“རྒྱལ་ཡོངས་བཟའ་ཆས་བདེ་འཇགས་ཞུ་གཏུག་མ་ལག”ཟླ5པར་དྲ་སྒང་དུ་དངོས་སུ་འབྱེད་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ3ཚེས15ཉིན་ནས་ཤེས་གསལ་ལྟར་ན།  ཁྲོམ་ར་ལྟ་སྐུལ་སྤྱི་ཁྱབ་ཅུས་ཀྱིས“རྒྱལ་ཡོངས་བཟའ་ཆས་བདེ་འཇགས་ཞུ་གཏུག་མ་ལག”ཟླ5པའི་ནང་དྲ་སྒང་དུ་དངོས་སུ་འབྱེད་འཆར་ཡོད།ཞུ་གཏུག་མ་ལག་གིས་བཟའ་ཆས་ཐོན་རྫས་གཉེར་སྐྱོང་ཁེ་ལས་དང་ཕྱོགས་བསྡུས་ཟ་ཁང་ལས་ཁུངས་ནང་ཁུལ་གྱི་ཞུ་གཏུག་བྱེད་ལམ་སྔར་ལས་གེགས་ཆད་མེད་པར་བཟོས་ཏེ།  བཟའ་ཆས་ལས་གཉེར་པ་དང་འབྲེལ་ཡོད་མི་སྣས་བཟའ་ཆས་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དང་ཉེན་ཁ་ཆེན་པོ་ཡོད་པའི་གནད་དོན་རིགས་ཞུ་གཏུག་བྱེད་པར་ཁྲིད་སྟོན་ལ་ཡར་སྐུལ་བྱས་པ་དང་།  སྤྱི་ཚོགས་ཀྱི་མཉམ་བཅོས་ནུས་པ་གང་ལེགས་བཏོན་ནས་མི་དམངས་མང་ཚོགས་ཀྱི“ལྕེ་རྩེ་ཡི་བདེ་འཇགས”ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།