རང་རེའི་དྲ་བའི་འཕྲིན། 《2025ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྡུ་བའི་བྱ་བའི་ཇུས་གཞི》གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང(བྱིས་སྐྱོང་ཁང་། དམིགས་བསལ་སློབ་གསོ།)གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་དགེ་རྒན་བསྡུ་བའི་འཆར་འགོད་གཏན་འབེབས་བྱས་པ་དང་ཁྱོན་ལས་གནས1306ཡོད། འབྲེལ་ཡོད་བརྡ་ཐོ་གཤམ་གསལ།
གཅིག །མིང་ཐོ་འགོད་སྟངས་དང་དུས་ཚོད།
མིང་ཐོ་འགོད་སའི་དྲ་ཚིགས། མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་ཚིགས(www.qhjyks.com)བརྒྱུད་ནས་མིང་ཐོ་འགོད་དགོས།
མིང་ཐོ་འགོད་པའི་དུས་ཚོད། 2025ལོའི་ཟླ3པའི་ཚེས27ནས་ཟླ3པའི་ཚེས31ཉིན་བར།
ཆ་འཕྲིན་བཟོ་བཅོས་བྱེད་པའི་དུས་ཚོད། 2025ལོའི་ཟླ3པའི་ཚེས27ནས་ཟླ4པའི་ཚེས1ཉིན་བར།
ཞིབ་བཤེར་དུས་ཚོད། 2025ལོའི་ཟླ3པའི་ཚེས27ནས་ཟླ4པའི་ཚེས1ཉིན་བར།
གྲོན་དངུལ་སྤྲོད་པའི་དུས་ཚོད། 2025ལོའི་ཟླ3པའི་ཚེས27ནས་ཟླ4པའི་ཚེས1ཉིན་བར།
ལས་གནས་སྙོམས་སྒྲིག་དུས་ཚོད། 2025ལོའི་ཟླ4པའི་ཚེས2ཉིན།
རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་དུས་ཚོད། 2025ལོའི་ཟླ4པའི་ཚེས14ནས་ཟླ4པའི་ཚེས19ཉིན་བར།
གཉིས། བློ་འདྲི་ཡུལ།
ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུས། 0971-4393999
མཚོ་ཤར་གྲོང་ཁྱེར་སློབ་གསོ་ཅུས། 0972-8611713
མཚོ་ནུབ་ཁུལ་སློབ་གསོ་ཅུས། 0977-8299805
མཚོ་ལྷོ་ཁུལ་སློབ་གསོ་ཅུས། 0974-8510523
མཚོ་བྱང་ཁུལ་སློབ་གསོ་ཅུས། 0970-8642694
རྨ་ལྷོ་ཁུལ་སློབ་གསོ་ཅུས། 0973-8726908
ཡུལ་ཤུལ་ཁུལ་སློབ་གསོ་ཅུས། 0976-8826865
ཞིང་ཆེན་སློབ་གསོ་རྒྱུགས་ལེན་གླིང་། 0971-6304309
མ་ལག་ཐད་ཀྱི་བློ་འདྲི་ཁ་པར། 0971-6366344
ལས་མི་བསྡུ་བའི་ལྟ་སྐུལ་ཁ་པར། 0971-6310741