​2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་པའི་དུས་ཚོད་གཏན་འཁེལ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་། ཟླ12ཚེས25ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། གཏན་འབེབས་གཞིར་བཟུང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་དེ2025ལོའི་ཟླ3པའི་ཚེས5ཉིན་པེ་ཅིན་ནས་འཚོག་རྒྱུ་རེད།

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ཉེར་དགུ་པ་འཚོགས་ནས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་ཆོད་དོན(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དེ2025ལོའི་ཟླ3པའི་ཚེས4ཉིན་པེ་ཅིན་ནས་འཚོག་རྒྱུའི་གྲོས་གཞི་བཏོན།     

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།