ཟླ11པའི་ཚེས22ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། ཟླ10པའི་ཚེས28ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་བསྡུ་འགོ་རྩོམ་པའི་མཛད་སྒོ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སོགས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ལ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཁྲིམས་དང་འགལ་ནས་རྒྱུ་དངོས་སྟེར་ལེན་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་བའི་ཇུས་གཞི་དང་། ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་ཐབས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གྲོས་གཞི་སོགས་ཀྱི་དོན་བྱར་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་བྱ་བའི་ཐད་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་ཞིང་། ཉེ་དུས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། ཆོད་གཏམ་གསར་བའི་ཁྲོད་སྲིད་གྲོས་འགན་སྒྲུབ་ཀྱི་ཤུགས་འདོན་ས་དང་ཟུང་འབྲེལ་གནས་ཡང་དག་འཚོལ་བར་དོ་སྣང་བྱེད་པ། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་བློ་འདོན་ཇུས་འབུལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ལྟ་བ་དང་སྟོབས་ཤུགས་སྔར་ལས་མང་པོ་གཅིག་བསྡུ་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་དེ་འགན་སྒྲུབ་བྱེད་སྟངས་ཇེ་ཟབ་ཏུ་གཏོང་བའི་བྱེད་ཐབས་གཙོ་བོར་བརྩིས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བྱ་བའི་སྲོལ་ཡིན་ལག་བསྟར་ནན་མོ་བྱེད་པ། དྲང་འཛིན་གསར་གཏོད་བྱེད་པ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བྱ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། ཏང་སྲིད་ཀྱིས་ཚན་རིག་དང་མཐུན་པ་དང་དམངས་གཙོ་སྒོས་ཇུས་ཆོད་འགོད་པའི་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་ཁྲིམས་འགལ་རྒྱ་དངོས་སྟེར་ལེན་གྱི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་དང་མངོན་སུམ་གྱི་བྲེལ་མྱུར་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བའི་སྟེང་གཅིག་གྱུར་བྱེད་པ། རང་བཤེར་དང་རང་སྐྱོན་རང་བརྗོད་བྱེད་པ། དག་ཐེར་ལེགས་བཅོས་ནན་མོ་བྱེད་པ། ཚད་མཐའ་མི་བརྒལ་བ་དང་དམར་མཚམས་མི་སྤོར་བར་བྱས་ནས། སྲིད་གྲོས་ལས་ཁུངས་ཀྱི་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་གྲུབ་པར་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་གྲ་སྒྲིག་བཟང་བོ་བྱེད་རྒྱུ་དེ་མིག་སྔར་གྱི་བྱ་བ་གལ་ཆེན་དུ་བརྩིས་ནས། གཟབ་ནན་ཞིབ་ཕྲ་དང་དངོས་གཉེར་ནུས་ལྡན་གྱི་སྤྱོད་ཚུལ་ལ་བརྟེན་ནས་གྲ་སྒྲིག་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བ་ལག་བསྟར་བཟང་བོ་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་གྲོས་ཚོགས་ཀྱི་དཔྱད་གཞི་ཡིག་ཆའི་མ་ཟིན་བཟང་བོ་འགོད་པ། གྲོས་ཚོགས་ཀྱི་གཏམ་བཤད་དང་གྲོས་གཞི་སྡུར་རུབ་སོགས་ཀྱི་ལས་འགན་གཙོ་བོ་བཟང་བོར་བསྒྲུབ་པ། གྲོས་ཚོགས་ལ་འགན་སྲུང་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོ་བསྒྲུབ་པར་གཅིག་འདོམས་བྱེད་དགོས། ད་ལོའི་མཇུག་བསྡུ་བྱ་བ་བཟང་བོར་བསྒྲུབ་པ་དང་། སང་ལོའི་འགན་སྒྲུབ་བྱ་བར་ཞིབ་འཇུག་དང་ཇུས་འགོད་བྱས་ཏེ། སྲིད་གྲོས་ཀྱི་བྱ་བ་སྣ་ཚོགས་བདེ་བླག་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་མོལ་བྱ་བའི་སྒྲིག་ལམ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀུན་འཕྲོད་སྒྲིག་སྲོལ། ཨུ་ཡོན་གྱི་འགན་སྒྲུབ་སྒྲིག་སྲོལ་བཟོ་བཅོས་མ་ཡིག་སོགས་ཀྱི་ལམ་ལུགས་ཡིག་ཆར་གྲོས་ཞིབ་བྱས་གྲོས་འཆམ་བྱུང་བ་དང་། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས།
རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ལིའུ་ཏ་ཡེ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་། ཞའེ་པོ་ཨིན་བཅས་གྲོས་ཚོགས་ལ་ཞུགས།