མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པ534་བསྡུ་བའི་བརྡ་སྦྱོར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་གཞུང་ཞབས་པའི་བཅའ་ཁྲིམས་དང་《གཞུང་ཞབས་པ་བསྡུ་བའི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་།    སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས2025ལོའི་རིམ་པ་དང་པོའི་ཉེན་རྟོག་དཔོན་དང་དེ་མན་དང་རིམ་པ་དེ་མཚུངས་ཀྱི་མི་དམངས་ཉེན་རྟོག་པ་བསྡུ་རྒྱུ་ཡིན་ཞིང་། འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་མི་གྲངས།

སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་2025ལོའི་རིམ་པ་དང་པོའི་ཉེན་རྟོག་དཔོན་དང་། དེའི་མན་དང་རིམ་པ་དེ་མཚུངས་ཀྱི་མི་དམངས་ཉེན་རྟོག་པ534བསྡུ་རྒྱུ་ཡིན་ཞིང་། ཡིག་རྒྱུགས་བསྡུ་ལེན་གྱི་ལས་གནས་འཆར་གཞི་ཞིབ་ཕྲ་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)ཡི་སྟེང་དུ་རྒྱུས་ལོན་བྱ་ཆོག

གཉིས། ལས་བསྡུའི་གོ་རིམ།

རྒྱུགས་ལེན་བྱར་མིང་ཐོ་འགོད་པ་ནས་ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཐོབ་ཐང་བསྐྱར་ཞིབ། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། རྟོག་ཞིབ། ཞིབ་མཆན་བསྡུ་ལེན་སོགས་ཀྱི་གོ་རིམ་ལྟར་བསྡུ་དགོས།

གསུམ། མིང་ཐོ་འགོད་སྟངས་དང་ཐོབ་ཐང་ཞིབ་བཤེར།

དྲ་ཐོག་ཏུ་མིང་ཐོ་འགོད་པ་དང་། དྲ་ཐོག་ཏུ་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ཏུ་གྲོན་དངུལ་འཇལ་བ། དྲ་ཐོག་ཏུ་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་དང་པར་འདེབས་བཅས་ཀྱི་གོ་རིམ་བརྒྱུད་དགོས།

མིང་ཐོ་འགོད་པའི་དུས་ཚོད་ནི2025ལོའི་སྤྱི་ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད9:00ནས་སྤྱི་ཟླ2པའི་ཚེས21ཉིན་གྱི་ཆུ་ཚོད18:00བར་ཡིན།

གྲོན་དངུལ་འཇལ་བའི་དུས་ཚོད་ནི2025ལོའི་སྤྱི་ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད9:00ནས་སྤྱི་ཟླ2པའི་ཚེས24ཉིན་གྱི་ཆུ་ཚོད23:30བར་ཡིན།

མིང་ཐོ་འགོད་པའི་དུས་ཚོད་སྙོམས་སྒྲིག་གི་མཚམས་ནི2025ལོའི་སྤྱི་ཟླ2པའི་ཚེས25ཉིན་གྱི་ཆུ་ཚོད9:00ནས16:00བར་ཡིན།

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)ཡི་སྟེང་མིང་ཐོ་དགོད་དགོས།

བཞི། ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2025ལོའི་སྤྱི་ཟླ3པའི་ཚེས15ནས་ཚེས16ཉིན་ཡིན་ཞིང་། གནས་ཚུལ་ཞིབ་ཕྲ་རྒྱུགས་ལེན་ས་གནས་དང་རྒྱུགས་སྤྲོད་འཛིན་ཡིག་ཚད་གཞིར་འཛིན་དགོས།

མཚོ་སྔོན་ཞིང་ཆེན་གཞུང་ཞབས་པ་ཅུའུ།

2025ལོའི་ཟླ2པའི་ཚེས16ཉིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།