བྲག་དཀར་རྫོང་གིས་ཉེན་རྟོག་རམ་འདེགས་པ38བསྡུ་བའི་བརྡ་ཐོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན།《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་རམ་འདེགས་པའི་དོ་དམ་སྲོལ་ཡིག》གཞིར་བཟུང་སྟེ། བྲག་དཀར་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་དང་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་དཔྱད་ཞིབ་བྱས་པ་བརྒྱུད། བྲག་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཡོངས་ལ་ཁ་ཕྱོགས་ནས་ཉེན་རྟོག་རམ་འདེགས་པ38བསྡུ་བའི་འབྲེལ་ཡོད་བརྡ་ཐོ་གཤམ་གསལ།

གཅིག ལས་མི་བསྡུ་བའི་མི་གྲངས།

ཉེན་རྟོག་རམ་འདེགས་པ38བསྡུ་རྒྱུ། 

གཉིས། ཁྱབ་ཁོངས།

བྲག་དཀར་རྫོང་ལ་ཁ་ཕྱོགས་ནས་བསྡུ་རྒྱུ།

གསུམ། ཆ་རྐྱེན།

1.རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་དང་སྤྱོད་ལམ་ལེགས་པ། གཟུགས་པོ་བདེ་ཐང་དང་སྤྱི་བདེའི་བྱ་བར་མོས་པ།

2.ལས་གནས་ཀྱིས་བཏོན་པའི་བསླབ་གནས་ཀྱི་ཆ་རྐྱེན་ལྡན་དགོས།

3.སྐྱེས་པའི་གཟུགས་ཚད170cmཡན་དང་སྐྱེས་མའི་གཟུགས་ཚད160cmཡན་ཡིན་དགོས།

4.ལུས་སྟེང་དུ་ཁབ་གཙགས་རི་མོ་ཡོད་མི་རུང་།

5.ལོ18ཡན་ལོན་དགོས།

6.སྤྱི་བདེ་ལས་ཁུངས་ཀྱི་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་ཚང་དགོས།

བཞི། མིང་ཐོ་འགོད་པའི་དུས་ཚོད།

2025ལོའི་ཟླ4པའི་ཚེས12ནས་ཟླ4པའི་ཚེས20ཉིན་བར་མིང་ཐོ་དགོད་ཆོག །

མིང་ཐོ་འགོད་སྟངས།

ཡུལ་དངོས་ནས་མིང་ཐོ་འགོད་དགོས།

མིང་ཐོ་འགོད་སའི་ས་གནས།

བྲག་དཀར་རྫོང་སྤྱི་བདེ་ཅུས་ཀྱི་སུམ་ཐོག་ཡིན།

ཐོབ་ཐང་ཞིབ་བཤེར་དུས་ཚོད།

2025ལོའི་ཟླ4པའི་ཚེས12ནས་ཟླ4པའི་ཚེས20ཉིན་བར།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།