རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་གྱིས་དུས་ཆེན་གལ་ཆེན་རིང་རླངས་འཁོར་ཆུང་གྲས་ཀྱི་ལམ་རིན་མི་བསྡུ་བའི་ལག་བསྟར་ཇུས་གཞི་ལ་ཆོག་མཆན་སྤྲད་པའི་འབྲེལ་ཡོད་བརྡ་ཐོ》(རྒྱལ་གཞུང་ནས་པར་འགྲེམས་བྱས་པའི[2012ལོའི]ཡིག་ཆ་ཨང37པ)གཞིར་བཟུང་ནས་དཔྱིད་གསར་དང་། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། རྒྱལ་སྟོན་དུས་ཆེན་སོགས་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་གྱི་གུང་གསེང་རིང་ལ་ལམ་རིན་བསྡུ་མི་ཆོག་པ་གཏན་འབེབས་བྱས་ཡོད།
2025ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་དེ་སྤྱི་ཟླ4བའི་ཚེས4ཉིན་ནས་ཚེས6ཉིན་བར་གཏང་རྒྱུ་ཡིན་ཞིང་། དེའི་རིང་དུ་ལམ་རིན་བསྡུ་བའི་ལམ་ཡོངས་ཏེ་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་། ཟམ་པ་དང་ཕུག་ལམ་གྱི་ལམ་རིན་བསྡུ་ས་ནས་རླངས་འཁོར་ཆུང་གྲས་རིགས་ལ་ལམ་རིན་བསྡུ་རྒྱུ་མིན་པ་དང་། སྤྱི་ཟླ4ཚེས7ཉིན་གྱི་ཆུ་ཚོད0ནས་བཟུང་སླར་ཡང་ལམ་རིན་བསྡུ་མགོ་བརྩམ་རྒྱུ་རེད།
ངལ་རྩོལ་དུས་ཆེན་གྱི་གུང་གསེང་དེ་སྤྱི་ཟླ5པའི་ཚེས1ཉིན་གྱི་ཆུ་ཚོད0ནས་སྤྱི་ཟླ5པའི་ཚེས5ཉིན་གྱི་ཆུ་ཚོད24བར་ཡིན་ཞིང་། དེའི་རིང་དུ་ལམ་རིན་བསྡུ་བའི་ལམ་ཡོངས་ཏེ་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་། ཟམ་པ་དང་ཕུག་ལམ་གྱི་ལམ་རིན་བསྡུ་ས་ནས་རླངས་འཁོར་ཆུང་གྲས་རིགས་ལ་ལམ་རིན་བསྡུ་རྒྱུ་མིན་པ་དང་། སྤྱི་ཟླ5ཚེས6ཉིན་གྱི་ཆུ་ཚོད0ནས་བཟུང་སླར་ཡང་ལམ་རིན་བསྡུ་མགོ་བརྩམ་རྒྱུ་ཡིན་རེད།