ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

(གཅིག) ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་རིགས་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་སྲིད་ཇུས་བྱེད་ཐབས་བཟོ་འགོད་དང་སྒྲིག་འཛུགས་ཐོག་ལག་ལེན་བསྟར་བའི་འགན་འཁུར་དགོས། དངུལ་རྩའི་ལས་རིགས་འཕེལ་རྒྱས་གཏོང་བའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ཇུས་ཐག་གཅོད་པའི་དཔྱད་གཞི་འདོན་སྤྲོད་དང་། དངུལ་རྩ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་ཀའི་བར་འབྲེལ་གཏུག་དང་མཉམ་ལས་བྱེད་པར་སྐུལ་འདེད། སྲིད་ཇུས་ཐོག་ནས་ཁྲིད་སྟོན་དང་། མཐུན་སྦྱོར། ཞབས་ཞུ་བཅས་ལ་ཤུགས་སྣོན་པའི་འགན་འཁུར་དགོས། 

(གཉིས) གྲངས་ཉུང་དངུལ་བུན་ཀུང་སི་དང་། མ་དངུལ་བསྡུ་རྒྱུག་རང་བཞིན་གྱི་ཁག་ཐེག(ཁག་ཐེག་བསྐྱར་མ)ལས་ཁུངས། ས་ཁོངས་རང་བཞིན་གྱི་རྐང་དབང་ཁྲོམ་ར། གཏའ་འཇོག་དངུལ་ཁང་། མ་དངུལ་བསྡུ་རྒྱུག་བོགས་གཏོང་ཀུང་སི། ཚོང་ལས་འགན་བཅོལ་དོ་དམ་ཀུང་སི། ས་གནས་རྒྱུ་ནོར་དོ་དམ་ཀུང་སི་བཅས་རིགས་བདུན་ལ་ལྟ་སྐུལ་དོ་དམ་གྱི་འགན་ཡོད་པ་དང་། གོང་གསལ་ལས་རིགས་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཟོ་འགོད་དང་དེའི་ལག་ལེན་བསྟར་བར་སྒྲིག་འཛུགས་བྱ་བའི་འགན་ཡོད།
   (གསུམ།) ས་གནས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་དོན་གྲོས་མཐུན་སྦྱོར་དང་མཉམ་འགུལ་ལས་ཀའི་ལམ་སྲོལ་གསར་འཛུགས་དང་དེའི་འཐུས་ཚང་དུ་གཏོང་བའི་འགན་འཁུར་དགོས། གྲོང་ཁྱེར(ཁུལ)ཁག་གི་དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་འབྲེལ་ཡོད་ལས་སྒོའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཉེན་ཁ་ཐག་གཅོད་བྱེད་པའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འགན་ཡོད།
   (བཞི།) ས་གནས་ཀྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བའི་ལས་དོན་མཐུན་སྦྱོར་དང་སྐུལ་འདེད་བྱ་བའི་འགན་འཁུར་དགོས། ། ས་གནས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་པ་དང་། འབྲེལ་ཡོད་སྡེ་ཁག་དང་དངུལ་རྩའི་ལས་ཁུངས་ཀྱིས་ཉེན་ཁ་སྔོན་འགོག་དང་། སྔོན་བརྡ། ཐག་གཅོད་བཅས་ཀྱི་ལམ་སྲོལ་གསར་འཛུགས་དང་དེའི་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བའི་འགན། ས་གནས་ཀྱི་དངུལ་རྩའི་ཉེན་ཁ་ཐག་གཅོད་དང་འདུམ་སེལ་ལ་སྐུལ་འདེད་བྱས་ཏེ། ས་གནས་ཀྱི་དངུལ་རྩ་བརྟན་པོ་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་བའི་འགན་ཡོད།

(ལྔ) ས་གནས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བྱ་བའི་འགན་འཁུར་དགོས།  དངུལ་རྩའི་གཞི་གྲངས་འཚོལ་བསྡུ་དང་ལེགས་སྒྲིག དབྱེ་ཞིབ། བེད་སྤྱོད་བཅས་ལ་ཤུགས་སྣོན་དང་། ས་གནས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། ཕྱོགས་བསྡུས་དཔལ་འབྱོར་དང་དངུལ་རྩའི་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བཅས་བྱས་ནས་དངུལ་རྩའི་ཉེན་ཁ་ངོས་འཛིན་དང་། སྔོན་བརྡ། ལྟ་ཞིབ་ཚད་ལེན། ཐག་གཅོད་བཅས་བྱ་བའི་བྱེད་ནུས་ཆེ་རུ་གཏོང་བའི་འགན་ཡོད།
  (དྲུག) ས་གནས་ཀྱི་དངུལ་རྩའི་ཚོང་རའི་མ་ལག་འཛུགས་སྐྱོང་ལ་མཛུབ་སྟོན་དང་སྐུལ་འདེད་བྱ་བའི་འགན་འཁུར་དགོས།  དངུལ་རྩའི་སྒྲིག་གཞི་བཀོད་སྒྲིག་ལུགས་མཐུན་དང་མཐུན་སྦྱོར་ངང་གོང་དུ་སྤེལ་བར་ཁྲིད་སྟོན་དང་། རིམ་པ་མང་བའི་མ་རྩའི་ཚོང་ར་འཕེལ་རྒྱས་གཏོང་བ་དང་། ས་ཁོངས་རང་བཞིན་གྱི་རྐང་དབང་ཚོང་ར་འཛུགས་པར་སྐུལ་འདེད། གསར་གཏོད་ཅན་གྱི་དངུལ་རྩའི་རྩ་འཛུགས་ཚད་ལྡན་དང་འཕེལ་རྒྱས་སུ་གཏོང་བ། དངུལ་རྩའི་ལས་ཁུངས་རིགས་ཁག་ལ་ཁྲིད་སྟོན་དང་མཐུན་སྦྱོར། ཞབས་ཞུ་བཅས་བྱ་བའི་བྱེད་ཤུགས་ཆེ་རུ་གཏོང་བའི་འགན་ཡོད།
  (བདུན) ཁེ་ལས་ཚོང་རར་ཞུགས་པ་དང་དེར་སྒོ་བྱང་འགེལ་བ་བཅས་ཟུར་ཁྲིད་དང་གསོ་སྐྱོང་བྱ་བའི་འགན་ཡོད།  ཁེ་ལས་ཚད་ལྡན་ཅན་གྱི་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱི་མངའ་ཁོངས་ཕྱི་ནང་དུ་ཚོང་རར་ཞུགས་ཏེ་མིང་སྦྱར་མ་དངུལ་སྡུད་པར་ཁྲིད་སྟོན་བྱ་བ། ཚོང་རར་འདོན་མཁན་ཀུང་སིའི་རྒྱུ་ནོར་བསྐྱར་སྒྲིག་དང་མ་དངུལ་བསྐྱར་དུ་འདུ་འཁོར་བྱེད་པར་ཁྲིད་སྟོན། ཁེ་ལས་ཀྱི་བུན་འཛིན་འགྲེམས་སྤེལ་སོགས་ཀྱི་ལས་ཀར་མཛུབ་སྟོན་དང་སྐུལ་འདེད་བཅས་གཏང་བའི་འགན་ཡོད།
  (བརྒྱད།) དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁུར་དགོས།  ས་གནས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་དང་། བྱ་ཐབས། ལེ་ལག་ཚང་བའི་སྲིད་ཇུས་བྱ་ཐབས་བཅས་འཛུགས་པ་ནས་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩ་དོ་དམ་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་། སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་བཟོ་འགོད། ས་གནས་དངུལ་རྩའི་ཁྲིམས་སྒྱུར་ལམ་སྲོལ་འཛུགས་པའི་འགན། ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་ཕྱོགས་བསྡུས་མཐུན་སྦྱོར་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། ཀུན་ཕན་དངུལ་རྩ་འཕེལ་རྒྱས་དང་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་པར་སྐུལ་འདེད་བཅས་གཏོང་བའི་འགན་ཡོད། 

(དགུ།) དངུལ་རྩའི་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྦྱོང་བརྗེ་རེས་བྱ་བ་སྒྲིག་འཛུགས་བྱེད་པའི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་གྱི་འཆར་གཞི་གཏན་འབེབས་དང་སྒྲིག་འཛུགས་ལག་བསྟར།  ཞིང་ཆེན་ཕྱི་ནང་གི་དངུལ་རྩའི་ལས་ཁུངས་དང་འབྲེལ་གཏུག་མཉམ་ལས་དང་ཤེས་ལྡན་མི་སྣ་བརྗེ་རེས་བྱེད་པའི་ནང་རྐྱེན་གསར་འཛུགས། དངུལ་རྩའི་ཤེས་བྱ་དྲིལ་སྒྲོག་དང་ཁྱབ་གདལ་གཏོང་བའི་ལས་ལ་ཤུགས་སྣོན་པའི་འགན་བཅས་འཁུར་དགོས།
  (བཅུ།) ཞིང་ཆེན་དངུལ་རྩའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་རྒྱུན་ལྡན་གྱི་ལས་ཀ་སྒྲུབ་འགན་འཁུར་དགོས།

(བཅུ་གཅིག) ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་སྒྲུབ་པའི་འགན་འཁུར་དགོས། 
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།