ཟླ11པའི་ཚེས21ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་ཚོགས་འདུ་ཐེངས་སོ་བཞི་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་འབྲེལ་ཡོད་མི་དོན་བྱ་བའི་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འཕང་འབྲས་ཐོན་ལས་སྐུལ་སྤེལ་སྲོལ་ཡིག(འཆར་ཟིན)དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གཞུང་དོན་གྲོས་མོལ་བྱེད་སྲོལ(འཆར་ཟིན)ལ་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་ལ་བཟོ་བཅོས་བྱས་པ་དང་མཚམས་འཇོག་པའི་གྲོས་གཞིའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་སྲོལ་ཡིག(འཆར་ཟིན)འབྲི་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཟི་ལིང་གྲོང་ཁྱེར་ཙོང་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་དང་། ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་ས་འོག་སྦུག་ལམ་དོ་དམ་སྲོལ་ཡིག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག་བཅས་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་གྲོང་གསེབ་དར་སྤེལ་བྱ་བའི་སྐོར་གྱི་ཆེད་དོན་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དམངས་དོན་འདྲི་གཅོད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི2023ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་རྩིས་བཤེར་གཞན་དག་ལས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་གྲོས་འགོ་སྐུལ་སྒྲུབ་བྱས་པའི་གནས་ཚུལ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་གྲོས་འགོ་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་བཞག་བྱས་པའི་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་འགན་ནུས་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་བཅས་ལ་ཉན། མི་དོན་བསྐོ་འཐེན་སྐོར་གྱི་ཞིབ་བཤེར་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་བའི་སྐོར་གྱི་ཆོད་དོན(འཆར་ཟིན)གྱི་སྙན་ཞུ་བཅས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གི་གྲོས་གཞི་རྣམས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་ནང་འགོད་པར་མོས་མཐུན་བྱུང་།
གྲོས་ཚོགས་སྟེང་ཞིང་ཆེན་དམང་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཉིན་རེའི་གྲོས་རིམ(འཆར་ཟིན)སྐོར་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་འཆམ་འབྱུང་བར་སྤྲོད་རྒྱུར་མོས་མཐུན་བྱུང་།
ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྲོལ་སྒྲིག་སྲོལ་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གཞི་གྲངས་མཛོད་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)འཆར་ཟིན་སྐོར་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་སྟེང་བྱེད་ཐབས(ཚོད་ལྟའི་ལག་བསྟར)འཆར་ཟིན་དེར་མོས་མཐུན་བྱུང་བ་དང་། གྲོས་ཚོགས་ཀྱི་རྗེས་ནས་པར་འགྲེམ་ལག་བསྟར་བྱ་རྒྱུ་རེད། །