ཟླ6པའི་ཚེས15ཉིན། སྐབས་བཅུ་བདུན་པའི་མཚོ་འགག་གླེང་སྟེགས་ཚོགས་ཆེན་ཞ་མོན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཟླ6པའི་ཚེས15ཉིན། སྐབས་བཅུ་བདུན་པའི་མཚོ་འགག་གླེང་སྟེགས་ཚོགས་ཆེན་ཞ་མོན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། འདི་ནི་ཚོགས་ཆེན་གྱི་སྔོན་ལ། ཝང་ཧུའུ་ཉིང་གིས་མ་དབྱིན་ཅིའུ་སོགས་གླེང་སྟེགས་ལ་ཞུགས་པའི་ཐའེ་ཝན་གྱི་སྐུ་མགྲོན་དང་འཐུས་མིར་ཐུག་འཕྲད་གནང་བའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས15ཉིན། སྐབས་བཅུ་བདུན་པའི་མཚོ་འགག་གླེང་སྟེགས་ཚོགས་ཆེན་ཞ་མོན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་ཡིན་པས། སུས་ཀྱང་ང་ཚོའི་ཁྲག་རྒྱུན་དང་གཉེན་ཉེའི་འབྲེལ་བ་གཅོད་མི་ཐུབ་ལ། སུས་ཀྱང་མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བཀག་འགོག་བྱེད་མི་ཐུབ་པར་ནན་གྱིས་བསྟན་ཡོད། མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་ཆེ་ན། ངོགས་གཉིས་ཀྱི་སྤུན་ཟླ་དེ་བས་ལེགས་པོར་འགྱུར་སྲིད། ང་ཚོས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་རིག་གནས་སྲུང་སྐྱོང་བྱེད་མཁན་དང་མི་རིགས་བསྐྱར་དར་གྱི་མཉམ་སྐྱོད་པ། ངོགས་གཉིས་ཀྱི་ཞི་བདེའི་སྲུང་སྐྱོང་བྱེད་མཁན་བཅས་བྱས་ནས། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐུན་མོང་ཐོག་གཏོད་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་རྒྱལ་གཅེས་རིང་ལུགས་ལྟེ་བར་འཛིན་པའི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱས་པ་དང་། རྒྱལ་གཅེས་རིང་ལུགས་གནའ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ཁྲོད་དུ་སིམ་པར་བྱས་ཡོད། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་ཡིན་ལ། ཐའེ་ཝན་ཕྱིར་ལོག་ནས་ལོ་འཁོར80ལོན་པའི་ལོ་ཡང་ཡིན། ཐའེ་ཝན་ཕྱིར་ལོག་པ་ནི་ཀྲུང་ཧྭ་བུ་ཕྲུག་གི་མི་རིགས་དྲན་ཤེས་དང་ཐུན་མོང་གི་གཟི་བརྗིད་ཅིག་ཡིན་པས། ལོ་རྒྱུས་ངེས་པར་དུ་ཡིད་ལ་འཛིན་དགོས་པ་དང་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་ངེས་པར་དུ་སྲུང་སྐྱོང་བྱ་དགོས། ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“92ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ཏེ།“ཐའེ་ཝན་རང་བཙན”ཁ་བྲལ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱས་ཏེ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་ལས་འགན་བླ་ན་མེད་པའི་གཟི་བརྗིད་དང་མདུན་ལམ་ཧ་ཅང་འོད་སྟོང་འཕྲོ་བའི་བྱ་གཞག་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཡུན་རིང་འཕེལ་རྒྱས་ཀྱི་ཐོག་ནས། ངོགས་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ཁོང་དུ་ཆུད་པ་དང་། སྤུན་ཟླ་ཐའེ་ཝན་གྱི་རྒྱབ་རྟེན་དང་བརྟེན་ས་བརྟན་པོ་བྱེད་པ། སྤུན་ཟླ་ཐའེ་ཝན་དང་ལག་གདང་སྦྲེལ་ནས་བདེ་སྐྱིད་ཡུན་རིང་བརྩོན་ལེན་དང་མཛེས་སྡུག་གི་མ་འོངས་པ་མཉམ་སྐྲུན་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་འདོད་ལ་བསྟུན་ནས་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་ཝན་ལ་བརྩི་འཇོག་དང་གཅེས་སྐྱོང་། བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་འབད་བརྩོན་བྱས་ཏེ། ཐའེ་ཝན་སྤུན་ཟླ་ལ་ཐོབ་སྣང་དང་སྐྱིད་སྣང་། གཏོགས་སྣང་བཅས་སྔར་ལས་མང་པོ་ལྡན་པར་བྱེད་དགོས། ངོགས་གཉིས་ཀྱི་གཞོན་ནུ་ཚོས་ཀྲུང་གོ་བ་ཡིན་པའི་བློ་སྟོབས་དང་ལ་རྒྱ། སྤོབས་ཤུགས་བཅས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་ཐུན་མོང་ཐོག་མུ་མཐུད་དུ་འབྲི་དགོས།
ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་མ་དབྱིན་ཅིའུ་ཡིས་ཤིས་ཚིག་གནང་སྐབས་བསྟན་དོན། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུ་ནི་ངོགས་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་བ་ཡིན། ངོགས་གཉིས་ཀྱི་ཀྲུང་གོ་བའི་རྩ་བ་གཅིག་མཐུན་དང་འབྱུང་ཁུངས་གཅིག་མཐུན་གྱི་རང་བྱུང་བརྩེ་དུང་ལ་བཀག་འགོག་བྱེད་ཐབས་བྲལ་བ་དང་། ངོགས་གཉིས་ཀྱི་དམངས་ཁྲོད་ཀྱི་སྤེལ་རེས་དང་འགྲོ་འོང་ལ་དེ་བས་བཀག་འགོག་བྱེད་ཐབས་བྲལ་བ་ཡིན། “92ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་དང་།“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་ཀྱི་རྨང་གཞིའི་ཐོག ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤུན་ཟླའི་ཕན་ཚུན་ཡིད་ཆེས་དང་ཁས་ལེན་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་དར་རྒྱས་ཡོང་བར་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད། ཐའེ་ཝན་སྤུན་ཟླའི་འཐུས་མི་གཞན་དག་གིས་ཀྱང་གཏམ་བཤད་གནང་།
ཚོགས་ཆེན་སྔོན་ལ། ཝང་ཧུའུ་ཉིང་གིས་གླེང་སྟེགས་ནང་ཞུགས་མཁན་ཐའེ་ཝན་གྱི་སྐུ་མགྲོན་དང་འཐུས་མིར་ཐུག་འཕྲད་གནང་།
ཚེས14ཉིན་གྱི་ཕྱི་དྲོར། ཝང་ཧུའུ་ཉིང་གིས་ད་དུང་ཞ་མོན་གྱི་ཐུང་ཨན་ཐའེ་དབན་ཞིང་པའི་ལས་གཏོད་གླིང་དུ་བརྟག་དཔྱད་ཞིབ་འཇུག་བྱས། །