ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

(གཅིག)ཁྲོམ་རར་ཕྱོགས་བསྡུས་ཀྱིས་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁུར་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་འབྲེལ་ཡོད་ས་གནས་ཀྱི་ཁྲིམས་སྲོལ་འཆར་ཟིན་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་བཟོ་འགོད་དང་། འབྲེལ་ཡོད་སྲིད་ཇུས་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ། ཚད་གཞི་སོགས་བཟོ་དགོས། སྤུས་ཚད་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་དང་། ཟས་རིགས་བདེ་འཇགས་ཀྱི་འཐབ་ཇུས། ཚོང་རྟགས་གྲགས་ཅན་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས། ཚད་ལྡན་ཅན་གྱི་འཐབ་ཇུས་བཅས་ལག་བསྟར་བྱ་བ་སྒྲིག་འཛུགས་བྱ་བའི་འགན་དང་། འབྲེལ་ཡོད་འཆར་གཞི་བཟོ་འགོད་དང་སྒྲིག་འཛུགས་ལག་བསྟར། ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་དེར་སྲུང་སྐྱོང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བཅས་བྱས་ཏེ། ཁ་དན་ཚིག་ལ་གནས་ཤིང་འགྲན་རྩོད་དྲང་གཞག་གི་ཚོང་རའི་ཁོར་ཡུག་དང་ཚོང་གཉེར་ཁོར་ཡུག་བསྐྲུན་པའི་འགན་ཡོད།
  (གཉིས)ཁྲོམ་རའི་བྱེད་པོ་གཅིག་གྱུར་ཐོག་ཐོ་འགོད་བྱ་བའི་འགན་འཁུར་དགོས། རིགས་ཁག་གི་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། གཉེར་སྐྱོང་བྱེད་སྒོ་སྤེལ་མཁན་ཚན་པ། སྒེར་གཉེར་བཟོ་ཚོང་དུད་ཚང་། དེ་བཞིན་ཕྱི་རྒྱལ(ས་ཁུལ)གྱི་ཁེ་ལས་ཀྱི་རྒྱུན་སྡོད་འཐུས་ཚབ་ལས་ཁུངས་སོགས་ཁྲོམ་རའི་བྱེད་པོ་ཐོ་འགོད་ལས་དོན་ལ་མཛུབ་ཁྲིད་དང་། ཚོང་རའི་གྲུབ་ཆ་གཙོ་བོའི་ཡིད་རྟོན་ཡོངས་བསྒྲགས་དང་མཉམ་སྤྱོད་ལམ་སྲོལ་འཛུགས་པ། འབྲེལ་ཡོད་ཆ་འཕྲིན་ཁྲིམས་ལྟར་ཡོངས་བསྒྲགས་དང་མཉམ་སྤྱོད་བྱེད་པ། ཡིད་རྟོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཚོང་རའི་གྲུབ་ཆ་གཙོ་བོའི་ཡིད་རྟོན་མ་ལག་འཛུགས་པར་སྐུལ་འདེད་བཅས་བྱ་བའི་འགན་ཡོད།

(གསུམ)ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་སྒྱུར་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་བསྟར་རུ་ཁག་སྡེབ་སྒྲིག་དང་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་དང་། ཚོང་རའི་ལྟ་སྐུལ་དོ་དམ་གཅིག་གྱུར་གྱིས་ལག་བསྟར་བྱེད་པར་སྐུལ་འདེད། ས་ཁོངས་ལས་བརྒལ་བའི་གྱོད་གཞི་དང་། གྱོད་གཞི་ཆེ་གྲས་དང་གལ་གནད་ཆེ་རིགས། དཀའ་གནད་ཆེ་བའི་གྱོད་གཞི་བཅས་རྩད་ཞིབ་ཐག་གཅོད་བྱ་བ་སྒྲིག་འཛུགས།  ཚོང་རའི་ལྟ་སྐུལ་དོ་དམ་གྱི་སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་འགན་བཅས་འཁུར་དགོས།

(བཞི།)སྒེར་སྡེམ་ལ་རྒོལ་བའི་ཁྲིམས་གཅིག་གྱུར་ཏུ་བསྟར་བའི་འགན་འཁུར་དགོས། འགྲན་རྩོད་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་གཅིག་གྱུར་འཆར་འགོད་བཟོས་ནས་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་དྲང་གཞག་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་ལ་ཁྲིད་སྟོན་བྱ་བའི་འགན་དང་། ཁྲིམས་ཀྱིས་དབང་བསྐུར་བ་ལྟར་གཉེར་སྐྱོང་པའི་ཐུན་མོང་བྱ་སྤྱོད་ཐད་སྒེར་སྡེམ་ལ་རྒོལ་བར་ཞིབ་བཤེར་བྱ་དགོས་པ་དང་། སྒེར་སྡེམ་གྱི་གྲོས་མཐུན་དང་། ཚོང་རའི་ཁ་ལོ་སྒྱུར་བའི་གོ་གནས་དང་སྲིད་འཛིན་གྱི་དབང་ཆ་གང་བྱུང་དུ་སྤྱད་དེ་འགྲན་རྩོད་ཕྱིར་འབུད་དང་དེར་ཚད་བཀག་བཟོ་བ་ལ་སོགས་སྒེར་སྡོམ་ལ་རྒོལ་བའི་ཁྲིམས་ལག་བསྟར་གྱི་འགན་འཁུར་དགོས།
  (ལྔ)ཁྲོམ་རའི་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁུར་དགོས།  ཚོང་རའི་ཉོ་ཚོང་དང་དྲ་ཐོག་ཚོང་ཟོག་ཉོ་ཚོང་། འབྲེལ་ཡོད་ཞབས་ཞུ་བཅས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱ་བ་དང་། རིན་གོང་དངུལ་ལེན་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ། ཚུལ་མིན་འགྲན་རྩོད། ཁྲིམས་འགལ་ཐད་འཚོང་། བརྒྱུད་འཚོང་། ཚོང་རྟགས་གཅིག་པུར་དབང་བའི་ཁེ་ཕན་གྱི་ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་གཏོང་བ། རྫུན་རྫུས་ཞན་གསུམ་བཟོ་འཚོང་བཅས་ཀྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་བའི་འགན་དང་། མཚམས་སྦྱོར་བརྡ་ཁྱབ་ལས་རིགས་གོང་དུ་སྤེལ་བར་ཁྲིད་སྟོན་དང་། མཚམས་སྦྱོར་བརྡ་ཁྱབ་བྱ་བར་ལྟ་སྐུལ་དང་དོ་དམ། ལག་ཁྱེར་མེད་པར་ཐོན་སྐྱེད་གཉེར་སྐྱོང་དང་འབྲེལ་ཡོད་ལག་ཁྱེར་མེད་པར་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་བྱ་སྤྱོད་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱ་བ། འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཁྲིམས་ལྟར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་ཀ་སྤེལ་བར་མཛུབ་སྟོན་བྱ་བ་བཅས་ཀྱི་འགན་འཁུར་དགོས། 

(དྲུག)སྤྱི་ཁོག་སྤུས་ཚད་གོང་སྤེལ་དང་དོ་དམ་བྱ་བའི་འགན་འཁུར་དགོས། སྤུས་ཚད་གོང་དུ་སྤེལ་བའི་སྒྲིག་ལམ་དང་ལམ་ལུགས་བྱེད་ཐབས་བཟོ་འགོད་དང་ལག་བསྟར། སྤུས་ཚད་དབྱེ་ཞིབ་དང་སྤུས་ཚད་དཔྱད་བསྡུར་བྱ་བའི་འགན་དང་།  ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་བྱ་སྤྱོད་དང་སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་གཉིས་མཉམ་དུ་ཞབས་ཞུ་དང་བེད་སྤྱོད་བྱ་བ་སྤྱི་འདོམས་བྱས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་གྲྭའི་སྒྲིག་ཆས་གལ་ཆེན་གྱི་སྤུས་ཚད་ལྟ་སྐུལ་དོ་དམ་ལམ་ལུགས་ལག་བསྟར་སྒྲིག་འཛུགས་བྱ་བ་དང་། སྤུས་ཚད་ཀྱི་ལས་འཛོལ་ཚབས་ཆེན་ལ་བརྟག་དཔྱད་བྱ་བ་སྒྲིག་འཛུགས། ཞན་ཆ་ཡོད་པའི་ཐོན་རྫས་ཚུར་བསྡུའི་ལམ་ལུགས་ལག་བསྟར་བྱ་བ་སྒྲིག་འཛུགས། ཐོན་རྫས་རྫུན་འགོག་ལས་དོན་ལ་ལྟ་སྐུལ་དོ་དམ་བཅས་བྱ་བའི་འགན་ཡོད། 

(བདུན།)ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁུར་དགོས། ཞིང་ཆེན་རིམ་པའི་ཐོན་རྫས་ཀྱི་སྤུས་ཚད་ཉེན་ཁར་ལྟ་སྐུལ་ཚོད་འཛིན་དང་ལྟ་སྐུལ་འཐེན་ཞིབ་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར། སྤུས་ཚད་རིམ་དབྱེ་ལམ་ལུགས་དང་སྤུས་ཚད་ཉེན་མེད་ཁུངས་འདེད་ལམ་ལུགས་ལག་བསྟར་བྱ་བ་སྒྲིག་འཛུགས། ཞིང་ཆེན་རིམ་པའི་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་དོ་དམ་བྱ་བ། ཚི་སྣའི་སྤུས་ཀར་ལྟ་སྐུལ་བཅས་ཀྱི་འགན་འཁུར་དགོས།

(བརྒྱད།)དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁུར་དགོས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ལྟ་ཞིབ་དང་ཕྱོགས་བསྡུས་ཀྱིས་ལྟ་སྐུལ་དོ་དམ་བྱ་བའི་འགན་དང་། ཁྲོ་ཐབ་ཀྱི་ཁོར་ཡུག་སྲུང་སྐྱོང་ཚད་གཞི་དང་ནུས་ཁུངས་ཟད་གྲོན་ཆེ་བའི་དམིགས་བསལ་སྒྲིག་ཆས་ཀྱི་ནུས་ཁུངས་གྲོན་ཆུང་ཚད་གཞི་ལག་བསྟར་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་བ། དམིགས་བསལ་སྒྲིག་ཆས་ཞིབ་དཔྱད་བརྟག་བཤེར་སྒྲིག་གཞི་དང་། ཞིབ་དཔྱད་བརྟག་བཤེར་བྱེད་མཁན། ལས་མི་བཅས་ཀྱི་ཐོབ་ཐང་དང་བབ་ཐོབ་ལ་ལྟ་སྐུལ་དོ་དམ་བྱ་བའི་འགན་བཅས་ཡོད། 

 (དགུ།)ཟས་རིགས་གནོད་མེད་ལ་ལྟ་སྐུལ་དོ་དམ་དང་ཕྱོགས་བསྡུས་མཐུན་སྦྱོར་བྱ་བའི་འགན་འཁུར་དགོས། ྱུ ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་སྐོར་གྱི་སྲིད་ཇུས་གལ་ཆེན་གཏན་འབེབས་བྱ་བ་སྒྲིག་འཛུགས་དང་ལག་བསྟར། ཟས་རིགས་བདེ་འཇགས་ཀྱི་ས་གནས་ཏང་སྲིད་ཀྱིས་འགན་མཉམ་འཁུར་དང་། སྡེ་ཁག་བརྒལ་བ། ས་ཁུལ་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད། ཟས་རིགས་གནོད་མེད་ཀྱི་བབ་བསྟུན་མ་ལག་འཛུགས་སྐྱོང་དང་། ཟས་རིགས་ཀྱི་གནོད་པ་ཐེབས་པའི་དོན་རྐྱེན་ཚབས་ཆེན་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་བབ་བསྟུན་ཐག་གཅོད་དང་བརྟག་དཔྱད་ཐག་གཅོད་བྱ་བའི་ལས་ཀ་སྒྲིག་འཛུགས་དང་དེར་སློབ་སྟོན་བྱ་བའི་འགན།  ཟས་རིགས་གནོད་མེད་སྐོར་གྱི་ཆ་འཕྲིན་གལ་ཆེན་ཐད་ཞུ་ལམ་ལུགས་གཏན་འབེབས་བྱ་བའི་འགན། ཞིང་ཆེན་སྲིད་གཞུང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་ཀ་བསྒྲུབ་པའི་འགན་བཅས་འཁུར་དགོས།

(བཅུ།)ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁུར་དགོས།  བཟའ་བཅའ་ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ལམ་སྲོལ་ལ་ལྟ་སྐུལ་དོ་དམ་བྱེད་པ་མ་ཟད་ལག་བསྟར་བྱ་བ་སྒྲིག་འཛུགས་ཀྱང་བྱས་ཏེ་ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་བྱ་བའི་འགན་དང་། ཟས་རིགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཛུགས་པར་སྐུལ་འདེད་དང་། ཟས་རིགས་བདེ་འཇགས་ཁུངས་འདེད་མ་ལག་འཐུས་ཚང་དུ་གཏོང་བ། ཟས་རིགས་ཐད་ཀྱི་ཉེན་སྐྱོན་སྤེལ་རེས་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱ་བ། དམིགས་བསལ་ཟས་རིགས་ཐོ་འགོད་དང་། ཐོ་འགོད་སྙན་ཞུ། ལྟ་སྐུལ་དོ་དམ་བཅས་ལག་བསྟར་སྒྲིག་འཛུགས་བྱ་བ། ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེ་རིགས་ཞིབ་བཤེར་ཐག་གཅོད་སྒྲིག་འཛུགས་བྱ་བ་བཅས་ཀྱི་འགན་འཁུར་དགོས།

(བཅུ་གཅིག)ཤེས་བྱའི་ཐོན་དངོས་ཀྱི་བདག་དབང་སྲུང་སྐྱོང་དང་བཀོལ་སྤྱོད་བྱ་བའི་འགན་འཁུར་དགོས།  རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་གི་འཐབ་ཇུས་རྩ་གནད་ལག་བསྟར་དང་། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་གི་འཐབ་ཇུས་དང་སྤུས་རྟགས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་བ་གཅིག་གྱུར་མཐུན་སྦྱོར་བྱས་ནས་སྒྲིག་འཛུགས་ཐོག་སྤེལ་བའི་འགན་འཁུར་དགོས། ཤེས་བྱའི་ཐོན་དངོས་བདག་དབང་གི་འཐབ་ཇུས་དང་སྤུས་རྟགས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་ཀ་བཟོ་འགོད་དང་། ཤེས་བྱའི་ཐོན་དངོས་བདག་དབང་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་དང་འཕེལ་རྒྱས་འཆར་གཞི་བཟོ་འགོད། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་དང་ལམ་ལུགས་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་པའི་མ་ལག་འཛུགས་སྐྱོང་བཅས་བྱ་བའི་འགན་དང་། ཚོང་རྟགས་དང་། ཆེད་དབང་ཁེ་ཕན་གྱི་མཚོན་རྟགས། ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སོགས་སྲུང་སྐྱོང་བྱེད་པའི་ལས་དོན་ལག་བསྟར་ ཤེས་བྱའི་ཐོན་དངོས་བདག་དབང་གི་མཚམས་སྦྱོར་ཞབས་ཞུ་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་དང་བྱེད་ཐབས་སྒྲིག་འཛུགས་ཐོག་ལག་བསྟར་བྱ་བའི་འགན་དང་།  རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་ཅུས་ཀྱི་འབྲེལ་ཡོད་ཚབ་སྒྲུབ་ལས་འགན། ཚོང་རྟགས་དང་ཆེད་ཁེའི་ཁྲིམས་ལུགས་ལག་བསྟར་བྱེད་མཁན་ལ་མཛུབ་ཁྲིད།ཤེས་བྱའི་བདག་དབང་གི་རྩོད་གཞི་ཐག་གཅོད་དང་། ཁེ་དབང་སྲུང་སྐྱོང་རོགས་སྐྱོར། རྩོད་གཞི་འདུམ་འགྲིག་བཅས་ཀྱི་འགན། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་གི་བྱ་བར་མཛུབ་སྟོན་དང་ལྟ་སྐུལ། རང་ཞིང་ཆེན་གྱི་སྤུས་རྟགས་ཐོན་རྫས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་གཏིང་ཟབ་ཞུགས་པར་མཛུབ་ཁྲིད་བྱས་ཏེ་མ་ཏེ་རིའི་རྒྱལ་སྤྱིའི་ཚོང་རྟགས་ཐོ་འགོད་ལས་དོན་ལག་བསྟར་བྱ་བའི་འགན་བཅས་འཁུར་དགོས། 

(བཅུ་གཉིས)ཚད་འཇལ་དོ་དམ་གཅིག་གྱུར་ཐོག་དོ་དམ་བྱ་བའི་འགན་ཡོད། ཁྲིམས་གསལ་ཚད་འཇལ་རྩིས་གཞི་ཁྱབ་སྤེལ་བྱས་ནས་རྒྱལ་ཁབ་ཀྱི་ཚད་འཇལ་ལམ་ལུགས་ལག་བསྟར་བྱ་བ་དང་། དོ་དམ་གྲངས་ཚད་བརྒྱུད་སྤྲོད། ཁུངས་འདེད། ཚད་འཇལ་གཤིབ་སྡུར་བྱ་བ། ཚོང་ཟོག་གི་གྲངས་འབོར་དང་ཚོང་རའི་ཚད་འཇལ་བྱ་བ་ཚད་ལྡན་དུ་བཏང་ནས་དེར་ལྟ་སྐུལ་བྱ་བའི་འགན་བཅས་ཡོད།

(བཅུ་གསུམ)ཚད་ལྡན་དུ་སྒྱུར་བའི་ལས་དོན་ལ་གཅིག་གྱུར་གྱིས་དོ་དམ་བྱ་བའི་འགན་འཁུར་དགོས། ཁྲིམས་ལྟར་ཞིང་ཆེན་རིམ་པའི་ས་གནས་ཀྱི་ཚད་གཞི་གཏན་འབེབས་བྱ་བ་སྒྲིག་འཛུགས་བྱས་ཏེ། ཞིང་ཆེན་རིམ་པའི་ས་གནས་ཚད་གཞིའི་རྣམ་གྲངས་དང་། ཨང་གྲངས། ཆོག་མཆན་ཁྱབ་བསྒྲགས་བྱེད་པ་བཅས་ཀྱི་ལས་འགན་དང་།  གྲོང་ཁྱེར(ཁུལ)ཁག་གི་མི་དམངས་སྲིད་གཞུང་གི་ཚད་ལྡན་ཅན་གྱི་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་གྲོང་ཁྱེར(ཁུལ)རིམ་པའི་ས་གནས་ཚད་གཞི་བཟོ་བར་ཁྲིམས་ལྟར་ཆོག་མཆན་སྤྲོད་པ།  བཙན་ཤེད་རང་བཞིན་དང་། འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི། ལས་རིགས་ཀྱི་ཚད་གཞི། ས་གནས་ཀྱི་ཚད་གཞི་བཅས་དྲིལ་སྒྲོག །  གྲོང་ཁྱེར་(ཁུལ)རིམ་པའི་ས་གནས་ཀྱི་ཚད་གཞི་དང་། ཚོགས་པའི་ཚད་གཞི། ཁེ་ལས་ཀྱི་ཚད་གཞི་བཅས་གཏན་འབེབས་ལས་དོན་ཁྲིམས་ལྟར་མཐུན་སྦྱོར་བྱས་ནས་མཛུབ་ཁྲིད་དང་དེར་ལྟ་སྐུལ། རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚད་གཞི་ཅན་གྱི་མཉམ་ལས་སྒྲིག་འཛུགས་དང་རྒྱལ་སྤྱིའི་ཚད་གཞི་སྒྲིག་བཟོ་དང་བེད་སྤྱོད། ཚད་མཐུན་བཅས་ཀྱི་ལས་དོན་ཁྲོད་ཞུགས་པའི་འགན་བཅས་འཁུར་དགོས།

(བཅུ་བཞི།)དོ་དམ་དང་ཞིབ་བཤེར་ཞིབ་དཔྱད་གཅིག་གྱུར་ཐོག་སྒྲུབ་པའི་འགན་འཁུར་དགོས། བརྟག་བཤེར་དང་ཞིབ་དཔྱད་ལས་ཁུངས་མཉམ་སྒྲིག་དང་བསྒྱུར་བཅོས་ལ་སྐུལ་འདེད་དང་། བརྟག་བཤེར་དང་ཞིབ་དཔྱད་ཚོང་ར་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། བརྟག་བཤེར་དང་ཞིབ་དཔྱད་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་འགན་དང་། བརྟག་བཤེར་དང་ཞིབ་དཔྱད་ལས་རིགས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་མཐུན་སྦྱོར་བྱ་བའི་འགན་བཅས་ཡོད།

(བཅོ་ལྔ)ཁས་ལེན་དཔང་འདོན་གྱི་ལས་ཀར་གཅིག་གྱུར་གྱིས་དོ་དམ་དང་། ལྟ་སྐུལ། ཕྱོགས་བསྡུས་མཐུན་སྦྱོར་བཅས་བྱ་བའི་འགན་ཡོད། རྒྱལ་ཁབ་ཀྱིས་གཅིག་གྱུར་ཐོག་བདེན་དཔང་ར་སྤྲོད་ཁས་ལེན་དང་ཚད་ལོངས་དཔྱད་བསྡུར་གཏན་འབེབས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་ལག་ལེན་མཐར་ཕྱིན་བྱ་བ་སྒྲིག་འཛུགས་ཐོག་ལག་བསྟར་བྱ་བའི་འགན་ཡོད། 

(བཅུ་དྲུག)ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཚན་རྩལ་དང་ཆ་འཕྲིན་ཅན་འཛུགས་སྐྲུན། གསར་འགྱུར་དྲིལ་བསྒྲགས། འཕྲལ་སྡོམ་ཐག་གཅོད། ཕྱི་ཕྱོགས་མཉམ་ལས་བཅས་ཀྱི་ལས་འགན་འཁུར་དང་། གཏན་འབེབས་ལྟར་ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱེད་ཐབས་ཀྱི་འབྲེལ་ཡོད་ལས་ཀ་སྒྲུབ་པའི་འགན། ཕྱི་ཕྱོགས་དང་འབྲེལ་བའི་ཤེས་བྱའི་ཐོན་དངོས་བདག་དབང་གི་དོན་དག་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱ་བའི་འགན། ཤེས་བྱའི་ཐོན་དངོས་བདག་དབང་ཕྱི་ཕྱོགས་ལ་བཤུག་སྤྲོད་བྱེད་པར་ཞིབ་བཤེར་བྱ་བའི་འགན་བཅས་ཡོད། (བཅུ་བདུན)གྲོང་ཁྱེར(ཁུལ)ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཏང་ཨུད་ཀྱི་རྩ་འཛུགས་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང། ཆེད་ལས་ཁྲོམ་ར་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤེལ་བའི་འགན་འཁུར་དགོས།
  (བཅོ་བརྒྱད)ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུད་ལ་དོ་དམ་བྱ་བའི་འགན་ཡོད།
  (བཅུ་དགུ)ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་བའི་འགན་ཡོད། 

 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།