ཚེས24ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ14ཡིས“དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི”སྐོར་ནས་ཚོགས་ཆེན་དུ་གཏམ་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས།
ཚེས24ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན14ཡིས“དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་སྔར་ལས་ཟབ་སྤེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི”སྐོར་ནས་ཚོགས་ཆེན་དུ་གཏམ་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས།
རྒྱུན་ལས་ཨུ་ཡོན་ཚའོ་ཝེ་ཞིན་གྱིས་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྐབས། ཕན་ནུས་ལྡན་པའི་ཚོང་ར་དང་སྲིད་གཞུང་ལ་ཟུང་འབྲེལ་སྔར་ལས་ལེགས་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕན་མཐོ་ཚད་ལྡན་དང་དྲང་གཞག་འགྲན་རྩོད། ཕྱོགས་ཡོངས་སྒོ་འབྱེད་བཅས་ཀྱི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཞུས་ཞའོ་ལན་གྱིས་གཏམ་བཤད་སྐབས། ཡུན་ཕན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། དམངས་གཉེར་དཔལ་འབྱོར་གྱི་རྩ་འཛུགས་དེ་རྒྱལ་ཁབ་ཀྱི་ལག་རྩལ་འགག་སྒྲོལ་ནང་ཞུགས་རྒྱུར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ལིག་ཀྲུང་ཧྥན་གྱིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྐབས། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་སྒྲིག་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཀྲང་ལེན་གྱིས་གཏམ་བཤད་སྐབས། དམངས་ཚིས་ཁྱབ་ཁོངས་ཀྱི་བྲེལ་དཀའ་ཁྲལ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ནས་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་། “མི་ལ་དམིགས་པའི་དངུལ་གཏོང”བརྒྱུད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཡའོ་ཨའེ་ཞིན་གྱིས་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྐབས། ནོར་ཁྲལ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱས་ནས། འགན་འཁྲི་གསལ་བོ་དང་ནོར་ཤུགས་མཐུན་སྦྱོར། ས་ཁོངས་དོ་སྙོམས་བཅས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་མགྱོགས་མྱུར་གྱིས་ཆགས་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཡུས་ཀང་གིས་གཏམ་བཤད་སྐབས། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་པ་དང་། དམངས་གཉེར་དཔལ་འབྱོར་དང་ཚན་རྩལ་གསར་གཏོད་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་དངུལ་རྩ་མཁོ་འདོན་བྱེད་དགོས་པ་བཏོན། རྒྱུན་ལས་ཨུ་ཡོན་ལི་ཧྲི་ཅེ་ཡིས་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྐབས། སྣ་མང་ཅན་གྱི་དངུལ་གཏོང་འཕར་སྣོན་གྱི་སྒྲིག་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་། མ་འོངས་པའི་ཐོན་ལས་སྐྱེད་སྲིང་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཡན་དབྱིང་གིས་གཏམ་བཤད་སྐབས། རྩིས་ཤུགས་ཐོན་ཁུངས་ཀྱི་ཕན་མཐོའི་སྒྲིག་བཀོད་ལ་སྐུལ་འདེད་བཏང་ནས། ལས་རིགས་ཀྱི་དཔེ་རྣམ་ཆེན་པོ་དང་སྤྱི་སྤྱོད་ཀྱི་དཔེ་རྣམ་ཆེན་པོ་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ཨུ་ལི་ཧུའེ་ཏུང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྐབས།
ཞིང་ལས་ལག་རྩལ་ཁྱབ་སྤེལ་བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱས་ཏེ། ལག་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ནུས་ལྡན་ཟུང་འབྲེལ་དང་། ལག་རྩལ་ཞབས་ཞུ་དང་ཐོན་ལས་དགོས་མཁོ་འབྲེལ་མཐུད་ནུས་ལྡན་ཡོང་བར་བྱེད་དགོས་པ་བཏོན། རྒྱུན་ལས་ཨུ་ཡོན་ཝང་ཞའོ་ཏུང་གིས་གཏམ་བཤད་སྐབས། རྫོང་མཁར་དང་གྲོང་ཁྱེར་འབྲེལ་མཐུད་དང་གྲོང་གསེབ་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཏོན། རྒྱུན་ལས་ཨུ་ཡོན་ཧྥང་ཀོང་ཧྭ་ཡིས་གཏམ་བཤད་སྐབས། སྲིད་གཞུང་དང་། ཁེ་ལས། མཐོ་རིམ་སློབ་གྲྭ་སོགས་ཕྱོགས་མང་པོས་མཉམ་དུ་འབད་བརྩོན་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་བྱེད་པར་ཡར་སྐུལ་གཏོང་དགོས་པ་བཏོན། རྒྱུན་ལས་ཨུ་ཡོན་ཧྥིན་ཀྲིན་ལིན་གྱིས་གཏམ་བཤད་སྐབས། ཁང་སའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བཏོད་དེ། མཁར་གྲོང་ཅན་གསར་པ་དང་ཐུན་མོང་ཕྱུག་འགྱུར་ལ་ཞབས་ཞུ་བསྒྲུབ་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ལི་ཡའོ་ཡིས་གཏམ་བཤད་སྐབས། དངུལ་གཏོང་དངུལ་བསྲེས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས་པ་དང་། ཞབས་ཞུ་ཉོ་འཚོང་གི་ལས་རྣམ་གསར་པ་རྒྱ་བསྐྱེད་དེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐུལ་བྱ་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཧུང་ཧུའེ་མུན་གྱིས་གཏམ་བཤད་སྐབས། ཧུར་ཐག་གིས་གདོང་གཏོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་ནས། ཕྱི་དངུལ་དང་ཕྱི་འཚོང་བརྟན་པོའི་ངང་སྤུས་ཚད་མཐོ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་གྱིས་ཚོགས་འདུར་འགོ་འཛིན་མཛད།