ཟླ10པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཆེད་ལས་རུ་ཁག་ཐོག་མའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནགས་ལས་དང་རྩྭ་ཐང་ཅུའུ་རུ་བསྡུས།
ནགས་ཚལ་མེ་ཟོན་མེ་གསོད་ལས་དོན་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཏ་ཐུང་རྫོང་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ཆེད་ལས་རུ་ཁག་བཙུགས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ནུས་པ་དང་མེ་གསོད་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། མེ་ཟོན་རུ་མི་ཚོས་འགན་འཁྲི་འཁུར་སེམས་དང་། དགོས་གཏུགས་རང་བཞིན། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་བཏང་ནས་དོ་དམ་ལ་ཤུགས་སྣོན་དང་སྦྱོང་བརྡར་ནན་པོ་བྱས་ཏེ་ནགས་ཚལ་མེ་ཟོན་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་རེད། དུས་མཚུངས་སུ་ནགས་ཚལ་མེ་ཟོན་གྱི་“འགོག་ཟོན་དང་། ཉེན་ཁ་སྔོན་འགོག སྒྲིག་འགལ་སྔོན་འགོག”“སྔ་མོ་ནས་རྡུང་རྡེག་དང་། ཆུང་ཙམ་ནས་རྡུང་རྡེག་གཏོང་བ།”བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་དོ་དམ་ལ་ཤུགས་བསྣན་ནས། ནགས་ཚལ་མེ་ཟོན་བཅོས་སྒྲིག་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། ནགས་ཚལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱས་ཏེ། ཏ་ཐུང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།