ཞིང་ཆེན་བརྡ་འཕྲིན་དོ་དམ་ཅུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

《བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ལས་འགན་གཙོ་བོ་ལས་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི་དང་མི་སྣའི་སྒྲིག་ཁོངས་ཀྱི་གཏན་འབེབས་པར་འགྲེམས་བྱ་བའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི[2008]ཡིག་ཆ་ཨང་72པ)དང་། 《བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ས་གནས་འཕྲིན་གཏོང་དོ་དམ་ཅུས་སུ་མངགས་གཏོང་བྱས་པའི་འགན་འཁྲི་གཙོ་བོ་དང་འབྲེལ་བ་ཡོད་པའི་དོན་དག་སྔར་བས་ཁ་གསལ་བཟོ་བའི་སྐོར་གྱི་ཀྲུང་དབྱང་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་མཆན་ཐོལ》(ཀྲུང་དབྱང་སྒྲིག་འཛུགས་གཞུང་དོན་ཁང་གི་བསྐྱར་དཔར[2012]ཡིག་ཆ་ཨང17པ)སོགས་འབྲེལ་ཡོད་གཏན་འབེབས་ལྟར། མཚོ་སྔོན་ཞིང་ཆེན་བརྡ་འཕྲིན་དོ་དམ་ཅུས(ཀྲང་སི་དང་ཅུས་རིམ་པ་)ནི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་མཚོ་སྔོན་ཞིང་ཆེན་དུ་མངགས་གཏོང་བྱས་པའི་འཕྲིན་གཏོང་དོ་དམ་སྡེ་ཚན་ཞིག་ཡིན་པས།  གོང་རིམ་ནས་ཐད་ཀར་དོ་དམ་བྱེད་ཀྱི་ཡོད།
 
 འགན་འཁྲི་གཙོ་བོ། 
 
(གཅིག)འཕྲིན་གཏོང་ལས་རིགས་དོ་དམ་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་སྤྱོད་འཕྲིན་གཏོང་དྲ་བ་དང་། དྲ་སྦྲེལ། ཆེད་སྤྱོད་འཕྲིན་གཏོང་དྲ་བ་བཅས་ལ་གཅིག་གྱུར་འཆར་འགོད་དང་། འབྲེལ་ཡོད་ལས་རིགས་ལ་དོ་དམ་བྱེད་པའི་འགན་ཡོད་དེ། མཚོ་སྔོན་ཞིང་ཆེན་གྱི་འཕྲིན་གཏོང་ལས་རིགས་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་པ་དང་འབྲེལ་ཁྲིད་སྟོན་ཆ་འཕྲིན་ཁྱབ་བསྒྲགས་དང་།  ལས་རིགས་འཁོར་སྐྱོད་འཕེལ་རྒྱས་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་མཐུན་སྦྱོར་ཐག་གཅོད། མཚོ་སྔོན་ཞིང་ཆེན་གྱི“དྲ་བ་གསུམ་མཉམ་འདྲེས་”ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་འབྲེལ་ཡོད་ལས་འགན་འཁུར་དགོས། 
  (གཉིས།
) མཚོ་སྔོན་ཞིང་ཆེན་གྱི་སྤྱི་སྤྱོད་འཕྲིན་གཏོང་དྲ་བ་དང་། འཕྲིན་སྦྲེལ་དྲ་བ། ཆེད་སྤྱོད་འཕྲིན་གཏོང་དྲ་བ་བཅས་འཛུགས་སྐྲུན་མཐུན་སྦྱོར་བྱས་ནས་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བའི་འགན་ཡོད།  བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་མངག་བཅོལ་ལྟར་མཚོ་སྔོན་ཞིང་ཆེན་གྱི་འཕྲིན་གཏོང་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་དོ་དམ་གྱི་འགན་དང་།  མཚོ་སྔོན་ཞིང་ཆེན་གྱི་འཕྲིན་གཏོང་འཛུགས་སྐྲུན་དང་དེའི་ཁྲོམ་རར་ལྟ་སྐུལ་དོ་དམ། མཚོ་སྔོན་ཞིང་ཆེན་གྱི་འཕྲིན་གཏོང་ལས་རིགས་ཀྱིས་བདེ་འཇགས་ཐོན་སྐྱེད་དོ་དམ་ལས་དོན་ལ་ཤུགས་སྣོན་པར་སློབ་སྟོནབཅས་བྱ་བའི་འགན་ཡོད།
  (གསུམ།
) མཚོ་སྔོན་ཞིང་ཆེན་གྱི་གློག་འཕྲིན་དང་ཆ་འཕྲིན་ཞབས་ཞུའི་ཚོང་རར་ཁྲིམས་ལྟར་ལྟ་སྐུལ་དོ་དམ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གློག་འཕྲིན་ཞབས་ཞུའི་གྲོན་དངུལ་དང་སྤུས་ཚད་ལ་ལྟ་སྐུལ་དོ་དམ་གྱི་འགན་ཡོད་པ་སྟེ། ཡོངས་ཁྱབ་ཀྱི་ཞབས་ཞུ་འགན་ལེན་དང་ལས་རིགས་ཀྱི་རང་གཅུན་ལ་སྐུལ་འདེད་གཏང་བའི་འགན། དབང་ཆ་བདག་སྤྲོད་གཞིར་བཟུང་མཚོ་སྔོན་ཞིང་ཆེན་གྱི་འཕྲིན་གཏོང་དྲ་རྒྱའི་ཨང་གྲངས་དང་། དྲ་སྦྲེལ་ཁོངས་མིང་། ས་གནས་སོགས་ཐོན་ཁུངས་ལ་དོ་དམ་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི་སྤྱི་སྤྱོད་འཕྲིན་གཏོང་དྲ་བ་དང་། དྲ་ཁོངས་ཀྱི་མིང་།  དྲ་གནས་བཅས་ཕན་ཚུན་འབྲེལ་མཐུད་དང་དྲང་གཞག་འབྲེལ་མཐུད་བྱེད་པར་ལྟ་སྐུལ་ཐོག་དོ་དམ་བྱ་དགོས།

(བཞི།)མཚོ་སྔོན་ཞིང་ཆེན་གྱི་འཕྲལ་སྡོམ་འཕྲིན་གཏོང་དང་དེ་བཞིན་འཕྲིན་གཏོང་འགན་སྲུང་ལས་དོན་གལ་ཆེན་གཞན་དག་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་རྒྱུ་སྟེ། ལས་བགོས་ལྟར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྲུང་འཕྲིན་གཏོང་ཆ་འཕྲིན་སྐུལ་སློང་དང་དམག་འཁྲུག་གྲ་སྒྲིག་འཕྲིན་གཏོང་གི་འབྲེལ་ཡོད་ལས་དོན་འགན་འཁུར་རྒྱུ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་ཆེད་སྤྱོད་འཕྲིན་གཏོང་ལས་དོན་དོ་དམ་བྱ་རྒྱུ།
  (ལྔ།
) མཚོ་སྔོན་ཞིང་ཆེན་གྱི་སྤྱི་སྤྱོད་འཕྲིན་གཏོང་དྲ་བ་དང་། སྦྲེལ་དྲ། ཆེད་སྤྱོད་བརྡ་འཕྲིན་དྲ་བ་བཅས་ཀྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ལས་སྟེགས་ལ་མཐུན་སྦྱོར་ཐོག་དོ་དམ་དང་། མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་འཁོར་སྐྱོད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་དགོས་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་གློག་འཕྲིན་དྲ་རྒྱའི་བདེ་འཇགས་འགོག་སྲུང་སྲིད་ཇུས་བཟོ་འགོད་དང་འབྲེལ་ལག་བསྟར་སྒྲིག་འཛུགས། མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་ལ་འཕྲལ་སྡོམ་དོ་དམ་དང་ཐག་གཅོད་ཀྱི་འགན་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་མངགས་བཅོལ་ལྟར། མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་འཕྲིན་གཏོང་དང་། དྲ་རྒྱའི་ཁོར་ཡུག  ཆ་འཕྲིན་བཅོས་སྐྱོང་བཅས་ཀྱི་འབྲེལ་ཡོད་ལས་དོན་ལ་གཞོགས་འདེགས་དང་། དྲ་རྒྱའི་གནོད་ལྡན་ཆ་འཕྲིན་ཐག་གཅོད་ལ་གཞོགས་འདེགས། མཚོ་སྔོན་ཞིང་ཆེན་གྱི་འཕྲིན་གཏོང་དོ་དམ་བྱེད་ཐབས་བཟོ་འགོད་དང་འབྲེལ་ནས་ལག་བསྟར་སྒྲིག་འཛུགས་བཅས་བྱེད་དགོས་པའི་འགན་ཡོད།
  (དྲུག)བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་སྤྲད་པའི་དོན་དག་གཞན་དག་སྒྲུབ་པའི་འགན་འཁུར་དགོས། 

དེ་ཡང་ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི་ལ། 

 མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ནང་ཁུལ་དུ་ཁྲུའུ་ལྔ་ཡོད་པ་སྟེ། གཞུང་དོན་ཁང(མི་དོན་ཁྲུའུ)དང་། སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་(ལྟ་ཞིབ་ཁྲུའུ་དང་ལས་ཁུངས་ཏང་ཨུད)། གློག་འཕྲིན་དོ་དམ་ཁྲུའུ(གློག་འཕྲིན་སྤྱོད་མཁན་གྱི་རྒྱུ་མཚན་ཞུ་འབུལ་བདག་སྤྲོད་ལྟེ་གནས། )། འཕྲིན་གཏོང་འཕེལ་རྒྱས་ཁྲུའུ་(དམག་འཁྲུག་གྲ་སྒྲིག་འཕྲལ་སྡོམ་འཕྲིན་གཏོང་གཞུང་དོན་ཁང་། )། འཕྲིན་གཏོང་འགན་སྲུང་ཁྲུའུ་བཅས་ལྔ་ཡོད།

 མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཐད་གཏོགས་ལྟེ་གནས་ལ་གཉིས་ཡོད་དེ། མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་ལས་རིགས་ཀྱི་ལས་རིགས་རྩལ་ནུས་གསལ་འབྱེད་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་ལས་གྲྭའི་སྤུས་ཚད་ལྟ་སྐུལ་ལྟེ་གནས་གཉིས་ཡིན།

 མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ཀྱིས་སློབ་ཚོགས་དང་མཐུན་ཚོགས་གསུམ་གཙོ་བོར་གཉེར་པ་སྟེ། མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་སློབ་ཚོགས་དང་། མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་ལས་རིགས་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་མཐུན་ཚོགས་བཅས་ཡིན། 
   
དམིགས་ཡུལ། སྒེར་སྡེམ་མེད་པར་བཟོ་བ་དང་། འགྲན་རྩོད་ལ་སྐུལ་འདེད། འཕེལ་རྒྱས་ལ་སྐུལ་འདེད། “ཕྱི་གསལ་ནང་གསལ་དང་། དྲང་བདེན། དྲང་གཞག་བཅས་ཀྱི་འགྲན་རྩོད་ཁོར་ཡུག་ནུས་ལྡན་བསྐྲུན་དགོས་པ་དེ་ཡིན།

 ལས་སྒྲུབ་རྩ་དོན། སྤྱོད་གཙང་སྲིད་གཉེར་དང་དངོས་སྒྲུབ་གནད་སྨིན།
   ལས་ཀ་སྒྲུབ་སྟངས། ཞབས་ཞུ་དང་མཐུན་སྦྱོར། ལྟ་སྐུལ་དོ་དམ་བཅས་བྱ་དགོས།



 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།