ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནི་ཞིང་ཆེན་སྲིད་གཞུང་གི་གྲུབ་ཆར་གྱུར་བའི་སྡེ་ཚན་ཞིག་ཡིན་ལ།  ཐིང་རིམ་པའི་ལས་ཁུངས་ཡིན།  ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རིག་གནས་ཡུལ་སྐོར་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་།   ལས་འགན་བསྒྲུབ་པའི་གོ་རིམ་ཁྲོད་ཏང་གིས་རིག་གནས་ཡུལ་སྐོར་ལས་དོན་ལ་གཅིག་གྱུར་འཆར་འགོད་ཐོག་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཤུགས་བསྣན་དགོས།
   ལས་འགན་གཙོ་བོ་ནི།

(གཅིག)ཏང་གི་རིག་གནས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་དང་།   ཞིང་ཆེན་རིག་གནས་དང་ཡུལ་སྐོར་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་ཐོག་བཟོ་བ།   རིག་གནས་ཡུལ་སྐོར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ཟིན་དང་།   སྲིད་གཞུང་གི་སྒྲིག་སྲོལ་མ་ཟིན་འགོད་པ།   ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཅས་གཏང་བའི་འགན་ཡོད།

(གཉིས)ཞིང་ཆེན་ཡོངས་ཀྱི་རིག་གནས་བྱ་བཞག་དང་། རིག་གནས་ཐོན་ལས།  ཡུལ་སྐོར་ལས་རིགས་གོང་སྤེལ་འཆར་འགོད་དང་སྒྲིག་འཛུགས་ལག་བསྟར་ཐོག་མར་གཏན་འབེབས་དང་།    ཞིང་ཆེན་ཡོང་ཀྱི་རིག་གནས་ཡུལ་སྐོར་མཉམ་སྤེལ་ལ་སྐུལ་འདེད།   ས་ཁོངས་རང་བཞིན་གྱི་རིག་གནས་དང་ཡུལ་སྐོར་གལ་ཆེན་གྱི་ལས་གཞིའི་འཆར་འགོད་ལ་གཅིག་གྱུར་འཆར་འགོད་ཐོག་སྣེ་ཁྲིད་པ།   ལས་གཞི་འཛུགས་སྐྲུན་གྱི་འཆར་འགོད་གནས་ལ་དབྱེ་ཞིབ་དཔྱད་འཇོག་དང་ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་འགན་ཡོད།

(གསུམ)ཞིང་ཆེན་ཡོངས་ཀྱི་རིག་གནས་བྱེད་སྒོ་གལ་ཆེར་དོ་དམ་དང་།   ཞིང་ཆེན་ཡོངས་ཀྱི་རིག་གནས་དར་སྤེལ་གྱི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།    ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་སྤྱིའི་སྣང་བརྙན་སྒྲིག་འཛུགས་ཐོག་འོས་སྦྱོར་དང་།   རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་གྱི་ཕྱི་ཕྱོགས་སུ་མཉམ་ལས་དང་ཁྲོམ་རར་རྒྱ་བསྐྱེད་པར་སྐུལ་འདེད།  ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་གསར་སྤེལ་ལ་འཐབ་ཇུས་བཟོས་ནས་སྒྲིག་འཛུགས་ཐོག་ལག་བསྟར།  ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་ཁྲིད་སྟོན་དང་སྐུལ་འདེད་བཅས་བྱ་བའི་འགན་ཡོད།

(བཞི)ཞིང་ཆེན་ཡོངས་ཀྱི་རིག་རྩལ་བྱ་གཞག་ལ་སློབ་སྟོན་དང་དོ་དམ།   སྒྱུ་རྩལ་གསར་རྩོམ་ཐོན་སྐྱེད་ལ་སློབ་སྟོན།    སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མངོན་མཚོན་དང་།  ཁྲིད་སྟོན་རང་བཞིན་དང་འཐུས་ཚབ་རང་བཞིན། དཔེ་སྟོན་བཞིན་ལྡན་པའི་རིག་རྩལ་བརྩམས་ཆོས་ལ་རྒྱབ་སྐྱོར།   རོལ་དབྱངས་དང་ཞབས་བྲོ།   གཞས་མ་གཏམ། ཟློས་གར་ལ་སོགས་སྒྱུ་རྩལ་རིགས་དང་སྒྱུ་རྩལ་ཐོན་རྫས་རིགས་མི་འདྲ་བར་སྐུལ་འདེད་གཏང་བའི་འགན་ཡོད།  

(ལྔ)ཞིང་ཆེན་སྤྱི་གཞུང་རིག་གནས་བྱ་གཞག་གོང་སྤེལ་དང་།  ཞིང་ཆེན་ཡོངས་ཀྱི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན། ཡུལ་སྐོར་སྤྱི་གཞུང་ཞབས་ཞུ་བཅས་ལ་སྐུལ་འདེད་དང་།   རིག་གནས་དམངས་ཕན་ལས་གཞི་ལག་བསྟར་གཏིང་ཟབ།  གཞི་རྩའི་སྤྱི་གཞུང་རིག་གནས་ཞབས་ཞུ་ཚད་གཞི་ཅན་དང་ཆ་སྙོམས་ཅན་དུ་འགྱུར་བར་གཅིག་གྱུར་འཆར་འགོད་བཟོས་ནས་སྐུལ་འདེད་བྱ་བའི་འགན་བཅས་ཡོད།

(དྲུག) ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་མཛུབ་སྟོན་དང་སྐུལ་འདེད། རིག་གནས་དང་ཡུལ་སྐོར་ཚན་རིག་ཞིབ་འཇུག་དང་གྲུབ་འབྲས་རྩ་འཛུགས་ཐོག་ཁྱབ་གདལ། རིག་གནས་དང་ཡུལ་སྐོར་ལས་རིགས་ཆ་འཕྲིན་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་བཅས་གཏང་བའི་འགན་ཡོད།

(བདུན) ཞིང་ཆེན་ཡོངས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་འགན་ཁུར་ནས་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། ཁྱབ་གདལ། དར་སྤེལ་བཅས་ལ་སྐུལ་འདེད་གཏོང་བའི་འགན་འཁུར་དགོས།

(བརྒྱད) ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས། དེ་བཞིན་རྣམ་པ་གསར་བའི་ལས་རིགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ལ་ཞིབ་བཤེར། སྔོག་འདོན། སྲུང་སྐྱོང་། བེད་སྤྱོད་བཅས་ཀྱི་ལས་དོན་སྒྲིག་འཛུགས་ཐོག་ལག་བསྟར། རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་དེ་བཞིན་ཁྱབ་ཁོངས་གཞན་དག་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁུར་ཡོད།

(དགུ།) ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཚོང་ར་འཕེལ་རྒྱས་གཏོང་བར་མཛུབ་སྟོན་དང་། རིག་གནས་དང་ཡུལ་སྐོར་ཚོང་རའི་གཉེར་སྐྱོང་ལས་རིགས་ལ་ལྟ་སྐུལ་དོ་དམ། རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཛུགས་པར་སྐུལ་འདེད། རིག་གནས་དང་ཡུལ་སྐོར་ཚོང་ར་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ། སྒྱུ་རྩལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་གཉེར་སྐྱོང་བྱེད་སྒོར་ཞིབ་མཆན་འགོད་པའི་ལས་འགན་བཅས་འཁུར་དགོས།

(བཅུ)ཞིང་ཆེན་ཡོངས་ཀྱི་བཟོ་རྩལ་མཛེས་རྩལ་ལས་རིགས་གོང་དུ་སྤེལ་བའི་འཆར་གཞི་དང་ལག་རྩལ་ཚད་གཞི་བཟོ་འགོད། སྲོལ་རྒྱུན་གྱི་བཟོ་རྩལ་མཛེས་རྩལ་སྲུང་སྐྱོང་དང་། མྱུར་སྐྱོབ། འཕེལ་རྒྱས་བཅས་ཀྱི་ལས་ཀར་མཛུབ་ཁྲིད་བྱ་བའི་འགན་ཡོད།

(བཅུ་གཅིག) ཞིང་ཆེན་ཡོངས་ཀྱི་རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་བསྟར་ལ་མཛུབ་སྟོན་དང་།  ཞིང་ཆེན་ཡོངས་དང་ས་ཁོངས་བརྒལ་བའི་རིག་གནས། རིག་དངོས། དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན། གློག་བརྙན། ཡུལ་སྐོར་སོགས་ཚོང་རའི་ཁྲིམས་འགལ་བྱ་སྤྱོད་རྩད་ཞིབ་ཐག་གཅོད་རྩ་འཛུགས་ཐོག་མཐུན་སྦྱོར་དང་། གྱོད་དོན་ཆེ་རིགས་དང་གྱོད་དོན་གནད་ཅན་ལ་ལྟ་ཞིབ་དང་སྐུལ་སྒྲུབ། ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱ་བའི་འགན་ཡོད། 

(བཅུ་གཉིས) ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས། དྲིལ་བསྒྲགས། ཁྱབ་གདལ་བཅས་ཀྱི་བྱ་བར་མཛུབ་སྟོན་དང་དོ་དམ། རིག་གནས་དང་ཡུལ་སྐོར་གྱི་ཕྱི་ཕྱོགས་དང་བརྗེ་རེས་བྱེད་སྒོ་རྩ་འཛུགས། མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཕྱིར་བསྐྱོད་པར་སྐུལ་འདེད་བཅས་བྱ་བའི་འགན་འཁུར་དགོས།

  (བཅུ་གསུམ།) ཞིང་ཆེན་རིག་གནས་ཤུལ་དངོས་ཅུས་ལ་དོ་དམ་བྱ་བ།

   (བཅུ་བཞི) ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱེད་དགོས།
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།