གཅིག རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་བཙོན་ཁང་གི་བྱ་བའི་བྱེད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་དང་། བཙོན་ཁང་གི་ལས་ཀ་གོང་སྤེལ་འཆར་འགོད་བཟོ་བ། བཙོན་ཁང་གི་ལས་ཀ་བཀོད་སྒྲིག་གི་འཆར་འགོད་ཐད་ནས་བསམ་འཆར་འདོན་པ། བཙོན་ཁང་གི་ལས་ཀའི་སྒྲིག་སྲོལ་ལམ་ལུགས་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བཅས་བྱ་བའི་འགན་ཡོད།
གཉིས། བཙོན་ཁང་དོ་དམ་གྱི་ལས་ཀ་བསྒྲུབ་དགོས་ཤིང་། སྲོག་ཁྲིམས་ལོ་གཉིས་ཕྱིར་འགྱངས་བྱས་པའི་བཙོན་མ་དང་། ཚེ་བཙོན། དུས་བཀག་བཙོན་འཇུག་བཅས་ཀྱི་ཉེས་ཅན་རྣམས་ལ་བཅའ་ཁྲིམས་ལྟར་ཁྲིམས་ཆད་ལག་བསྟར་དང་སྐྱོན་ཆ་བཅོས་སྒྱུར་ཕྱོགས་ལ་བསླབ་འདོམས་བྱ་དགོས།
གསུམ། ཉེས་ཅན་བཀག་ཉར་དང་། བཀོད་སྒྲིག ཉེས་ཆད་ཆག་ཡང་གཏོང་བའི་སྙན་ཞུ། བཙོན་ཕྱིར་སྨན་བཅོས། གློད་གྲོལ་གཏོང་བ་སོགས་ཀྱི་ཁྲིམས་བསྟར་བའི་འགན་འཁུར་དགོས་པ་དང་། བཙོན་ཁང་ནང་གི་གྱོད་གཞི་མྱུལ་ཞིབ་དང་རྩད་ཆོད། བཙོན་ཁང་ནང་གི་བདེ་འཇགས་འགོག་ཟོན་དང་། གཏུམ་སྤྱོད་བཀག་འགོག གློ་བུར་དུ་བྱུང་བའི་དོན་རྐྱེན་བཅས་ལ་ཞིབ་བཤེར་དང་ལྟ་སྐུལ། སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་བྲོས་བྱོལ་ཉེས་ཅན་འདེད་འཛིན། བཙོན་འཇུག་སྒང་གི་ཉེས་ཅན་ལ་ཉེས་ཆད་ཆག་ཡང་དང་། ཚོད་བགམ་གློད་འགྲོལ་བཅས་ཀྱི་འགན་འཁུར་དགོས་པ་མ་ཟད། བཙོན་ཁང་དུ་ཉེས་པ་སླར་བསགས་པའི་གྱོད་གཞི་ཁྲིམས་སྦྱོར་ཐད་བསམ་འཆར་འདོན་པའི་འགན་ཡོད།
བཞི། བཙོན་ཁང་གི་ཉེས་ཅན་པའི་ངལ་རྩོལ་བདེ་འཇགས་དང་། ངལ་རྩོལ་སྲུང་སྐྱོང་། ལས་མི་དབང་པོ་སྐྱོན་ཅན་ཡིན་མིན་གསལ་འབྱེད། གུན་གསབ་བཅས་ཀྱི་དོ་དམ་ལས་སྒྲུབ་ཀྱི་འགན་འཁུར་དགོས་པ་མ་ཟད། བཙོན་ཁང་གི་ཉེས་ཅན་པའི་ངལ་རྩོལ་ཐོན་སྐྱེད་ཀྱི་སློབ་གསོ་དང་རྩལ་ནུས་སྦྱོང་བརྡར་ལས་ཀའི་འགན་ཡང་འཁུར་དགོས།
ལྔ། བཙོན་ཁང་ཁོངས་གཏོགས་ཀྱི་བཙོན་དོན་དོ་དམ་དང་། ཁྲིམས་ཆད་ལག་བསྟར། སློབ་གསོ་བསྒྱུར་བཀོད། ངལ་རྩོལ་བསྒྱུར་བཀོད། བཙོན་ཁང་ནང་གི་གྱོད་གཞི་མྱུལ་ཞིབ། འཚོ་བའི་འཕྲོད་བསྟེན། ཉེས་ཅན་གྱི་ངལ་རྩོལ་བདེ་འཇགས། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན། ཐོལ་བྱུང་དོན་རྐྱེན་འཕྲལ་བསྟུན་ཐག་གཅོད་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་དགོས།
དྲུག བཙོན་ཁང་ཁོངས་གཏོགས་ཀྱི་འགོ་ཁྲིད་ཚན་པ་དང་དཔུང་ཁག་འཛུགས་སྐྱོང་དང་། གཏན་འབེབས་ཀྱི་དབང་ཚད་ལྟར་བཙོན་ཁང་ཁོངས་གཏོགས་ཀྱི་མི་དོན་དང་ཉེན་རྟོག་པའི་ལས་དོན་ལ་དོ་དམ། བཙོན་ཁང་གི་མི་དམངས་ཉེན་རྟོག་པའི་ལས་དོན་ལ་ལྟ་ཞིབ་བཅས་བྱ་བའི་འགན་དང་། བཙོན་ཁང་ཁོངས་གཏོགས་ཀྱིས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱ་བར་མཛུབ་ཁྲིད་བྱ་བའི་འགན་འཁུར་དགོས།
བདུན། བཙོན་ཁང་ཁོངས་གཏོགས་ཀྱི་མེ་མདའ་དང་། རྫས་མདེལ། ཉེན་རྟོག་པའི་འཁོར་རིགས། གྱོན་ཆས། རྩལ་འགོག་སྒྲིག་ཆས་བཅས་ལ་དོ་དམ་བྱེད་དགོས།
བརྒྱད། བཙོན་ཁང་ཁོངས་གཏོགས་ཀྱི་ནོར་དོན་སྔོན་རྩིས་དང་ངེས་རྩིས་དང་། རྒྱུ་ནོར་དོ་དམ། ནང་ཁུལ་གྱི་རྩིས་བཤེར་བཅས་ཀྱི་ལས་ཀའི་འགན་འཁུར་དགོས།
དགུ། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྤྲད་པའི་ལས་དོན་གཞན་དག་བསྒྲུབ་དགོས། །
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།