མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་བསྒྲིལ་པའི་སྐབས་སུ། མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས་པ་དང་། ཝུའུ་ཞའོ་ཅུན་གྱིས་གསུང་བཤད་གནང་། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་མཛད། ལིའུ་ཆི་ཧྥན་དང་ཝང་ལི་མིང་། ཀྲང་ཅིན་ཀང་བཅས་ཚོགས་འདུར་ཞུགས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས། མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་གི་མགོ་ཁྲིད་དང་དྲིན་གཟོ་འབད་འཐབ། ཁྲིམས་ལྟར་འགན་སྒྲུབ། བློ་འདོན་ཇུས་འབུལ། དྲིལ་སྒྲོག་འོས་སྦྱོར། སྒྲིག་ཁྲིམས་ནན་སྲུང་། མཐུན་སྒྲིལ་མཉམ་ལས་བཅས་ཐོག་མཐར་བར་གསུམ་དུ་ཁྱབ་པར་རྒྱུན་འཁྱོངས་བྱས་པ། དུས་ནམ་ཡིན་ཡང་ཆབ་སྲིད་གླེང་བ། དོན་གང་དང་གནས་གང་དུ་ཡང་ཆབ་སྲིད་གླེང་བ། ཚོགས་ཆེན་གྱི་གྲོས་རིམ་སོ་སོ་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱས་ཏེ། དར་ཆ་མཐོར་སྒྲེང་དང་བདེན་འཛིན་དངོས་སྒྲུབ། མཐུན་སྒྲིལ་འབད་འཐབ་བཅས་སྐད་སྒྲ་དྲག་ཤོས་སུ་འགྱུར་དུ་བཅུག འཐུས་མི་ཚང་མས་ཚད་མཐོ་བའི་ཆབ་སྲིད་ཀྱི་ལས་འགན་འདུ་ཤེས་དང་གཟི་བརྗིད་འདུ་ཤེས། འགན་འཁྲི་འདུ་ཤེས་བཅས་སྲུང་འཛིན་བྱས་པ་དང་། མཐོ་འཁྱགགི་མཚོ་སྔོན་ལགཟི་འོད་འཚེར་བའིདུས་སྐབས་བསུ་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་འཆད་པ། ཀྲུང་གོའི་དཔལ་འབྱོརའོད་སྟོང་སྨྲ་བསྐད་གདངས་མཐོན་པོས་གྱེར་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མོས་གུས་ཞུ་བ་དང་ཏང་ཀྲུང་དབྱང་ལ་དྲིན་གཟོ་བའི་བརྩེ་བ་རྣལ་མ་ཕུན་སུམ་ཚོགས་པར་བརྗོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ནུས་ཁུངས་འགན་ལེན་མཁོ་སྤྲོད། ལྗང་མདོག་ཐོན་ལས་འཕེལ་རྒྱས་བཅས་ལ་དམིགས་ནས་གྲོས་དཔེ་གྲོས་གཞི་བཏོན་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་སྲིད་ཞུགས་སྲིད་གླེང་གི་འགན་འཁྲི་ཁག་ཁུར་མངོན་པར་བྱས། བྱ་བའི་སྒྲིག་ཁྲིམས་དང་གསང་རྒྱའི་སྒྲིག་ཁྲིམས། ཚོགས་འདུའི་སྒྲིག་ཁྲིམས་བཅས་ནན་མོར་བསྲུངས་ཏེ། མཚོ་སྔོན་གྱི་འཐུས་མིའི་ཉམས་འགྱུར་བཟང་པོ་ངོམས་ཤིང་། སྤུས་ཚད་མཐོ་བའི་འགན་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་འགན་བཅོལ་ལྗིད་མོ་སྟོང་ཟད་དུ་མ་བཏང་། ལས་མི་ཡོངས་ཀྱིས་ཞབས་ཞུ་འགན་ལེན་ལས་དོན་ཁག་རུ་ངར་ཏན་ཏིག་གིས་ལེགས་པར་བསྒྲུབས་པ་དང་། ཚོགས་འདུའི་ལས་དོན་ཚན་ཆུང་གིས་འབད་འབད་འབུངས་འབུངས་བྱས་པ། རྒྱུ་ཆ་བསྡུས་འཕྲིན་ཚན་ཆུང་གིས་ལེགས་ཐོག་ལེགས་བརྩོན་བྱས་པ། འཐུས་མིའི་གྲོས་དཔེ་གྲོས་གཞི་འབྲེལ་གཏུག་ཚན་ཆུང་གིས་སྒྲིག་ལམ་ཡོད་ཅིང་གོ་རིམ་ལྡན་པར་བྱས་པ། གསར་འགྱུར་དྲིལ་སྒྲོག་ཚན་ཆུང་གིས་གསར་འགྱུར་གསར་པ་དང་ངོ་མཚར་གསར་པ་བཏོན་པ། རྒྱབ་ཕྱོགས་ཞབས་འདེགས་ཚན་ཆུང་གིས་ངལ་འཁང་ཉིས་བཟོད་བྱས་པ། བདེ་འཇགས་སྲུང་སྐྱོབ་ཚན་ཆུང་གིས་འགན་འཁྲི་ཕྲག་ཏུ་བླངས་པ། སྨན་བཅོས་བདེ་སྲུང་ཚན་ཆུང་གིས་བློ་རྣལ་མོ་དང་སེམས་ཞིབ་མོས་ལས་སྒྲུབ་བཅས་བྱས་ཏེ། ཚོགས་ཆེན་བདེ་བླག་འབྱུང་ཆེད་ཚང་མས་བྱས་རྗེས་མི་དམན་པ་བཞག

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཚོགས་ཆེན་གྱི་མཇུག་བསྒྲུལ་བ་ནི་དངོས་འབེབས་འཛིན་པའི་འགོ་བརྩམས་པ་ཡིན། འཐུས་མི་ཚང་མ་དང་ལས་དོན་མི་སྣས་སྣེ་ཁྲིད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་བསྟར་བཅས་ལེགས་པོ་བྱེད་པ་དང་། ཚོགས་ཆེན་ལ་ཞུགས་པའི་དངོས་བརྒྱུད་ཚོར་བ་རང་གི་ཉེ་འགྲམ་གྱི་ལས་བྱེད་མང་ཚོགས་ལ་བརྗོད་པ། ཚོགས་ཆེན་གྱི་དགོངས་དོན་དངོས་འབེབས་གཞིར་འབེབས་ལ་སྐུལ་འདེད་གཏོང་བ། སྔར་ལས་ལེགས་པར་མི་སེམས་ལ་སྐུལ་མ་ཐེབས་པ་དང་ཡིད་ཆེས་བསླངས་ཏེ། སྔར་ལས་ཆེ་བའི་ཁག་ཁུར་དང་བྱས་འབྲས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཞུགས་དགོས།

ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་གནང་སྐབས་བསྟན་དོན། ཚོགས་ཆེན་གྱི་དགོངས་དོན་ཕྱིར་འཁྱེར་ནས་དྲིལ་སྒྲོག་ཡག་པོ་བྱེད་དགོས་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཁྱད་པར་དུ་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཐོག་མར་འཛིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པར་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། དྲིལ་སྒྲོག་བྱེད་ཤུགས་ཆེར་སྐྱེད་པ། ཚོགས་འདུའི་དགོངས་དོན་ཁེ་ལས་ལ་སྐྱོད་པ་དང་ཞིང་སྡེར་སྐྱོད་པ། སྡེ་ཁུལ་དུ་སྐྱོད་པ། སློབ་གྲྭར་སྐྱོད་པ། ལས་ཁུངས་སུ་སྐྱོད་པ་བཅས་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་དུ་ངེས་པ་དོན་གྱིས་བསྒྱུར་དགོས། ཚོགས་ཆེན་གྱི་བཀོད་སྒྲིག་ཕྱིར་འཁྱེར་ནས་དངོས་འབེབས་ལེགས་པོ་བྱེད་དགོས་ཏེ། ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་དང་ཚད་བསྡུར་རེའུ་བསྡུར་བྱེད་པ་དང་། མགོ་བརྩམས་པ་ནི་གོམ་པ་སྤོས་པ་ཡིན་པའི་ཡིད་ཆེས་དང་ཆོད་སེམས་ལ་བརྟེན་ནས་དངོས་འབེབས་ནན་མོར་འཛིན་པའི་རྟག་སྦྱོར་དང་སྙིང་རུས་ཇེ་དྲག་ཏུ་གཏོང་བ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མྱུར་ཏུ་སླར་འཕར་བཟང་འཕེལ་ལ་སྐུལ་འདེད་གཏོང་བ། དུས་ཚིགས་དང་པོའི་མགོ་བརྩམས་པ་ལེགས་པ་མངོན་འགྱུར་བྱེད་པར་འབད་ནས། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས། ཚོགས་ཆེན་གྱི་སྤྱོད་ཚུལ་ཕྱིར་འཁྱེར་ནས་དར་སྤེལ་གཏོང་དགོས་ཏེ། ཚོགས་འདུའི་སྐབས་སུ་ཆགས་པའི་བྱེད་ཐབས་ལེགས་པོ་དང་ཉམས་མྱོང་བཟང་པོ་སྤྱི་སྡོམ་གསེད་བཀྲོལ་ནན་ཏན་བྱེད་པ་དང་། དཀའ་སྡུག་མྱོང་བར་མི་སྐྲག་པ་དང་མུ་མཐུད་དུ་འབད་འཐབ་བྱེད་པ། ཁག་ཁུར་ཕོད་པ་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། ཐེངས་འདིའི་ཚོགས་ཆེན་མགོ་རྩོམ་ས་གསར་པ་བྱེད་པ། ཡིད་ཆེས་བརྟན་པ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པ། སོ་སོའི་ལས་དོན་ལས་རྐང་ཐོག་ཏུ་བྱས་འབྲས་གསར་པ་མངོན་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།