དྲན་སྐུལ་གལ་ཆེན་གྱི་ཁ་པར་ཨང་གྲངས་ངེས་པར་དུ་ལེན་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ10པའི་ཚེས14ཉིན།    རྒྱལ་ཁབ་བདེ་འཇགས་པུའུ་ཡིས《རྒྱལ་ཁབ་བདེ་འཇགས་ཀྱི་ཁ་པར་བཏང་འོངས་ན་ཁྱེད་ཀྱིས་རམ་འདེགས་སྒོས་ལེན་རོགས་ཞུ》ཞེས་པའི་ཡིག་ཆ་བཏོན། 

ཡིག་ཆ་དེའི་ནང་རང་རྒྱལ་ནི་སྔར་བྱུང་མ་མྱོང་བའི་འཛམ་གླིང་གར་སྟེགས་ཀྱི་དབུས་སུ་སླེབས་པ་དང་ཆབས་ཅིག རང་རྒྱལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲད་པའི་འཇིགས་སྐུལ་དང་འགྲན་སློང་ཉིན་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་རམ་འདེགས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་མི་དམངས་བཟང་བོ་ཞིག་བྱེད་དགོས། དེ་དང་ཆབས་ཅིག་དེ་སྔ་དྲིལ་སྒྲོག་འཕྲིན་སྤེལ་དང་། ཉེན་ཟོན་སློབ་གསོ། མི་མངོན་པའི་འཐབ་ཕྱོགས་བརྗོད་གཞིར་བྱས་པའི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་ཁྲོད་ཐོན་པའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བརྟག་དཔྱད་འདྲི་རྩད་ཀྱི་གནས་ཚུལ་ཡང་སྔར་ལས་མང་བ་ཚང་མའི་མདུན་དུ་ཐོན་བཞིན་ཡོད།     

གནས་ཚུལ་ཅི་འདྲའི་འོག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་སྤྱི་དམངས་ལ་བརྟག་དཔྱད་རམ་འདེགས་བྱེད་དགོས་པའི་བརྡ་ཐོ་གཏོང་སྲིད་དམ།     ཇི་ལྟར་བྱས་ནས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བརྟག་དཔྱད་བླང་བྱར་ཁ་གཏད་ཡང་དག་གཅོག་དགོས་སམ།     

རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ཁ་པར་བཏང་སྟེ་ཁྲིམས་ལྟར་ཁྲིམས་འཛིན་བྱེད་པ།

--འདྲི་རྩད་གནས་ཚུལ། རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་ཀྱི་ཁྲིམས་འཛིན་མི་སྣས་བཅའ་ཁྲིམས་ལྟར་ལས་འགན་སྒྲུབ་སྐབས།    མི་དམངས་ཉེན་རྟོག་པའི་ལག་ཁྱེར་རམ་ཡང་ན་མྱུལ་ཞིབ་ལག་ཁྱེར་བསྟན་པ་བརྒྱུད་འབྲེལ་ཡོད་མི་སྒེར་དང་རྩ་འཛུགས་ལ་འབྲེལ་ཡོད་གནས་ཚུལ་འདྲི་རྩད་བྱས་ཆོག དགོས་མཁོར་གཞིགས་ནས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་གྱོད་དོན་ཞིབ་གཅོད་སྡེ་ཁག་གི་འགན་འཁུར་པས་ཞིབ་མཆན་བཀོད་པ་བརྒྱུད་འདྲི་རྩད་བརྡ་ཡིག་སྤྲད་ཆོག འདྲི་རྩད་བྱེད་ས་དངོས་ལ་བྱས་ཆོག་ལ།    འདྲི་རྩད་བྱ་ཡུལ་གྱི་མི་གནས་སའི་ལས་ཁུངས་དང་སྡོད་གནས།    ཡང་ན་འདྲི་རྩད་བྱ་ཡུལ་གྱི་མིས་མོས་མཐུན་བྱུང་བའི་ས་གནས་གཞན་དུ་བྱས་ཀྱང་ཆོག དགོས་ངེས་ཀྱི་སྐབས་སུ་ཡིག་ཐོག་དང་ཁ་པར་སོགས་ཀྱི་བྱེད་ཐབས་སམ་ཡང་ན་ས་དེའི་འདྲི་རྩད་བྱ་ཡུལ་ལ་རྒྱལ་ཁབ་བདེ་སྲུང་ལས་ཁུངས་སུ་འདྲི་རྩད་དང་ལེན་བྱེད་པར་ཡོང་དགོས་པའི་བརྡ་ཐོ་བཏང་ཆོག

དཔང་པོར་འདྲི་རྩད་བྱ།     རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་དོན་ལ་གནོད་པའི་ཉེས་དོན་གྱི་གྱོད་གཞི་ཞིབ་གཅོད་བྱ་རྒྱུའི་དགོས་མཁོའི་དབང་གིས་དཔང་པོར་འདྲི་རྩད་བྱས་ཆོག དཔང་པོར་འདྲི་རྩད་བྱེད་སྐབས་དོན་རྐྱེན་བྱུང་སར་བྱས་ཆོག་ལ།    དཔང་པོའི་ལས་ཁུངས་ནམ་སྡོད་གནས་སམ་ཡང་ན་དཔང་པོས་བཤད་པའི་ས་གནས་སུ་བྱས་ནའང་ཆོག དོན་རྐྱེན་བྱུང་སར་དཔང་པོར་འདྲི་རྩད་བྱེད་སྐབས་མྱུལ་ཞིབ་བྱེད་མིས་མི་དམངས་ཉེན་རྟོག་པའི་ལག་ཁྱེར་རམ་ཡང་ན་མྱུལ་ཞིབ་ཀྱི་ལག་ཁྱེར་སྟོན་དགོས།     དཔང་པོའི་ལས་ཁུངས་ནམ་སྡོད་གནས་སམ་ཡང་ན་དཔང་པོས་བཤད་པའི་ས་གནས་སུ་དཔང་པོར་འདྲི་རྩད་བྱེད་སྐབས་གྱོད་དོན་ཞིབ་གཅོད་སྡེ་ཁག་གི་འགན་འཁུར་པའི་ཆོག་མཆན་ཐོབ་པ་བརྒྱུད་འདྲི་རྩད་བརྡ་ཡིག་བཟོ་དགོས།     དགོས་པ་བྱུང་ཚེ་ཡིག་ཐོག་དང་ཁ་པར་ལམ་ཡང་ན་རང་སར་དཔང་པོར་རྒྱལ་ཁབ་བདེ་སྲུང་ལས་ཁུངས་སུ་དཔང་ཚིག་འབུལ་བར་ཡོང་དགོས་པའི་བརྡ་ཐོ་བཏང་ཆོག

བརྟག་དཔྱད་དང་གཞོགས་འདེགས་བྱས་ནས་འོས་འགན་སྒྲུབ་དགོས། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་།    མཚན་སྙན།    ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ཡོད།    རྒྱལ་ཁབ་ཀྱི་བདེ་འཇགས་དང་།    མཚན་སྙན།    ཁེ་ཕན་བཅས་ལ་གནོད་པའི་བྱ་བ་བྱས་མི་ཆོག

རྒྱལ་ཁབ་བདེ་འཇགས་ལས་དོན་ནི་རྒྱལ་ཁབ་འཕེལ་རྒྱས་བརྟན་ལྷིང་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད།     རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཁ་པར་སྟབས་བདེ་བ་ཞིག་ཏུ་སྣང་ཡང་དོན་དངོས་ཐོག་དེ་ནི་གསང་བའི་འཐབ་ཕྱོགས་ཀྱི་མདུང་རྩེ་ཁ་སྤྲོད་ཀྱི་ཛ་དྲག་གི་འགྲན་རྒོལ་ཞིག་རེད།    

རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བརྟག་དཔྱད་བླང་བྱའི་མདུན་དུ་དོ་བདག་ལ་ལུགས་མཐུན་གྱི་རྒྱུ་མཚན་མེད་ན་དང་ལེན་མི་བྱེད་པ་བྱེད་མི་ཆོག ཐུག་འཕྲད་བྱས་རྗེས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བརྟག་དཔྱད་དཔང་ལེན་ལ་གཞོགས་འདེགས་ཧུར་ཐག་བྱ་དགོས།     རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་གྱོད་གཞིའི་གནས་ཚུལ་ལ་བརྟག་དཔྱད་དང་རྒྱུས་ལོན་བྱེད་པ་དང་གྱོད་འབྲེལ་དཔང་རྟགས་བསྡུ་རུབ་བྱེད་སྐབས་འབྲེལ་ཡོད་མི་སྒེར་དང་རྩ་འཛུགས་ཀྱིས་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས་པ་མ་ཟད།    ཁྲིམས་ལྟར་འབྲེལ་ཡོད་རྒྱལ་ཁབ་ཀྱི་གསང་བ་དང་ལས་ཀའི་གསང་བ་དམ་སྲུང་བྱེད་དགོས།  

རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསལ་འདེབས། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་སྲུང་ལས་ཁུངས་དང་།    སྤྱི་བདེ་ལས་ཁུངས།    འབྲེལ་ཡོད་དམག་དོན་ལས་ཁུངས་བཅས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་རྒྱུ་ཚུད་པའི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ལག་བསྟར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།  

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནང་རྒྱལ་ཁབ་བདེ་སྲུང་་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་རྐང་བཙུགས་ནས་བཀག་འགོག་བྱེད་པའམ་ཡང་ན་མི་གཞན་ལ་གསང་མྱུལ་གྱི་ཉེས་སྤྱོད་ཡོད་པ་ཤེས་བཞིན་དུ་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་དེར་འབྲེལ་ཡོད་གནས་ཚུལ་བརྟག་དཔྱད་དང་།    འབྲེལ་ཡོད་དཔང་རྟགས་བསྡུ་རུབ་བྱེད་སྐབས་འདོན་སྤྲོད་མ་བྱས་པས་ཉེས་གསོག་གི་ཚད་ལ་སླེབས་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནང་གཏན་འབེབས་བྱས་དོན།     ཉེས་ཚད་ལོན་མེད་ན།    རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་པའམ་ཡང་ན་ཉིན་བཅུ་མན་གྱི་སྲིད་འཛིན་ཐོག་ནས་བཀག་སྐྱིལ་བྱ་རྒྱུ་དང་།    སྒོར་ཁྲི་གསུམ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

དེ་དང་ཆབས་ཅིག་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་མིག་གསལ་པོ་ལྟ་ཐུབ་པ་བྱེད་དགོས་པ་སྟེ།    གལ་ཏེ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་ཉེན་རྟོག་པའི་མིང་ཐོག་ནས་གཡོ་སྐོར་བྱེད་རིགས་འཕྲད་ཚེ།    12339རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱི་ཐེར་འདོན་བདག་སྤྲོད་ཁ་པར་རམ་ཡང་ན་རྒྱལ་ཁབ་བདེ་འཇགས་པུའི་སྐད་འཕྲིན་སྤྱི་རྟགས་ཐོག་ནས་ཐེར་འདོན་བདག་སྤྲོད་བྱེད་པའི་ཐབས་ལམ་སོགས་གཞུང་ཕྱོགས་ཐབས་ལམ་བརྒྱུད་ཐེར་འདོན་བྱེད་ཆོག་པ་དང་།     རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་དོན་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པ་དང་དེ་མིན་གྱི་ཁྲིམས་འགལ་བྱ་སྤྱོད་ཐོན་སྲིད་པའི་རིགས་ལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལྟ་སྐུལ་ཐེར་འདོན་ལས་སྟེགས་བརྒྱུད་ལྟ་སྐུལ་བྱེད་ཆོག

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།