ཉེ་ཆར་སློབ་གསོ་པུའུ་ཡིས2025ལོའི་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་ཐོ་འགོད་དང་ཞིབ་བཤེར་ཆོག་མཆན་འགོད་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་ཆེད་ལས་འཛུགས་ས4འཛུགས་པར་མོས་མཐུན་བྱུང་ན་ཡང་། ཆེད་ལས་འཛུགས་ས68འཛུགས་རྒྱུར་མོས་མཐུན་མ་བྱུང་། ཞིབ་མཆན་སྤྲད་ཅིང་མོས་མཐུན་བྱུང་པའི་རྒྱལ་ཁབ་ཀྱི་ཚོད་འཛིན་བཀོད་སྒྲིག་གི་ཆེད་ལས་དེ་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་ཆེད་ལས་བཀོད་སྒྲིག་དོ་དམ་དང་སྤྱི་པའི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་སུ་ནང་འདྲེན་བྱས་ནས2025ལོ་ནས་བཟུང་སློབ་མ་བསྡུ་ཆོག ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཐོ་འགོད་བྱས་པ་མ་ཟད། ད་དུང་སློབ་གསོ་པུའུ་རུ་ཕྱོགས་བསྡུས་བྱས་པའི2025ལོར་སློབ་བསྡུ་བྱེད་རྩིས་ཡོད་པའི་ཆེད་ལས་གནས་བསྡོམས་པས67898ཡོད། ཆེད་ལས་བཀོད་སྒྲིག་ཐོ་འགོད་དང་ཞིབ་མཆན་གྱི་འབྲས་བུ་དེ་རྒྱལ་ཡོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་བསྡུ་ཡོང་ཁུངས་འཆར་གཞི་ཡི་དྲ་ཐོག་དོ་དམ་མ་ལག་དང་འབྲེལ་མཐུད་བྱས་ཡོད་པས། ས་གནས་ཁག་གིས་ཐོ་འགོད་སམ་ཡང་ན་ཞིབ་མཆན་མ་ཐོབ་པའི་ཆེད་ལས་ས་ཚིགས་དེ་སློབ་བསྡུ་ཡོང་ཁུངས་འཆར་གཞི་ཡི་དོ་དམ་མ་ལག་ནང་བསྣན་མི་ཆོག་པ་མ་ཟད། སློབ་བསྡུ་བཀོད་སྒྲིག་ཡང་བྱ་མི་ཆོག