རང་རེའི་དྲ་བའི་འཕྲིན། ཉེ་སྔོན། སློབ་གསོ་པུའུ་ཡིས《2025ལོའི་མཐོ་རིམ་སློབ་གྲྭའི་སློབ་བསྡུ་བྱ་བ་ལེགས་བསྒྲུབ་སྐོར་གྱི་བརྡ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས། རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཟླ6པའི་ཚེས7ཉིན་ལེན་རྒྱུ་ཡིན་ཞིང་། ཞིབ་ཕྲའི་བསླབ་ཚན་གྱི་རྒྱུགས་ལེན་དུས་ཚོད་གཤམ་གསལ།
1. སྐད་ཡིག་གི་རྒྱུགས་ལེན་དུས་ཚོད། ཟླ6པའི་ཚེས7ཉིན་གྱི་ཆུ་ཚོད9:00ནས11:30བར།
2. རྩིས་རིག་གི་རྒྱུགས་ལེན་དུས་ཚོད། ཟླ6པའི་ཚེས7ཉིན་གྱི་ཆུ་ཚོད15:00ནས17:00བར།
3. རིག་ཚན་དང་རྩིས་ཚན་གྱི་ཕྱོགས་བསྡུས་རྒྱུགས་ལེན་དུས་ཚོད། ཟླ6པའི་ཚེས8ཉིན་གྱི་ཆུ་ཚོད9:00ནས11:30བར།
4. དབྱིན་ཡིག་གི་རྒྱུགས་ལེན་དུས་ཚོད། ཟླ6པའི་ཚེས8ཉིན་གྱི་ཆུ་ཚོད15:00ནས17:00བར་ལེན་རྒྱུ་ཡིན་ཞིང་། དབྱིན་ཡིག་གི་ཉན་ནུས་ཚད་ལེན་རྒྱུགས་གཞི་ཡིག་རྒྱུགས་སྔོན་ལ་བཀོད་སྒྲིག་བྱ་རྒྱུ།