ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

(གཅིག) ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་། དེའི་སྐྱེ་ཁམས་སྲུང་སྐྱོང་དང་བསྐྱར་གསོར་ལྟ་སྐུལ་དོ་དམ་གྱི་འགན་ཡོད། ནགས་ལས་རྩྭ་ཐང་དང་དེའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་སྲིད་ཇུས། འཆར་འགོད། ཚད་གཞི་བཅས་བཟོ་བ་དང་། སྒྲིག་འཛུགས་ཐོག་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་ནགས་ལས་དང་རྩྭ་ཐང་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས་ས་གནས་ཀྱི་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་འགོད་པ། ལག་ལེན་བསྟར་བར་ལྟ་སྐུལ་བྱ་བ། ནགས་ཚལ་དང་། རྩྭ་ཐང་། བརླན་ས། ཐང་རྒོད་དང་སྐམ་སར་འཚོ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱ་བ་སྒྲིག་འཛུགས་བྱ་བའི་འགན་བཅས་ཡོད།

(གཉིས) ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། ནགས་འཛུགས་ལྗང་བསྒྱུར་བྱ་བ་རྩ་འཛུགས་དང་། ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་གནད་ཆེའི་སྐྱེ་ཁམས་སྲུང་སྐྱོང་དང་བསྐྱར་གསོའི་ལས་གཞི་རྩ་འཛུགས་ཐོག་ལག་བསྟར་། ཞིང་ཆེན་ཡོངས་ཀྱི་སྤྱི་ཕན་ནགས་ཚལ་དང་ཚོང་རྫས་ནགས་ཚལ་གསོ་སྐྱོང་དང་དོ་དམ་སྲུང་སྐྱོང་བྱེད་པར་མཛུབ་སྟོན། དམངས་ཡོངས་ཀྱིས་འོས་འགན་ཤིང་འཛུགས་དང་གྲོང་ཁྱེར་དང་གྲོང་གསེབ་སྔོ་ལྗང་ཅན་དུ་སྒྱུར་བར་མཛུབ་ཁྲིད་དང་ལྟ་སྐུལ། ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་སྐྱེ་ཁམས་གཙོ་བོ་སྲུང་སྐྱོང་དང་ཉམས་གསོར་མཛུབ་སྟོན་རང་བཞིན་གྱི་འཆར་གཞི་འགོད་པ། ས་གནས་ཀྱི་ཚད་གཞི་དང་སྒྲིག་སྲོལ་བཟོ་འགོད་དང་དེའི་ལག་བསྟར་ལ་ལྟ་སྐུལ། ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་འགོག་བཅོས་དང་ནད་ཡམས་བརྟག་ཞིབ་ཀྱི་ལས་དོན་ལ་མཛུབ་ཁྲིད་བཅས་བྱ་བའི་འགན་དང་། ནགས་ལས་དང་རྩྭ་ཐང་གི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འབྲེལ་ཡོད་ལས་ཀ་དང་། ཐཱན་འདུས་ཀྱི་འབྲེལ་ཡོད་ལས་ཀ་སྒྲུབ་པའི་འགན་བཅས་འཁུར་དགོས།

(གསུམ།) ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་། རྩྭ་ཐང་། བརླན་སའི་ཐོན་ཁུངས་བཅས་ལ་ལྟ་སྐུལ་དང་དོ་དམ་བྱ་བའི་འགན་དང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་གཅོད་གྲངས་ཚོད་འཛིན་ལ་སྒྲིག་འཛུགས་ཐོག་ལྟ་སྐུལ་ལག་བསྟར་བྱ་བ། ཞིང་ཆེན་ཡོངས་ཀྱི་ནགས་ས་དོ་དམ། ནགས་ས་སྲུང་སྐྱོང་དང་བེད་སྤྱོད་བྱ་བའི་འཆར་གཞི་བཟོ་འགོད་དགོས་པ་མ་ཟད། དེའི་ལག་ལེན་བསྟར་བར་སྒྲིག་འཛུགས་བྱ་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཕན་ནགས་ཚལ་དབྱེ་འབྱེད་དང་དོ་དམ་བྱ་བར་མཛུབ་སྟོན་དང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ལ་དོ་དམ། རྩྭ་ཐང་གི་ཕྱུགས་བཀག་དང་། རྩྭ་ཕྱུགས་དོ་མཉམ། རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་ནས་རྩྭ་ཐང་སྲུང་སྐྱོང་དང་བེད་སྤྱོད་ལ་ལྟ་སྐུལ་དོ་དམ། ཞིང་ཆེན་ཡོངས་ཀྱི་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར། འདམ་ར་སྲུང་སྐྱོང་འཆར་འགོད་དང་འབྲེལ་ཡོད་ཚད་གཞི་བཟོ་འགོད། འདམ་ར་སྲུང་སྐྱོང་དང་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བཅས་བྱ་བའི་འགན་ཡོད། 

(བཞི) ཞིང་ཆེན་ཡོངས་ཀྱི་ཐང་རྒོད་ཅན་འགོག་བཅོས་བྱ་བར་ལྟ་སྐུལ་དོ་དམ་བྱ་བའི་འགན་ཡོད། ཞིང་ཆེན་ཡོངས་ཀྱི་ཐང་རྒོད་བརྟག་དཔྱད་བྱ་བ་སྒྲིག་འཛུགས་ཐོག་སྤེལ་ཏེ། བྱེ་འགོག་བྱེ་བཅོས་དང་། བྱེ་འགྱུར་ས་ཞིང་བཀག་སྡོམ་དང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པའི་འཆར་གཞི་བཟོ་འགོད་བྱ་བ་སྒྲིག་འཛུགས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞིར་གཞིགས་ནས་ས་གནས་ཀྱི་ཚད་གཞི་བཟོ་འགོད། བྱེ་འགྱུར་ས་ཞིང་སྲུང་སྐྱོང་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་དང་དོ་དམ། འཛུགས་སྐྲུན་རྣམ་གྲངས་ཀྱིས་ས་ཞིང་གི་སྐྱེ་ཁམས་བྱེ་འགྱུར་དང་གནོད་སྐྱོན་ཐེབས་ཚུལ་ལ་སྒྲིག་འཛུགས་ཐོག་ཞིབ་བཤེར་གཏན་འབེབས་དང་ཁྲིད་སྟོན། བྱེ་རྡུལ་རླུང་འཚུབ་ཀྱི་གནོད་སྐྱོན་སྔོན་དཔག་སྔོན་བརྡ་གཏོང་བ་དང་བབ་བསྟུན་ཐག་གཅོད་བཅས་བྱ་བའི་འགན་ཡོད། 

(ལྔ) ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་དོན་གཅོད་དབང་ཆའི་ཁྱབ་ཁོངས་ནང་གི་སྲུང་སྐྱོང་དང་དོ་དམ་འཛུགས་སྐྲུན་བཅས་ཀྱི་ལས་དོན་སྒྲུབ་པའི་འགན་འཁུར་དགོས། རྒྱལ་ཁབ་སྤྱི་གླིང་བྱེད་པོ་ཡིན་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་མ་ལག་དཔེ་སྟོན་གྱི་ཞིང་ཆེན་འཛུགས་སྐྲུན་འཆར་འགོད་དང་ཚད་གཞི་ཞིབ་འཇུག་བྱ་བ་རྩ་འཛུགས་ཐོག་ལག་བསྟར་གྱི་འགན་དང་།  ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་འཆར་འགོད་དང་། འཛུགས་སྐྲུན། དམིགས་བསལ་གཉེར་འཐུས་བཅས་ཀྱི་ལས་དོན་སྒྲུབ་པའི་འགན། རྒྱལ་ཁབ་སྤྱི་གླིང་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་དོ་དམ་འགན་འཁྲི་ཚབ་སྒྲུབ་བྱ་བ། རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་བརྟག་དཔྱད་བསྡོམས་རྩིས། ཐོན་ཁུངས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་བསྟར་སོགས་ཀྱི་ལས་དོན་རྩ་འཛུགས་ཐོག་སྤེལ་བའི་འགན་འཁུར་དགོས།


  (དྲུག) རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ལ་ལྟ་སྐུལ་དོ་དམ་བྱ་བ་དང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ། མཛེས་ལྗོངས་ཁུལ་གྲགས་ཅན། རང་བྱུང་ཤུལ་བཞག་ས་གཤིས་སྤྱི་གླིང་། འཛམ་གླིང་རང་བྱུང་ཤུལ་བཞག  འཛམ་གླིང་རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག་བཅས་ལ་ལྟ་སྐུལ་དང་དོ་དམ། མཛུབ་སྟོན་བཅས་བྱ་བའི་འགན་ཡོད། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ས་ཁུལ་དང་། མཛེས་ལྗོངས་ཁུལ་གྲགས་ཅན། རང་བྱུང་རྗེས་ཤུལ། ས་གཤིས་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ས་ཁུལ་སྣ་ཚོགས་ཀྱི་འཆར་འགོད་སྒྲིག་བཟོ་དང་། འབྲེལ་ཡོད་ཚད་གཞི་དང་དོ་དམ་ལམ་ལུགས་གཏན་འབེབས། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་གསར་སྐྲུན་དང་ལེགས་སྒྲིག  གོང་སྤར། ཞིབ་བཤེར་གྲོས་འགོ་འདོན་པ་དང་འབྲེལ་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་བའི་འགན་བཅས་ཡོད། མཛེས་ལྗོངས་ཁུལ་གྲགས་ཅན་དང་འཛམ་གླིང་གི་རང་བྱུང་ཤུལ་བཞག  འཛམ་གླིང་གི་རང་བྱུང་དང་རིག་གནས་གཉིས་ཀའི་ཤུལ་བཞག་བཅས་ཀྱི་སྙན་ཞུ་འབུལ་བའི་འགན་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་བསྒྲུབ་པའི་འགན་བཅས་འཁུར་དགོས། 

(བདུན།) སྐམ་སར་འཚོ་བའི་བྱེས་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱ་བའི་འགན་ཡོད། སྐམ་སའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་བརྟག་དཔྱད་བྱ་བ་སྒྲིག་འཛུགས་དང་། རྒྱལ་ཁབ་ཀྱི་མིང་ཐོ་དཔྱད་གཞིར་བཟུང་ནས་ཞིང་ཆེན་རིམ་པའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་སྐམ་འཚོའི་བྱེས་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་མིང་ཐོ་བཟོ་འགོད་དང་ལེགས་སྒྲིག  ཞིང་ཆེན་ཡོངས་ཀྱི་སྐམ་སར་འཚོ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲོག་སྐྱོབ་གསོ་སྤེལ། འཚོ་སྡོད་ཁུལ་སླར་གསོ་དང་འཕེལ་རྒྱས། རིམས་ནད་འབྱུང་ཁུངས་དང་རིམས་ནད་ལ་ལྟ་ཞིབ། ཞིང་ཆེན་ཡོངས་ཀྱི་སྐམ་སར་འཚོ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་རྔོན་རྒྱག་གམ་ཡང་ན་འཚོལ་བསྡུ། འདུལ་གསོ་སྐྱེ་འཕེལ། སྐྱེད་སྲིང་། གཉེར་སྐྱོང་བེད་སྤྱོད་བཅས་བྱ་བར་ལྟ་སྐུལ་དོ་དམ། ལས་བགོས་ལྟར་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཕྱིར་གཏོང་ནང་འདྲེན་ལ་ལྟ་སྐུལ་དོ་དམ་བཅས་བྱ་བའི་འགན་ཡོད། 

(བརྒྱད) ནགས་ལས་དང་རྩྭ་ཐང་བསྒྱུར་བཅོས་གོང་འཕེལ་གཏོང་བའི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་ཡོད། རྒྱལ་ཁབ་ཀྱི་ཐུན་མོང་ནགས་ཚལ་གྱི་དབང་ཆའི་ལམ་ལུགས་དང་། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ། རྒྱལ་ཁབ་ལ་དབང་བའི་ནགས་ར། རྩྭ་ཐང་སོགས་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་ལ་ལྟ་སྐུལ་དང་འབྲེལ་ནས་ལག་བསྟར་བྱ་བ། རྒྱལ་ཁབ་ཀྱི་གྲོང་གསེབ་ནགས་ལས་འཕེལ་རྒྱས་དང་ནགས་ལས་བདག་གཉེར་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་གཞིར་བཟུང་སྟེ། ནགས་རྩྭ་ཐོན་ལས་འཕེལ་རྒྱས་ལ་མཛུབ་སྟོན་དང་། གྲོང་གསེབ་ཀྱི་ནགས་ས་འགན་གཙང་ལེན་བྱས་ནས་བདག་གཉེར་བྱ་བ་རྩ་འཛུགས་བཅས་བྱ་བའི་འགན་དང་། ཞིང་འབྲོག་མང་ཚོགས་ཀྱིས་ནགས་ལས་དང་རྩྭ་ཐང་གཉེར་སྐྱོང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། རྨོ་བསྐྱུར(འབྲོག)ནགས་སྤེལ་དང་རྩྭ་འདེབས་ལ་བརྟེན་ནས་རང་བྱུང་ནགས་ཤིང་སྲུང་སྐྱོང་བྱ་བའི་འགན་བཅས་ཡོད། 

(དགུ) ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བའི་སྲིད་ཇུས་དང་འབྲེལ་ཡོད་ནགས་ལས་ཐོན་ལས་ཀྱི་ས་གནས་ཚད་གཞི་བཟོ་འགོད་དང་།དེའི་ལག་བསྟར་དང་འབྲེལ་ནས་ལྟ་སྐུལ་བྱ་བའི་འགན་དང་། ནགས་ལས་ཐོན་ལས་འཕེལ་རྒྱས་དང་ནགས་ལས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་སྒྲིག་འཛུགས་ཐོག་མཛུབ་ཁྲིད་དང་། སྣོད་བཅུད་དབུལ་སྐྱོར་གྱི་འབྲེལ་ཡོད་ལས་དོན་སྤེལ་བར་མཛུབ་ཁྲིད་བཅས་བྱ་བའི་འགན་ཡོད།

(བཅུ) རྒྱལ་ཁབ་ལ་དབང་བའི་ནགས་རའི་གཞི་རྩའི་འཛུགས་སྐྲུན་དང་གོང་འཕེལ་གཏོང་བར་མཛུབ་ཁྲིད་དང་། ཞིང་ཆེན་ཡོངས་ཀྱི་ནགས་སོན་དང་རྩྭ་སོན་སྣ་ཚོགས་ཀྱི་ཐོན་ཁུངས་ལ་ཡོངས་བཤེར་བྱ་བ་སྒྲིག་འཛུགས།  ཞིང་ཆེན་རིམ་པའི་སོན་རྒྱུའི་ཐོན་ཁུངས་ཀྱི་བང་མཛོད་འཛུགས་སྒྲུབ་སྒྲིག་འཛུགས། སོན་བཟང་འདེམས་གསོ་དང་ཁྱབ་གདལ་བཅས་གཏང་བའི་དང་། ནགས་སོན་དང་རྩྭ་སོན་ཐོན་སྐྱེད་གཉེར་སྐྱོང་གི་བྱ་སྤྱོད་ལ་དོ་དམ་དང་། ནགས་སོན་དང་རྩྭ་སོན་གྱི་སྤུས་ཀར་ལྟ་སྐུལ་དོ་དམ། ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་སྐྱེ་དངོས་ཀྱི་རྒྱུད་སྤུས་ཐོན་ཁུངས་དང་། གཞི་རྒྱུ་སྒྱུར་བའི་སྐྱེ་དངོས་ཀྱི་བདེ་འཇགས། རྩི་ཤིང་གི་རིགས་གསར་པ་སྲུང་སྐྱོང་ལ་ལྟ་སྐུལ་དོ་དམ་བཅས་བྱ་བའི་འགན་ཡོད། 

(བཅུ་གཅིག) ཞིང་ཆེན་ཡོངས་ཀྱི་ནགས་ཚལ་སྤྱི་བདེའི་བྱ་བར་མཛུབ་སྟོན་དང་ནགས་ཚལ་སྤྱི་བདེའི་དཔུང་སྡེ་ལ་ལྟ་རྟོག་དོ་དམ་བྱ་བའི་འགན་ཡོད།  ཞིང་ཆེན་ཡོངས་ཀྱི་ནགས་ལས་རྩྭ་ཐང་གི་ཁྲིམས་འགལ་གྱོད་དོན་ཚབས་ཆེན་དང་དེར་རྩད་ཞིབ་ཐག་གཅོད་ལ་མཛུབ་སྟོན་དང་། ཞིང་ཆེན་ཡོངས་ཀྱི་ནགས་ལས་སྲིད་འཛིན་གྱོད་དོན་རྩད་ཞིབ་ཐག་གཅོད། འབྲེལ་ཡོད་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་འདོམས་ལས་དོན་ལ་འགན་འཁུར་ནས་ནགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བཅས་བྱ་བའི་འགན་ཡོད། 

(བཅུ་གཉིས) ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་གནོད་འགོག་གེགས་སེལ་གྱི་འཆར་འགོད་དང་འབྲེལ་བའི་བླང་བྱ་དོན་འཁྱོལ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་བཅོས་ཀྱི་འཆར་འགོད་དང་འགོག་སྲུང་གི་ཚད་གཞི་བཟོ་བར་སྒྲིག་འཛུགས། དེའི་ལག་བསྟར་ལ་མཛུབ་ཁྲིད་བཅས་བྱ་བའི་འགན་དང་།  མེ་འགོག་སྐོར་སྲུང་དང་། མེ་སྐྱོན་འབྱུང་གཞི་དོ་དམ། མེ་འགོག་སྒྲིག་བཀོད་འཛུགས་སྐྲུན་ལ་སོགས་པའི་ལས་ཀ་སྤེལ་བར་ཁྲིད་སྟོན་དང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ལས་འགན་འཁུར་ནས་གཞུང་ཁོངས་ནགས་ར་དང་ནགས་ཁུལ། རྩྭ་ཐང་བཅས་ལ་དྲིལ་བསྒྲགས་སློབ་གསོ་དང་། ལྟ་ཞིབ་ཚད་ལེན། སྔོན་བརྡ། ལྟ་སྐུལ་ཞིབ་བཤེར་སོགས་མེ་ཟོན་ལས་དོན་སྤེལ་བར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱ་བའི་འགན། དགོས་ངེས་ཀྱི་དུས་སུ། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ལ་སྙན་སེང་ཞུས་ནས་ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་ཀྱི་མིང་ཐོག་ནས་འབྲེལ་ཡོད་འགོག་བཅོས་ལས་དོན་བཀོད་སྒྲིག་བྱ་བའི་འགན་བཅས་ཡོད།

(བཅུ་གསུམ) ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་ཀྲུང་དབྱང་དང་། ཞིང་ཆེན་རིམ་པའི་མ་དངུལ་དང་རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་། ནགས་ལས་དང་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྔོན་རྩིས་ནང་གི་མ་དངུལ་གཏོང་འཇོག་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ནོར་སྲིད་རང་བཞིན་གྱི་མ་དངུལ་བཀོད་སྒྲིག་བྱེད་པའི་གྲོས་འགོ་འདོན་པ། གཏན་འབེབས་དབང་ཚད་ལྟར་རྒྱལ་ཁབ་ཀྱི་འཆར་འགོད་ནང་དང་། ཞིང་ཆེན་རིམ་པའི་སྔོན་རྩིས་ནང་། ལོ་འཁོར་འཆར་གཞིའི་ནང་གི་མ་དངུལ་གཏོང་བའི་ལས་གཞི་བཅས་ལ་ཞིབ་བཤེར་གཏན་འབེབས་བྱེད་དགོས། ནགས་ལས་དང་རྩྭ་ཐང་ཐད་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྙོམ་སྒྲིག་སྲིད་ཇུས་དཔྱད་གཞིར་བཟུང་སྟེ་ལག་བསྟར་བྱ་རྒྱུ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་གུན་གསབ་བྱེད་པའི་ལས་དོན་ལག་བསྟར་བྱ་བ་སྒྲིག་འཛུགས་བྱ་རྒྱུ།

(བཅུ་བཞི) ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་ཚན་རྩལ། སློབ་གསོ། ཕྱི་དོན་བཅས་ཀྱི་ལས་ཀའི་འགན་དང་། ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་པར་མཛུབ་ཁྲིད་བྱ་བའི་འགན་ཡོད། ནགས་ལས་དང་རྩྭ་ཐང་གི་ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་ཀྱི་ལས་དོན་སྒྲིག་འཛུགས་ཐོག་ལག་བསྟར་དང་། བརླན་ས་དང་ཐང་རྒོད་ཅན་དུ་འགྱུར་བ། སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སོགས་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་ལས་འགན་བཅས་འཁུར་བའི་འགན་ཡོད།

(བཅོ་ལྔ) ཞིང་ཆེན་ཡོངས་ཀྱི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ནང་གི“འབྱུང་ཁམས་སྔོན་འགྲོ”ཡི་འབྲེལ་ཡོད་ལས་དོན་དང་དེ་བཞིན་ཞིང་ཆེན་སྔོ་འགྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ལྷོ་བྱང་རི་སྔོ་འགྱུར་བཀོད་འདོམས་པུའུ། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གཞུང་ལས་ཁང་བཅས་ཀྱི་རྒྱུན་ལྡན་ལས་ཀ་སྒྲུབ་པའི་འགན་འཁུར་དགོས།

(བཅུ་དྲུག) ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

  (བཅུ་བདུན) འགན་ནུས་བརྗེ་བསྒྱུར་དང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ནགས་ལས་རྩྭ་ཐང་དང་རང་བྱུང་ཐོན་ཁུངས། སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ལག་ལེན་དུ་བསྟར་བ། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་ལྟ་སྐུལ་དོ་དམ་གྱི་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་ས་ཞིང་སྔོ་འགྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་འགན་དང་།  རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་འགན་ལེན་ལ་བླང་བྱ་འདོན་པའི་འགན། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་གནས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བ་རྩ་འཛུགས་དང་ལག་བསྟར། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་མགྱོགས་པོར་སྐུལ་འདེད།  ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་གཙང་བཤེར་ཚད་ལྡན་དང་ཟླ་སྒྲིལ་སྡེབ་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏང་བའི་འགན། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གཅིག་གྱུར་ཡིན་ལ་ཚད་དང་ལྡན་པ། ཕན་ནུས་ལྡན་པ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱེད་པོའི་ནུས་པ་འདོན་སྤེལ་བྱ་བའི་འགན་བཅས་འཁུར་དགོས། 
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།