ཟི་ལིང་ནས་སྟོང་སྐོར་བར་གྱི་མྱུར་སྐྱེལ་རླངས་འཁོར་གཏོང་མཚམས་བཞག་པའི་བརྡ་ཐོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྒྱ་ཆེའི་ཡུལ་སྐོར་པ་དང་གྲོང་ཁྱེར་གྱི་སྡོད་དམངས་རྣམ་པ།

ཟི་ལིང་སྤྱི་སྤྱོད་མྱུར་སྐྱེལ་ཚད་ཡོད་འགན་ལེན་ཀུང་ཟིའི་སྟོང་སྐོར་ནས་ཟི་ལིང་བར་གྱི་མྱུར་སྐྱེལ་ལམ་ཐིག་གི་ཚོང་གཉེར་དུས་ཡུན་ལོན་པར་བརྟེན། 2025ལོའི་ཟླ2པའི་ཚེས20ཉིན་ནས་བཟུང་གནས་སྐབས་སུ་མྱུར་སྐྱེལ་རླངས་འཁོར་གཏོང་མཚམས་འཇོག་པའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོ་གཤམ་གསལ།

གཅིག གཏོང་མཚམས་འཇོག་པའི་དུས་ཚོད།

2025ལོའི་ཟླ2པའི་ཚེས20ཉིན་ནས་བཟུང་ལམ་ཐིག་འདིའི་མྱུར་སྐྱེལ་རླངས་འཁོར་གཏོང་མཚམས་འཇོག་རྒྱུ།

གཉིས། སླད་ཕྱིན་གྱི་བྱ་བའི་བཀོད་སྒྲིག

དེ་སྔའི་ལམ་ཐིག་གི་རླངས་འཁོར་ལ་སྡོད་པའི་ཡུལ་སྐོར་པས་དེ་རིང་ནས་བཟུང་སྤྱི་སྤྱོད་རླངས་འཁོར་ཨང་རྟགས701དང་། ཨང702པ། ཨང7021པ། ཨང7022བཅས་ལ་བསྡད་ནས་འགྲོ་འོང་བྱ་ཆོག །འབྲེལ་ཡོད་ལམ་ཐིག་གི་གཞི་རྩའི་ཚོང་གཉེར་ཞབས་ཞུར་ཤུགས་རྐྱེན་མི་ཐེབས་པར་འགན་ལེན་བྱ་ཆེད། ཟི་ལིང་མྱུར་སྐྱེལ་རླངས་འཁོར་ཚད་ཡོད་འགན་ལེན་ཀུང་ཟིས་སྤྱི་སྤྱོད་རླངས་འཁོར་ཨང702པ་གསར་དུ་ཁ་བསྣན་ཏེ་ཁྱེད་ཀྱི་འགྲོ་འོང་ལ་སྔར་ལས་བདེ་འཇགས་དང་ཁོར་སྲུང་གི་ཞབས་ཞུ་ཞིག་འདོན་སྤྲོད་བྱ་རྒྱུ། གཞན་ད་དུང་རྒྱ་ཆེའི་ཡུལ་སྐོར་པས་ཟི་ལིང་རིག་ནུས་སྤྱི་སྤྱོད་འཕྲིན་སྟེགས་བརྒྱུད་ནས་རླངས་འཁོར་གྱི་འབྲེལ་ཡོད་ཆ་འཕྲིན་ལ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད།ཁ་པར་ཨང་གྲངས0971-2432524བརྒྱུད་ནས་བློ་འདྲི་བྱ་ཆོག

ཟི་ལིང་མྱུར་སྐྱེལ་རླངས་འཁོར་ཚད་ཡོད་འགན་ལེན་ཀུང་ཟི།

2025ལོའི་ཟླ2པའི་ཚེས19ཉིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།