ཁྲིམས་བརྩི་སྲུང་དང་ཁག་ཁུར་ལས་སྒྲུབ། དངོས་སྒྲུབ་སྔོན་བརྩོན་བཅས་ཀྱི་སྣང་ཚུལ་སྔར་ལས་ཇེ་ལེགས་སུ་བཏང་སྟེ། བློ་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྡུད་ལ་སྔར་ལས་སྤུས་ཀ་དང་ཆུ་ཚད་ལྡན་པར་སྐུལ་འདེད་བཏང་།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་མཇུལ་སྒྲིལ་བ་ནི་སྤྱོད་ཚུལ་འཛུགས་སྐྱོང་གི་མཐར་ཐུག་མིན་པར་འགོ་རྩོམ་ས་གསར་བ་དེ་ཡིན། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ནམ་རྒྱུན་གཏིང་ཟབ་སྒོས་དམ་འཛིན་དང་ཡུན་རིང་དམ་འཛིན་བྱེད་པའི་བསམ་བློའི་འདུ་ཤེས་དམ་པོར་བཙུགས་ནས། རང་རྟོགས་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་བརྩི་སྲུང་ནན་མོ་བྱེད་པའི་གོམས་སྲོལ་བཟང་པོ་ཆགས་པར་བྱེད་དགོས། ནམ་རྒྱུན་གནད་དོན་རྙེད་པ་དང་གནད་དོན་ཐག་གཅོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། སྤྱོད་ངན་བཞིའི་གནད་དོན་རྒྱུན་མཐུད་ངང་ཡོ་བསྲང་བྱས་ཏེ། དམིགས་བསལ་སྨྲ་བ་དང་ཁ་གསབ་སེམས་ཁམས་སོགས་ནོར་འཁྲུལ་འདུ་ཤེས་མཐའ་གཅིག་ཏུ་སེལ་བ་དང་། སྒྲིག་འགལ་ཟ་འཐུང་དང་སྒྲིག་འགལ་གྱི་ལེགས་སྐྱེས་སྟེར་ལེན། ཁག་ཁུར་ལས་སྒྲུབ་མི་བྱེད་པ་སོགས་ཆེད་དོན་ལེགས་བཅོས་ལ་སྐུལ་འདེད་ནན་མོ་བཏང་ནས། དམ་འཛིན་མཐིལ་ཕྱིན་དང་མཐའ་གཅིག་ཏུ་ནན་མོ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། འགན་འཁྲི་གཙོ་བོ་དང་འགན་འཁུར་མི་སྣ་དང་པོའི་འགན་འཁྲི། ལྟ་སྐུལ་འགན་འཁྲི། ལས་གནས་གཅིག་ལ་འགན་འཁྲི་གཉིས་སོགས་རིམ་པ་བཞིན་དུ་དོན་འཁྱོལ་བྱེད་ཅིང་། སྒྲིག་ལམ་ནན་མོར་བརྟེན་ནས་སྤྱོད་ཚུལ་ལེགས་པོ་འཛུགས་པ་དང་། ཏང་འཛུགས་སྣེ་ཁྲིད་འགན་སྒྲུབ་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་བཏོད་དགོས། སློབ་སྦྱོང་སློབ་གསོ་སྤེལ་བའི་གྲུབ་འབྲས་དེ་འགན་སྒྲུབ་ཁག་ཁུར་གྱི་སྒུལ་ཤུགས་དྲག་པོར་བརྩིས་ནས། སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཨུ་ཡོན་གྱི་ལས་ཀའི་རྣམ་འགྱུར་ལེགས་བསྒྱུར་དང་། ངར་ཤུགས་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་ཇེ་ཆེར་གཏོང་བ་བཅས་ལ་སྣེ་ཁྲིད་བྱེད་པ་དང་། རང་རྟོགས་སྒོས་དྲིན་གཟོ་ཤེས་པ་དང་བརྩེ་སེམས་ཡོད་པ། དངོས་གཉེར་གཙོར་འཛིན་བཅས་ཀྱི་འབོད་སྐུལ་ལག་བསྟར་བྱས་ཏེ། བྱ་སྤྱོད་དངོས་ལས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མི། ལས་ཁུངས་ཏང་ཙུའུ་ཡི་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་དང་། ཚོགས་སྡོད་ཀྲུའུ་རིན་གཞོན་པ། ལས་ཁུངས་ཀྱི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་བཅས་ཚོགས་འདུར་ཞུགས།