མགོན་པོ་བཀྲ་ཤིས་ཀྱིས་ཧོར་གྲོང་རྫོང་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་རྟོག་ཞིབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ3པའི་ཚེས19ཉིན།    རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་དུ་ཕེབས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་བྱས་པ་མ་ཟད་ད་དུང་འབྲེལ་ཡོད་རྟོག་ཞིབ་ལས་དོན་སྤེལ།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་གཏིང་ཟབ་བྱས་ཏེ།    ཞིང་ཆེན་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ།    དངོས་སྒྲུབ་སྔོན་ལ་དང་བཅོས་སྒྱུར་གཙོ་བོ་བྱས་ཏེ།    རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་མཆོང་སྐྱོད་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ།    ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་པ་བསྟན།      

ཧོར་གྲོང་ནི་རྒྱལ་ཡོངས་ཀྱི་ཧོར་རིགས་རང་སྐྱོང་རྫོང་འབའ་ཞིག་དེ་ཡིན།    ཉེ་བའི་ལོ་ཤས་རིང་ཧོར་གྲོང་རྫོང་གིས་མཚོ་སྔོན་འཚེམ་དྲུབ་ཐོན་ལས་གསོ་སྐྱོང་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལག་པ་གལ་ཆེན་ཞིག་ཏུ་བརྩིས་ཏེ།    “རྟེན་གཞི་དང་ཁེ་ལས།    བཟོ་ཁང་དང་ཞིང་དུད་བཅས་ཀྱི་ཐོན་སྐྱེད་བྱེད་སྟངས་འཚོལ་ཞིབ་དང་ཆགས་པ་དང་།    ཧོར་གྲོང་མཚོ་སྔོན་འཚེམ་དྲུབ་(སྡེར་འཚེམ)ཐོན་ལས་རྟེན་གཞི་བསྐྲུན་ཡོད།     མགོན་པོ་བཀྲ་ཤིས་ཐོག་མར་ཐོན་ལས་རྟེན་གཞིར་ཕེབས་ནས་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་ཁང་དང་།    མི་རིགས་གྱོན་ཆས་འགྲེམས་ཁང་།    རིག་གནས་གསར་གཏོད་ཐོན་རྫས་འགྲེམས་ཁང་སོགས་སུ་བསྐྱོད་དེ་མཚོ་སྔོན་འཚེམ་དྲུབ་ལག་རྩལ་དང་།    འཚེམ་དྲུབ་བརྩེགས་མཁན་གསོ་སྐྱོང་།    ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས།     ཁོང་གིས་སྲོལ་རྒྱུན་གྱི་ལག་ཤེས་ལག་རྩལ་དེ་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་བྱས་ཏེ་འཚེམ་དྲུབ་ཐོན་ལས་ཡག་པོ་བྱས་ནས་སྔར་ལས་མང་བའི་འཚེམ་དྲུབ་བརྩེགས་མཁན་གྱི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་རྒྱུར་སྐུལ་ཁྲིད་བྱ་དགོས།    

དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར་རྫོང་སྲིད་གྲོས་ཨུ་ཡོན་འཐུས་མི་དང་།    ལས་བྱེད་པ་དང་ལས་བཟོ་ཁག་གཅིག    གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ལས་ཞུགས་མི་སྣར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་དྲིལ་སྒྲོག་བྱས་པ་དང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་འགན་འཁྲི་ལག་བསྟར་བྱས་ཚུལ་ངོ་སྤྲོད་བྱས།     རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་འཐུས་མི་ཧོར་གྲོང་རྫོང་ཨུའི་ཧྲུའུ་ཅི་ཝང་གོ་ཏུང་གིས་མི་སྒེར་གྱི་ལས་འགན་སྒྲུབ་པའི་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་སྒྲོག་བྱས།    མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་།    དྲིལ་སྒྲོག་ལེགས་པོ།    ལག་བསྟར་ཡག་པོ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་དང“ལོ་གསར་གྱི་ཚོགས་འདུ་དང་པོའི”བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཡིད་ཆེས་བརྟན་པོ་དང་།   བྱ་བ་དངོས་ཀྱིས་སྔོན་ལ་བརྩོན་ལེན་བྱས་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།    ལས་ཞུགས་དང་འཕེལ་རྒྱས་ལ་སྐུལ་འདེད་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་དོན་གཅིག་གྱུར་འཆར་འགོད་ལེགས་པར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།     

མགོན་པོ་བཀྲ་ཤིས་དང་བཅས་པ་ད་དུང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ཧྲི་ཏུང་ཧྭ་ཡིས་གཉེར་སྐྱོང་བྱེད་པའི་ན་ཏུན་གཞིས་ཁར་འཚམས་འདྲིར་བཅར་འདྲི་བྱས་ནས། ཁེ་ལས་གཉེར་སྐྱོང་དོ་དམ་ལས་དོན་ལ་ཐུན་མོང་ཐོག་སློབ་སྦྱོང་དང་དཔྱད་བསྡུར་བྱས་པ་དང་། མཐོ་སྒང་གི་བདེ་ཐང་གསོ་སྐྱོང་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་གྲོས་བསྡུར་དང་སྤེལ་རེས་བྱས།     མགོན་པོ་བཀྲ་ཤིས་ཀྱིས་ཁེ་ལས་ཀྱིས“རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་བདེ་ཐང་གསོ་བཅོས”འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་ཁས་ལེན་བྱས་པ་མ་ཟད།    ལག་ལེན་འཚོལ་ཞིབ་ཧུར་ཐག་དང་།    ཕྱོགས་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ།    དགེ་མཚན་ལྡན་པའི་ཐོན་ཁུངས་སྡེབ་སྒྲིག ཁྱད་ཆོས་ལྡན་པའི་སྤུས་རྟགས་གཏོད་རྒྱུ་སོགས་ཀྱི་ཐད་ནས་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་བཏོན་ཏེ་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ལེགས་ཆ་དང་མཐོ་སྒང་གི་གསོ་རིག་ཞིབ་འཇུག་གྲུབ་འབྲས་དེ་ཐུན་མོང་ཐོག་ས་མཐོའི་བདེ་ཐང་གསོ་བཅོའི་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་དུ་གྱུར་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་ཚོགས་འདུར་ཞུགས་ཡོད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།