2025ལོར་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལས་བྱེད་པ1389བསྡུ་བའི་བརྡ་ཐོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

《2025ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་མི་བསྡུ་བའི་བྱ་བའི་ཇུས་གཞི》(མཚོ་སྲིད[2025]ཡིག་ཨང3པ)དང《མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱི་ཡོངས་བསྒྲགས་ངང་ལས་མི་བསྡུ་བའི་བྱེད་ཐབས》(མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་འགྲེམས་སྤེལ་བྱས་པའི[2015]ཡིག་ཨང་80བ)སོགས་ཡིག་ཆའི་གཏན་འབེབས་ལྟར།《2025ལོའི་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་ཆེད་ལས་ལག་རྩལ་པ་ཡོངས་བསྒྲགས་ངང་ལས་བསྡུའི་བྱ་བའི་ཇུས་གཞི》(མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་འགྲེམས་སྤེལ་བྱས་པའི[2025]ཡིག་ཨང31པ)ཡིག་ཆར་གཞིར་བཟུང་སྟེ ། ད་ལྟ2025ལོའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྒྲིག་ཁོངས་ནང་གི་སྨན་བཅོས་འཕྲོད་བསྟེན་པ1389བསྡུ་རྒྱུ་སྟེ།ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་མི་གྲངས།

2025ལོར་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྒྲིག་ཁོངས་ནང་གི་སྨན་བཅོས་འཕྲོད་བསྟེན་པའི་ལས་གནས་བསྡོམས་པས970ཡོངས་བསྒྲགས་བྱས་ཡོད། དེའི་ནང་ཞིང་ཆེན་ཐད་གཏོགས་ཀྱི་ལས་གནས333(རྒྱུགས་ལེན་ལས་གནས138དང་དཔྱད་ཞིབ་ལས་གནས195)ཡོད་པ་དང་། གྲོང་ཁྱེར་དང་ཁུལ་གྱི་ལས་གནས637(རྒྱུགས་ལེན་ལས་གནས600དང་དཔྱད་ཞིབ་ལས་གནས37)ཡོད། གོང་གསལ་གྱི་ལས་གནས་སུ་ཁྱོན་བསྡོམས་མི1389བསྡུ་རྩིས་ཡོད།

གཉིས། མིང་ཐོ་འགོད་སྟངས་དང་དུས་ཚོད།

ཐེངས་འདིའི་ལས་བསྡུ་ནི་དྲ་ཐོག་ཏུ་མིང་ཐོ་འགོད་པ་དང་། དྲ་ཐོག་ཏུ་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ཏུ་གྲོན་དངུལ་འཇལ་བ། དྲ་ཐོག་ཏུ་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་དང་པར་འདེབས་བཅས་ཀྱི་གོ་རིམ་བརྒྱུད་དགོས།

གསུམ། མིང་ཐོ་འགོད་པའི་དུས་ཚོད།

རྒྱུགས་ལེན་མཁན་གྱིས་དྲ་ཐོག་མིང་ཐོ་འགོད་པའི་དུས་ཚོད་ནི2025ལོའི་ཟླ4པའི་ཚེས24ཉིན་གྱི་ཆུ་ཚོད16ནས་ཟླ4པའི་ཚེས29ཉིན་གྱི་ཆུ་ཚོད12བར་ཡིན།

རྒྱུགས་ལེན་མཁན་གྱིས་ཆ་འཕྲིན་བཟོ་བཅོས་བྱེད་པའི་དུས་ཚོད་ནི2025ལོའི་ཟླ4པའི་ཚེས24ཉིན་གྱི་ཆུ་ཚོད16ནས་ཟླ4པའི་ཚེས29ཉིན་གྱི་ཆུ་ཚོད18བར་ཡིན།

མི་སྤྱོད་ལས་ཁུངས་ཀྱི་དྲ་ཐོག་ཞིབ་བཤེར་དུས་ཚོད་ནི2025ལོའི་ཟླ4པའི་ཚེས24ཉིན་གྱི་ཆུ་ཚོད16ནས་ཟླ4པའི་ཚེས29ཉིན་གྱི་ཆུ་ཚོད21བར་ཡིན།

གྲོན་དངུལ་འཇལ་བའི་དུས་ཚོད་ནི2025ལོའི་ཟླ་4ཚེས་24ཉིན་གྱི་ཆུ་ཚོད16ནས་ཟླ་4པའི་ཚེས30ཉིན་གྱི་ཆུ་ཚོད9བར་ཡིན།

དྲ་ཐོག་སྙོམ་སྒྲིག་དུས་ཚོད་ནི2025ལོའི་ཟླ4པའི་ཚེས30ཉིན་གྱི་ཆུ་ཚོད10ནས18བར་ཡིན།

བཞི། བློ་འདྲིའི་ཁ་པར། (ལས་ཉིན་གྱི་སྔ་དྲོའི་ཆུ་ཚོད9:00ནས12:00བར ། ཕྱི་དྲོའི་ཆུ་ཚོད14:30ནས17:30བར་ཡིན།)

ལག་རྩལ་ཞབས་ཞུའི་ཁ་པར་ནི།

0971-6264249དང་། 6233218(ཞིང་ཆེན་འཕྲོད་བསྟེན་ཤེས་ལྡན་མི་སྣ་སྤེལ་རེས་ཞབས་ཞུའི་ལྟེ་གནས།) ཡིན། 

སྒྲིག་ཁྲིམས་ལྟ་སྐུལ་ཁ་པར་ནི།

0971-8201875(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་མི་དོན་ཁྲུའུ)

0971-8203650(ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐད་གཏོགས་ལས་ཁུངས་ཀྱི་སྒྲིག་ཨུ།)ཡིན། 

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།  

2025ལོའི་ཟླ4ཚེས24ཉིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།