ཟླ2པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཟི་ལིང་དུ་འཚོགས། གྲོས་ཚོགས་སྟེང་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ཉིད་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། 2024ལོའི་བྱ་བར་ཕྱོགས་བསྡོམས་དང་ད་ལོའི་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་གནང་།
གྲོས་ཚོགས་སྟེང་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བཅས་བྱས་ཏེ། དྲང་སྲུང་གསར་གཏོད་དང་དངོས་བསྒྲུབ་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་སྒོས་བཅོས་བསྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་དེ་རྩ་འཛུགས་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་ཁྱབ་པ་དང་དོན་འཁྱོལ་བྱེད་དགོས། གྲོས་ཚོགས་སྟེང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱད་དེ། བཅོས་བསྒྱུར་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་སྐུལ་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་བསྟན། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འབུར་ཐོན་གྱིས་སྟོབས་ཆེ་རུ་བཏང་སྟེ། རྒྱ་ཆེའི་ལས་བྱེད་པར་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་བྱེད་པར་སྐུལ་མ་གཏོང་དགོས། གཞི་རིམ་དམ་འཛིན་བྱས་ནས་རྨང་གཞི་ཇེ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ས་ཁུལ་དུ་ཏང་གི་སྲིད་འཛིན་རྨང་གཞི་ཏན་ཏིག་འཛུགས་དགོས། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ནན་པོ་དང་དོན་དངོས་ཐོག་དམ་འཛིན་ནན་འཛིན་བྱས་ཏེ། དུས་རབས་གསར་པའི་ཏང་ཡོན་གདོང་ལེན་དཔུང་ཁག་མུ་མཐུད་དུ་བསྐྲུན་དགོས། འཇོན་མིས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཇོན་མིའི་འདེགས་སྐྱོར་ལ་མུ་མཐུད་དུ་ཤུགས་སྣོན་དགོས། གྲོས་ཚོགས་སྟེང་རྩ་འཛུགས་སྡེ་ཁག་སོ་སོས“སྲུང་སྐྱོང་གཉིས”ཀྱི་སྣེ་ཁྲིད་པ་མཐའ་གཅིག་ཏུ་ཡག་པོ་བྱས་ཏེ། མ་ལག་ཁོང་དུ་ཆུད་པ་དང་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱེད་པ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། འགན་འཁྲི་དོན་འཁྱོལ་བྱེད་པ། དོ་དམ་ནན་མོ་དང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ལ་སྔར་བས་མཐོང་ཆེན་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པོ་སྤྱད་དེ་རྩ་འཛུགས་སྡེ་ཁག་རང་ངོས་ཀྱི་འཛུགས་སྐྱོང་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །