ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ6པའི་ཚེས19ཉིན།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།   ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་པ་དང་།   ཞིང་ཆེན་སྲིད་གྲོས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པན་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གི་མཇལ་འཕྲད་དང་ལེན་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བ་དང་ཁྱད་པར་དུ་མི་རིགས་ཆོས་ལུགས་དང་བོད་འབྲེལ་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་གཞི་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ།  ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་དགོས། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཁྲིན་ཡོན་སྐུ་འཁྲུངས་ནས་ལོ་ངོ120འཁོར་བར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས།  བློ་མཐུན་ཁྲིན་ཡོན་གྱི་བླ་ན་མེད་པའི་གཤིས་རྒྱུད་དང་ཕུན་སུམ་ཚོགས་པའི་འགོ་ཁྲིད་ཀྱི་ཉམས་མྱོང་།  ཚན་རིག་དང་མཐུན་པའི་བསམ་བློའི་བྱེད་ཐབས་དང་བྱ་བའི་བྱེད་ཐབས་ལ་སློབ་སྦྱོང་བྱས་ཏེ།  སློབ་སྦྱོང་གི་གྲུབ་འབྲས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དངོས་ཡོད་གྲུབ་འབྲས་སུ་བསྒྱུར་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱེད་པ།  སྲིད་གྲོས་ཀྱི་དངོས་ཡོད་བྱ་བ་དང་དམ་དུ་སྦྲེལ་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་དཀའ་ཁག་ལ་དམ་པོར་དམིགས་པ།  བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ།  ནན་ཏན་སྒོས་འགན་ནུས་ལེགས་པོར་སྒྲུབ་པ་བཅས་བྱས་ནས་འཕེལ་རྒྱས་བཅོས་སྒྱུར་གྱི་གྲུབ་འབྲས་དེ་སྔར་ལས་ཕུན་སུམ་ཚོགས་པ་དང་འདྲ་མཉམ་གྱི་སྒོ་ནས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ཐོབ་པའི་ཐད་ནས་སྲིད་གྲོས་ཀྱི་བྱས་རྗེས་མངོན་པར་བྱ་དགོས། 

གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཡི་ཏང་འཛུགས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་སོགས་ལ་ཉན།  གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་འབད་པས་འཛིན་པ་དང་།  ནན་ཏན་སྒོས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ།  ཆབ་སྲིད་འཛུགས་སྐྲུན་གྱི་གཞི་རྩ་འབུར་དུ་ཐོན་པར་བྱས་ནས།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དེ་གོ་སྐབས་སུ་བྱས་ཏེ།  ཉེན་ཟོན་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།  གཏིང་ཟབ་པའི་ངང་གྱོད་དཔེ་གཞིར་བཟུང་ནས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ།  སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གསར་པས་ཏང་འཛུགས་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་།  ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་བྱས་ནས་དུས་རབས་ཀྱི་དབྱངས་རྟ་གཙོ་བོ་མཐོན་པོར་གྱེར་ཏེ།  མཐུན་སྒྲིལ་འབད་འཐབ་ཀྱི་ལྟེ་མཐུན་སྒོར་དབྱིབས་ལེགས་པོར་འབྲི་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་འཚོགས་པའི་སྐོར་གྱི་བཀོད་སྒྲིག་བསམ་འཆར་ལ་གྲོས་ཞིབ་བྱས།  གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  ངེས་ཟིན་མཐོ་རུ་གཏོང་བ་དང་།  གཟབ་ནན་ཞིབ་ཚགས་དང་དངོས་གཉེར་གྱི་ལས་ཕྱོད་མཐོན་པོར་བརྟེན་ནས།  གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་པ་དང་གྲོས་ཚོགས་བདེ་བླག་ངང་འཚོགས་ཐུབ་པར་ཁེག་ཐེག་བྱེད་དགོས་ཞེས་བསྟན།

རིན་ཆེན་རྣམ་རྒྱལ།  ཁོང་ཡུང་།  ཝང་ཞོན།  ཝང་ཀྲིན་ཁྲང་།  ལིས་ཞའོ་ནན།  ཐེན་ཁུའེ།  ལིའུ་ཏ་ཡེ།  མཱ་ཡུའེ་ཞང་།  ཞེ་པའོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།