ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

(གཅིག) ཞིང་ཆེན་ཡོངས་ཀྱི་སྨན་རྫས (ཀྲུང་ལུགས་སྨན་དང་མི་རིགས་སྨན་ཚུད། གཤམ་དུ་འདི་དང་མཚུངས) དང་།  སྨན་བཅོས་ཡོ་བྱད། ཡག་རྫས་བཅས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་འཆར་འགོད། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་བཟོ་འགོད་སྒྲིག་འཛུགས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་སྨན་རྫས་དང་། སྨན་བཅོས་ཡོ་བྱད། ཡག་རྫས་བཅས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་བཅས་ལ་དོ་དམ་དང་ཞབས་ཞུའི་སྲིད་ཇུས་ཞིབ་འཇུག་ཐོག་བཟོ་འགོད་བྱ་དགོས།
  (གཉིས) ཞིང་ཆེན་ཡོངས་སུ་སྨན་རྫས་དང་། སྨན་བཅོས་ཡོ་བྱད། ངོ་སྣུམ་བྱུག་རྫས་བཅས་ཀྱི་ཚད་གཞི་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པའི་འགན་འཁུར་དགོས། རྒྱལ་ཁབ་ཀྱི་སྨན་རྫས་དང་། སྨན་བཅོས་ཡོ་བྱད། ངོ་སྣུམ་བྱུག་རྫས་བཅས་ཀྱི་ཚད་གཞི་བཟོ་འགོད་དང་བཟོ་བཅོས་རྒྱག་པའི་ལས་ཀར་ཞུགས་ཏེ་ཀྲུང་རིགས (བོད་སོག) ཀྱི་སྨན་རྒྱུའི་ཚད་གཞི་དང་ས་གནས་ཀྱི་སྦྱོར་བཟོ་ཚད་གཞི་བཟོ་རྒྱུ་མ་ཟད་ལག་བསྟར་ལ་ལྟ་སྐུལ་བྱེད་དགོས། རིགས་དབྱེའི་དོ་དམ་ལམ་ལུགས་དོན་འཁྱོལ་བྱ་བ་སྒྲིག་འཛུགས་དང་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཡང་བྱ་དགོས། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་ལ་གཞོགས་འདེགས་བྱ་དགོས།
   (གསུམ།) སྨན་རྫས་དང་སྨན་བཅོས་ཡོ་བྱད་ཞིབ་འཇུག་གསར་བཟོ། ཐོན་སྐྱེད། ཚོང་གཉེར། བེད་སྤྱོད་བཅས་ཀྱི་སྤུས་ཀ་དོ་དམ་ཚད་ལྡན་དང་ཀྲུང་ལུགས་སྨན་རིགས་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་འགན་འཁུར་དགོས། སྨན་རྫས་ཡང་བསྐྱར་ཐོ་འགོད་དང་སྨན་རྫས་ཁ་གསབ་རེ་ཞུ། སྨན་ཁང་གི་སྨན་རྫས་ཐོ་འགོད་(ཡང་བསྐྱར་ཐོ་འགོད)དང་སྙོམ་སྒྲིག་བཀོལ་སྤྱོད་སོགས་ཀྱི་སྲིད་འཛིན་ཆོག་འཐུས་དང་། སྨན་རྫས་ཐོན་སྐྱེད་མངག་བཅོལ་གྱི་སྲིད་འཛིན་ཆོག་འཐུས་བཅས་ཀྱི་འགན་འཁུར་དགོས། སྲོལ་རྒྱུན་གྱི་ཀྲུང་ལུགས་སྨན་རྫས་ཀྱི་ཐོ་འགོད་སྙན་སེང་དང་ངོ་སྣུམ་བྱུག་རྫས་མིན་པའི་ཐོ་འགོད་སྙན་སེང་གི་འགན་འཁུར་དགོས། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཐོ་འགོད་དང་ཞིབ་དཔྱད་ཞིབ་མཆན་འགོད་པའི་དོ་དམ་ལམ་ལུགས་ལག་བསྟར་དང་དེ་ལ་ལྟ་སྐུལ་ཞིབ་བཤེར་ཡང་བྱ་དགོས།
  (བཞི) ཞིང་ཆེན་ཡོངས་ཀྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད། ངོ་གདོང་ཡག་བཟོ་ཐོན་རྫས་བཅས་ཁྲོམ་རར་བཏོན་རྗེས་ཀྱི་ཉེན་ཁའི་དོ་དམ་གྱི་འགན་འཁུར་དགོས། སྨན་རྫས་མི་འཕྲོད་པ་དང་། སྨན་བཅོས་ཡོ་བྱད་མི་གཙང་བ། ཡག་བཟོ་ཐོན་་རྫས་མི་འཕྲོད་པ་བཅས་ལ་ལྟ་ཞིབ་ཚད་ལེན་དང་། གདེང་འཇོགཐག་གཅོད་བཅས་བྱེད་པའི་ལས་དོན་སྒྲིག་འཛུགས་དང་། ཁྲིམས་ལྟར་སྨན་རྫས་དང་། སྨན་བཅོས་ཡོ་བྱད། ངོ་གདོང་ཡག་བཟོ་ཐོན་རྫས་བཅས་ཀྱི་བདེ་འཇགས་བབ་བསྟུན་དོ་དམ་བྱེད་པའི་འགན་འཁུར་དགོས། སྨན་རྫས་དང་། སྨན་བཅོས་ཡོ་བྱད། ཡག་བཟོ་ཐོན་རྫས་བཅས་ཀྱི་བདེ་འཇགས་ལས་འཛོལ་འཕྲལ་སྡོམ་ཐག་གཅོད་དང་བརྟག་དཔྱད་ཐག་གཅོད་བྱ་བ་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ། ལས་འཛོལ་རྩད་བཤེར་ཐག་གཅོད་བྱས་ཚུལ་ལ་ལྟ་སྐུལ་བྱེད་དགོས། གནད་དོན་ཡོད་པའི་ཐོན་རྫས་ཕྱིར་འགུག་དང་ཐག་གཅོད་བྱེད་པའི་ལམ་ལུགས་འཛུགས་པ་དང་ལག་ལེན་བསྟར་བར་ལྟ་སྐུལ་བྱ་བའི་འགན་ཡང་འཁུར་དགོས།
  (ལྔ) སྨན་སྦྱོར་པའི་ཐོབ་ཐང་ཞུགས་འཐུས་ལམ་ལུགས་ལག་བསྟར་དང་། ཞིང་ཆེན་ཡོངས་ཀྱི་སྨན་སྦྱོར་པའི་ལས་གཉེར་ཐོ་འགོད་དང་དོ་དམ་ལ་ལྟ་སྐུལ་ལག་བསྟར་བྱེད་དགོས།
  (དྲུག) ཞིང་ཆེན་ཡོངས་ཀྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད། ངོ་སྣུམ་བྱུག་རྫས་བཅས་ལ་ལྟ་སྐུལ་ཞིབ་བཤེར་རྩ་འཛུགས་དང་མཛུབ་སྟོན་གྱི་འགན་འཁུར་དགོས། རྒྱལ་ཁབ་ཀྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་མཐར་ཕྱིན་བྱས་ནས་སྨན་རྫས་དང་། སྨན་བཅོས་ཡོ་བྱད། ངོ་སྣུམ་བྱུག་རྫས་བཅས་ཐོན་སྐྱེད་ཀྱི་བརྒྱུད་རིམ་དང་། སྨན་རྫས་སྡེབ་འཚོང་དང་སིལ་འཚོང་གི་རྒྱུད་འབྲེལ་སྤྱི་ཁྱབ་པུའུ་དང་། དྲ་སྦྲེལ་ཕྱིར་འཚོང་བྱེད་མཁན་ཕྱོགས་གསུམ་པའི་ལས་སྟེགས་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་བའི་འགན་དང་། སྨན་རྫས་སིལ་འཚོང་དང་། སྨན་བཅོས་ཡོ་བྱད་གཉེར་སྐྱོང་། ངོ་སྣུམ་བྱུག་རྫས་གཉེར་སྐྱོང་། སྨན་རྫས་དང་སྨན་བཅོས་ཡོ་བྱད་བེད་སྤྱོད་བརྒྱུད་རིམ་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་སྒྲིག་འཛུགས་ཐོག་ཞིབ་བཤེར་ཐག་གཅོད་དང་ཁྲིད་སྟོན། བདེ་འཇགས་ཀྱི་ཁྲིམས་འགལ་གྱོད་གཞི་ཚབས་ཆེན་ལ་ཞིབ་བཤེར་བཅས་བྱ་བའི་འགན་ཡོད།
  (བདུན) ཞིང་ཆེན་ཡོངས་ཀྱི་སྨན་རྫས་གོང་དུ་སྤེལ་བའི་བདེ་འཇགས་འཆར་འགོད་སྒྲིག་བཟོ་དང་འབྲེལ་སྒྲིག་འཛུགས་ཐོག་ལག་བསྟར་བྱ་བའི་འགན་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར། སྲིད་འཛིན་ཁྲིམས་བསྟར་ལ་ལྟ་སྐུལ། སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་ཞུ་ལེན། གྱོད་གཞི་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་བཤེར་བཅས་ཀྱི་འགན། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་བྱེད་པའི་དོ་དམ་ལས་ཀ་སྒྲུབ་པའི་འགན།  ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་འགན་བཅས་འཁུར་དགོས།

(བརྒྱད) ཞིང་ཆེན་ཡོངས་ཀྱི་སྨན་རྫས་དང་། ངོ་སྣུམ་བྱུག་རྫས། སྨན་བཅོས་ཡོ་བྱད་བཅས་ཀྱི་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས།
  (དགུ།) ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས།
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།