བྱ་བའི་དགོས་མཁོའི་དབང་གིས། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཡོངས་འཛིན་གྱི་རྨང་གཞིའི་གཞི་གྲངས་ཐོན་ཁུངས་ཞིབ་འཇུག་གསར་སྤེལ་གྱི་གནས་སྐབས་མི་སྣ6བསྡུ་རྒྱུ་དང་། ད་ལྟ་ལས་བསྡུའི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།
གཅིག ཆ་རྐྱེན།
1. ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡིན་པ།
2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཅས་ཡིན་དགོས།
3.འགན་འཁྲི་ལག་བསྟར་བྱེད་པའི་ལུས་ཕུང་བདེ་ཐང་དང་སེམས་ཁམས་ཀྱི་བྱང་ཚད་མཐོན་པོ་ཡིན་པ།
4 ཉིན་ཧྲིལ་བོ་ལམ་ལུགས་ཀྱི་ཞིབ་འཇུག་སློབ་མའི་སློབ་ལོ་ལྡན་པ་དང་བོད་ཡིག་གི་ཆ་འཕྲིན་ལག་རྩལ། རྒྱ་བོད་ལོ་ཙཱ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་སོགས་ཀྱི་འབྲེལ་ཡོད་ཆེད་ལས་ཡིན་དགོས།
5བླང་བྱ་གཞན་པ། སྤྱོད་ལམ་བཟང་པོ་དང་སྒྲིག་ཁྲིམས་བརྩི་སྲུང་། ཐུན་མོང་ལ་མཐུན་སྒྲིལ་བྱེད་པ། ཆ་འཕྲིན་ལག་རྩལ་ལས་དོན་ལ་དགའ་བ། འབྲེལ་གཏུག་དང་མཉམ་ལས་ཀྱི་ནུས་པ་ལྡན་པ།
6བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་དང་མཐུན་པ།
གཉིས། མིང་ཐོ་འགོད་པའི་དུས་ཚོད།
2025ལོའི་ཟླ6པའི་ཚེས25ཉིན་ནས་ཟླ7པའི་ཚེས1ཉིན་བར་ཡིན།
གསུམ། ཡུལ་དངོས་ཀྱི་མིང་ཐོ་འགོད་གནས།
མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཞིབ་འཇུག་ལྟེ་གནས།
བཞི། དྲ་ཐོག་གི་མིང་ཐོ་འགོད་སྟངས།
ཡིག་ཟམ་ལམ་ནས་མིང་ཐོ་འགོད་དགོས། ཡིག་ཟམ་ཨང་གྲངས 745781511@qq.com
ལྔ། འབྲེལ་གཏུགས་བྱེད་མཁན།
ཀླུ་མོ་འཚོ། ཁ་པར 13897148265
དྲུག ཡིག་རྒྱུགས་ལེན་པའི་དུས་ཚོད།
2025ལོའི་ཟླ7པའི་ཚེས2ཉིན་གྱི་སྔ་དྲོའི་ཆུ་ཚོད་09:00ནས11:00བར་རེད།
བདུན། ཁ་རྒྱུགས་ལེན་པའི་དུས་ཚོད།
2025ལོའི་ཟླ་7པའི་ཚེས2ཉིན་གྱི་ཕྱི་དྲོའི་ཆུ་ཚོད15:00ནས17:00བར་རེད།