ལས་འགན་གཙོ་བོ།
ས་ཞིང་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་སོགས་རང་བྱུང་གི་ཐོན་ཁུངས་ལ་སྲུང་སྐྱོང་ངམ་འོས་འཚམ་གྱིས་བེད་སྤྱོད་བྱེད་པའི་འགན་ལེན་དགོས།རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་འཕེལ་རྒྱས་སྐོར་གྱི་འཆར་གཞི་འཆར་བཟོ་བྱེད་པ་དང་།རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ།རྒྱལ་ཁབ་མངའ་ཁུངས་ཐོན་ཁོངས་མཁོ་འདོན་བྱེད་པའི་སྤྱི་གྲངས་ཆ་སྙོམས་ཡོང་བའི་སྲིད་ཇུས་ཞིབ་འཇུག་དང་གྲོས་གཞི་འདོན་པ།སྤྱི་སྣང་དཔལ་འབྱུར་འགྲོ་ཕྱོགས་དང་ས་ཁུལ་མཐུན་སྦྱོར།གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་བཅས་ཀྱི་ཞིབ་འཇུག་ཁྲོད་ཞུགས་པ་མ་ཟད།རྒྱལ་ཁབ་མངའ་ཁུངས་ཐོན་ཁུངས་དང་འབྲེལ་བའི་སྲིད་ཇུས་ཚོད་འཛིན་དང་བྱེད་ཐབས་འཆར་བཟོ་བྱེད་པ་དང་།རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་སྐོར་གྱི་འཆར་གཞི་བཟོ་འགོད་དམ་རྩ་འཛུགས་ལག་བསྟར་བྱེད་པ།རྒྱལ་ཁབ་མངའ་ཁུངས་ཐོན་ཁུངས་ཁོངས་གཏོགས་ཀྱི་ཐོན་ཁུངས་གྲོན་ཆུང་ངམ་ལེགས་བསྡུས་ཀྱིས་བེད་སྤྱོད་དང་འཁོར་བསྐྱོད་དཔལ་འབྱོར་ཀྱི་སྲིད་ཇུས་ཀྱི་བྱེད་ཐབས་དང་སྲིད་ཇུས་གཏན་འབེབས་བྱེད་པ་ལས་གཞན་ལག་བསྟར་བྱེད་དགོས་པ་དང་གཅིག
རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་དོ་དམ་ལམ་ལུགས་ཚད་ལྡན་དུ་གཏོང་བའི་འགན་ཁུར་བ། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་དོ་དམ། སྲུང་སྐྱོང་ངམ་འོས་འཚམ་གྱི་བེད་སྤྱོད་བྱེད་པའི་སྐོར་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་འབྲི་བ་མ་ཟད་ལྟ་སྐུལ་བྱེད་པ།རྒྱལ་ཁབ་མངའ་ཁུངས་ཐོན་ཁུངས་སྲིད་འཛིན་ཁྲིམས་ལུགས་བྱ་བ་ལ་མཛུབ་ཁྲིད་གནང་དགོས་པ་དང་།ཁྲིམས་འགལ་གྱོད་དོན་ཆེན་པོར་བརྟག་དཔྱད་དང་ཐག་གཅོད་བྱེད་དགོས་པ་དང་གཉིས།
རྒྱལ་ཁབ་མངའ་ཁུངས་ཐོན་ཁུངས་བཀོད་སྒྲིག་བཟང་བོ་བྱེད་པར་འགན་འཁུར་དགོས།ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་གཞི་དང་ས་ཞིང་བེད་སྤྱོད་བྱེད་པའི་ལོ་མཇུག་གི་འཆར་གཞི།ས་གཞི་ལེགས་སྒྲིག་དང་ཐང་རྒོད་བསྐྱར་སྦེལ་བྱེད་པའི་འཆར་གཞི་དང་།ཆེད་གཉེར་འཆར་འགོད་དང་འཆར་གཞི་གཞན་དག འཆར་བཟོ་དང་ལག་བསྟར་བྱེད་དགོས།ཞིང་ཆེན་རིམ་པ་མན་གྱི་ས་ཞིང་བེད་སྤྱོད་བྱེད་པའི་སྤྱིའི་འཆར་གཞི་དང་གཏེར་ཁའི་ཐོན་ཁུངས་འཆར་གཞིར་མཛུབ་སྟོན་དང་ཞིབ་བཤེར་བྱེད་པ་དང་། གཏེར་ཁའི་ཐོན་ཁུངས་དང་ས་གཤིས་བརྟག་དཔྱད།ས་གཤིས་ཁོར་ཡུག་སོགས་འཆར་འགོད་དང་།དེ་མིན་ས་གཤིས་གནོད་འཚེ་སྔོན་འགོག གཏེར་རིའི་ཁོར་ཡུག་སྲུང་སྐྱོང་སོགས་འབྲེལ་ཡོད་ཀྱི་ཆེད་སྒྲིག་འཆར་འགོད་འཆར་བཟོ་བྱེད་པ་མ་ཟད།འཆར་འགོད་ལག་བསྟར་བྱེད་པའི་གནས་ཚུལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་འགོད་པའི་ས་ཞིང་དང་གཏེར་ཁར་འབྲེལ་བའི་འབྲེལ་ཡོད་ཀྱི་འཆར་འགོད་ཞིབ་བཤེར་ཁྲོད་ཞུགས་དགོས་པ་དང་གསུམ།
རྒྱལ་ཁབ་གྱི་མངའ་ཁོངས་ཐོན་ཁུངས་དབང་གཏོགས་ཚད་གཞི་དོ་དམ་བྱེད་པར་འགན་ཁུར་དགོས།ཁྲིམས་ལྟར་ས་ཞིང་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་དབང་མཁན་དང་བེད་སྤྱོད་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཤིང་།དབང་ཡོད་རྩོད་གཞི་ཆེན་པོ་ལ་འགན་སྒྲུབ་དང་མཐུན་སྦྱོར་བྱེད་པར་རྩ་འཛུགས་བྱེད་པ།ས་ཞིང་དབང་དངོས་ལ་མཛུབ་སྟོན་དང་ས་ཞིང་སྣ་ཚོགས་ཀྱི་ཐོ་འགོད་དཔྱད་གཞིའི་ཡིག་ཆར་དོ་དམ་བྱེད་པར་འགན་ལེན་དང་།སྤྱི་ཚོགས་འདྲི་རྟོག་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་བཞི།
ཞིང་ཆེན་ཡོངས་ཀྱི་ས་ཞིང་སྲུང་སྐྱོང་བྱེད་པར་འགན་འཁུར་བ་དང་།འཆར་འགོད་ལས་གཏན་འབེབས་བྱས་པའི་ས་ཞིང་གི་གྲངས་ཚད་དང་གཞི་རྩའི་ས་ཞིང་གི་རྒྱ་ཁྱོན་ཇེ་ཉུང་དུ་མི་འགྲོ་བར་ཁག་ཐེག་བྱེད་པ།ས་ཞིང་སྲུང་སྐྱོང་སྐོར་གྱི་སྲིད་ཇུས་འཆར་བཟོ་དང་ལག་བསྟར་བྱེད་པར་འགོ་འཛིན་དང་།གཞི་རྩའི་ས་ཞིང་སྲུང་སྐྱོང་བྱེད་པ།ས་ཞིང་གཞུང་བཀོད་བྱས་པའི་སྐྱིན་ཚབ་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་ལྟ་སྐུལ་དང་།ས་གཞི་བེད་སྤྱོད་ཚོད་འཛིན་དང་ཞིང་ས་འཁོར་བསྐྱོད།ས་ཞིང་གཞུང་བསྡུ་གཞུང་བཀོད་བཅས་ལག་བསྟར་བྱེད་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་ལ་ཡར་ཞུ་བྱས་ནས་ཆོག་མཆན་འགོད་པའི་རིགས་སྣ་ཚོགས་ཀྱི་ས་ཞིང་ཞིབ་བཤེར་དང་སྙན་སེང་བཀའ་འཁྲོལ་ཞུ་བའི་བྱ་བར་འགན་འཁུར་དགོས།བེད་སྤྱོད་མ་བྱས་པའི་ས་ཞིང་གསར་སྤེལ་དང་ལེགས་སྒྲིག་བསྐྱར་ཞིང་འདེབས་པ་བཅས་ཀྱི་བྱ་བར་ལྟ་སྐུལ་བྱེད་པ་དང་ལྔ།
ཞིང་ཆེན་ཡོངས་ཀྱི་ས་ཞིང་བེད་སྤྱོད་བྱས་པའི་གྲངས་གཞི་སྣ་ཚོགས་་དུས་ཐོག་དང་ཡང་དག་པའི་སྒོ་ནས་འདོན་སྤྲོད་བྱེད་པར་འགན་ཁུར་དགོས།ས་གནས་དེའི་དོ་དམ་བྱེད་ཐབས་གཏན་འབེབས་དང་།ས་ཞིང་ཐོན་ཁུངས་བརྟག་དཔྱད་དང་ས་གཞི་བསྡོམས་རྩིས།འགུལ་ཚུལ་ལྟ་ཞིབ་ཚད་ལེན་བཅས་བྱེད་པ།ས་ཞིང་བརྟག་དཔྱད་ཆེད་གཉེར་གལ་ཆེན་རྩ་འཛུགས་དང་།ས་ཞིང་བརྟག་དཔྱད་དང་ཐོ་འགོད།ས་ཞིང་གི་རིམ་པ་གཏན་ཁེལ་བྱེད་པ་ཅས་ཀྱི་བྱ་བར་མཛུབ་སྟོན་བྱེད་པ་དང་དྲུག
ས་གཞི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བྱེད་པར་འགན་འཁུར་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐད་བཀོད་པའི་ས་ཞིང་འདོན་སྤྲོད་དང་། སྲིད་གཞུང་གི་ས་ཞིང་གསོག་འཇོག་ཞིང་གསར་སྤེལ་དང་གྲོན་ཆུང་།ལེགས་བསྡུས་ཀྱིས་བེད་སྤྱོད་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་དགོས།གཏན་འབེབས་ལྟར་ས་ཞིང་གི་བེད་སྤྱོད་དབང་ཆ་ནང་བཤུག་གཏོང་བ་དང་།བོགས་གཡར།གོང་རྒྱག་པའི་མ་དངུལ་འཇོག་པ།བརྒྱུད་བཤུག་བྱེད་པ་སོགས་ཀྱི་དོ་དམ་བྱེད་ཐབས་འཆར་བཟོ་དང་ལག་བསྟར་བྱེད་དགོས།ས་ཞིང་ཚད་གཞིའི་རིན་གོང་དང་རྟེན་ཁུལ་རིན་གོང་སོགས་སྲིད་གཞུང་གིས་ས་ཞིང་རིན་གོང་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་འཛུགས་པ།ཞིང་ལས་སྡེ་ཁག་དང་མཉམ་དུ་གྲོང་སྡེའི་འཛུགས་སྐྲུན་ཐད་བཀོད་པའི་ཐུན་མོང་གི་ས་ཞིང་གི་བེད་སྤྱོད་དབང་ཆ་འཁོར་བསྐྱོད་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་དགོས།ཞིང་ཆེན་སྲིད་གཞུང་གིས་ཞིབ་བཤེར་ཆོག་མཆན་འགོད་དགོས་པའི་ཁེ་ལས་བསྒྱུར་བཅོས་ཀྱི་རྒྱལ་དབང་ས་ཞིང་ཐོན་ཁུངས་ནོར་རྫས་བཀོད་སྒྲིག་བྱེད་དགོས་པ་དང་བདུན།
རྒྱལ་ཁབ་ཀྱི་མངའ་ཁོངས་ཐོན་ཁུངས་ཚོང་ར་སྒྲིག་ལམ་ཚད་གཞི་ཚད་ལྡན་གཏོང་བར་འགན་ལེན་པ།ས་ཞིང་ཚོང་རའི་འཛུགས་སྐྲུན་བྱེད་མཁོ་བའི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་པ།ས་ཞིང་རིན་གོང་ཞིབ་བཤེར་དོ་དམ་བྱེད་པ།གཏེར་ལས་དབང་ཆའི་ཚོང་ར་ཚད་ལྡན་གཏོང་བ་དང་ལྟ་སྐུལ་དོ་དམ་བྱེད་དགོས་པ།གཏེར་ལས་དབང་ཆའི་མི་རྩད་ཞིབ་དང་རྐོ་འདོན་བྱེད་པར་ལྟ་སྐུལ་དོ་དམ་བྱེད་པར་རྕ་འཛུགས་བྱས།རྒྱལ་ཁབ་ཀྱི་མངའ་ཁོངས་ཐོན་ཁུངས་འབྲེལ་བའི་སྤྱི་ཚོགས་བར་སྦྲེལ་རྩ་འཛུགས་དང་བྱ་སྤྱོད་ལ་ཚད་ལྡན་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་བྱེད་པ།ཁྲིམས་ལྟར་ཁྲིམས་འགེལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་བརྒྱད།
གཏེར་ཁ་ཐོན་ཁུངས་དགེ་བེད་འདོན་པའི་དོ་དམ་འགན་ལེན་པ།ཁྲིམས་ལྟར་གཏེར་ཁའི་དབང་ཆ་ཞིབ་བཤེར་ཆོག་མཆན་ཐོ་འགོད་པའི་དཔང་ཡིག་བྱིན་པ་དང་ཞིབ་བཤེར་མཆོག་མཆན་ཐོ་འགོད་པའི་བརྒྱུད་བཤུག་དོ་དམ་བྱེད་པ།སྲུང་སྐྱོབ་རང་བཞིན་ཀྱི་རྐོ་འདོན་ངེས་ལྡན་གཏེར་རིགས་དང་གཏེར་རྫས་ཁྱད་ཆས་གནས་བབ་ཡག་པའི་རྐོ་འདོན་སྤྱི་གྲངས་ཚོད་འཛིན་འབྲེལ་བའི་དོ་དམ་བྱ་བར་འགན་ལེན་དགོས།གཏེར་ལས་དབང་ཆའི་གསར་འཛུགས་བྱེད་སྟངས་ལག་བསྟར་བྱེད་པར་འགོད་སྒྲིག་རྩ་འཛུགས་བྱེད་པ་དང་དགུ།
ས་གཤིས་རྩད་ཞིབ་ལས་རིགས་དང་གཏེར་རྫས་ཐོན་ཁུངས་བསགས་འབོར་དོ་དམ་བྱེད་པར་འགན་ལེན་པ།ཞིང་ཆེན་ཡོངས་ཀྱི་ས་གཤིས་ཞིབ་བཤེར་དཔྱད་སྡུར་དང་གཏེར་རྫས་ཐོན་ཁུངས་རྩད་ཞིབ་རྩ་འཛུགས་བྱེད་པ་དང་།ཞིང་ཆེན་རིམ་པའི་ས་གཤིས་རྩད་ཞིབ་ལས་གཞི་དང་།ས་གཤིས་རྩད་ཞིབ་ལས་ཁུངས་ཐོབ་ཐང་དཔང་ཡིག།ས་གཤིས་དཔྱད་ཡིག།ས་གཤིས་རྩད་ཞིབ་གྲུབ་འབྲས་བཅས་ལ་དོ་དམ་བྱས།ཞིང་ཆེན་ཡོངས་ཀྱི་སྤྱི་ཕན་རང་བཞིན་གྱི་ས་གཤིས་ཞིབ་བཤེར་དང་གཏེར་རྫས་རྩད་ཞིབ་བྱ་བར་གཅིག་གྱུར་གྱི་དོ་དམ་བྱེད་དགོས་པ་དང་བཅུ།
ས་གཤིས་ཁོར་ཡུག་སྲུང་སྐྱོབ་འགན་ཁུར་དགོས་པ།གཏེར་རྫས་རིའི་ས་གཤིས་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་བྱས་ནས་གནའ་བའི་སྐྱེ་དངོས་འགྱུར་རྡོ་དང་།ས་གཤིས་རྗེ་ཤུལ།གཏེར་རྫས་རྗས་ཤུལ་སོགས་ཀྱི་སྲུང་སྐྱོབ་ཁུལ།སྲུང་སྐྱོབ་ས་ཁུལ་ལ་ལྟ་སྐུལ་དོ་དམ་བྱེད་པ།ཁྲིམས་ལྟར་ཆུ་དཔྱད་ས་གཤིས་དང་།བཟོ་སྐྲུན་ས་གཤིས།ཁོར་ཡུག་ས་གཤིས་རྩད་ཞིབ་དང་དཔྱད་སྡུར་བྱ་བར་དོ་དམ་བྱེད་དགོས།ས་འོག་ཆུ་རྐོ་འདོན་མང་བ་དང་སྦགས་བཙོག་སྔོན་འགོག་ལྟ་སྐུལ་བྱེད་དགོས་པ།གྲོང་ཁྱེར་ས་གཤིས་དང་།ཞིང་ལས་ས་གཤིས།ཡུལ་སྐོར་ས་གཤིས་རྩད་ཞིབ་དང་དཔྱད་སྡུར་བྱ་བར་འགན་ཁུར་དགོས་པ་དང་བཅུ་གཅིག
ས་གཤིས་གནོད་སྐྱོན་སྔོན་འགོག་དང་བདག་སྐྱོང་གི་འགན་ལེན་པ།ས་གཤིས་གནོད་སྐྱོན་ཆེན་མོ་སོགས་ཀྱི་རྒྱལ་ཁབ་མངའ་ཁུངས་ཐོན་ཁུངས་གློ་བར་བྱུང་བའི་དོན་དག་མཁོ་བསྟུན་གྲ་སྒྲིག་ཟིན་ཐོ་བཟོ་འགོད་པ་མ་ཟད།རྩ་འཛུགས་ལག་བསྟར་བྱེད་དགོས།ས་གཤིས་གནོད་སྐྱོན་མཁོ་བསྟུན་ཐག་གཅོད་མཛུབ་སྟོན་བྱེད་པ།ས་གཤིས་གནོད་སྐྱོན་སྔོན་འགོག་བྱ་བར་རྩ་འཛུགས་དང་།མཐུན་སྤྱོར།ལྟ་སྐུལམཛུབ་སྟོན་བྱེད་དགོས་པ་དང་བཅུ་གཉིས།
ཁྲིམས་ལྟར་རྒྱལ་ཁབ་མངའ་ཁུངས་ཐོན་ཁུངས་ཡོང་སྒོ་བསྡུ་བ།མ་དངུལ་བདེ་སྤྱོད་ཚད་ལྡན་གཏོང་བར་ལྟ་སྐུལ་བྱེད་པ།ས་ཞིང་དང་།གཏེར་རྫས་ཐོན་ཁོངས་ཞུགས་པའི་དཔལ་འབྱོར་ཚོད་འཛིན་སྲིད་ཇུས་བྱེད་ཐབས་བཟོ་དགོས་པ།ཁྲིམས་ལྟར་ས་ཞིང་དང་།གཏེར་རྫས་ཐོན་ཁུངས་ཆེད་གཉེར་རྣམ་གྲངས་ཡོང་སྒོ་བསྡུ་གཉེར་རྩ་འཛུགས་བྱེད་པ།འབྲེལ་ཡོད་ལས་ཁུངས་ཡོང་སྒོ་བགོ་བཤའ་རྒྱག་པའི་ལམ་ལུགས་རམ་འདེགས་བྱས་ནས་བཟོ་ཟིན་བྱེད་པ།འབྲེལ་ཡོད་ལས་ཁུངས་གྱི་མཛུབ་སྟོན་རམ་འདེགས་དང་།།ཞིང་ཆེན་ཡོངས་ཀྱི་ཞིང་ས་ལེགས་སྒྲིག་ཞིང་ཡང་བསྐྱར་འདེབས་པའི་གསར་གཏོད་མ་དངུལ་ཡོང་སྒོ་དང་བཀོད་སྒྲིག་ལ་ལྟ་སྐུལ་བྱེད་པ།ཞིང་ས་དང་གཏེར་རྫས་སོགས་ཀྱི་ཐོན་ཁུངས་རང་བཞིན་གྱི་མ་དངུལ་དོ་དམ་བྱེད་པར་ཞུགས་པ།རྒྱལ་ཁབ་མ་དངུལ་གཏོང་བའི་གཏེར་ལས་དབང་ཆའི་ཁེ་དབང་དོ་དམ་བྱེད་པར་ཞུགས་པ།འབྲེལ་བའི་རྒྱུ་དངོས་དང་།མ་དངུལ་གྱི་སྔོན་རྩིས་དང་།ནོར་དོན།རྒྱུ་ནོར་དོ་དམ་འམ་ལྟ་སྐུལ་བྱེད་པར་འགན་ལེན་དགོས་པ་དང་བཅུ་གསུམ།
རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཚན་རིག་ཡར་ཐོན་སྤེལ་པ།ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་མངའ་ཁུངས་ཐོན་ཁུངས་ཚན་རིག་འཕེན་རྒྱས་དང་ཤེས་ལྡན་མི་སྣའི་གསོ་སྐྱོང་འཆར་གཞི་གཏན་འབེབས་བྱེད་པར་རྩ་འཛུགས་ལག་བསྟར་བྱེད་པ།ཚན་རིག་ཆེད་གཉེར་རྣམ་གྲངས་གལ་ཆེན་རྩ་འཛུགས་ལག་བསྟར་བྱས་པ།རྒྱལ་ཁབ་མངའ་ཁུངས་ཐོན་ཁུངས་ཆ་འཕྲིན་རང་བཞིན་དང་ཆ་འཕྲིན་དཔྱད་ཡིག་སྤྱི་ཞབས་ཞུ་སྤེལ་པ་དང་བཅུ་བཞི།
ཕྱི་ཕྱོགས་མཉམ་འབྲེལ་དང་བརྗེ་རེས་སྤེལ་པ།ཕྱི་ཕྱོགས་མཉམ་འབྲེལ་རྩད་ཞིབ་དང་།གཏེར་རྫས་ཐོན་ཁུངས་རྐོ་འདོན་སྲིད་ཇུས་བཟོ་དགོས་མ་ཟད།རྩ་འཛུགས་ལག་བསྟར་བྱེད་པ།མངའ་ཁུངས་ཕྱི་ཕྱོགས་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་གསར་གཏོད་རྩ་འཛུགས་བྱས་ནས་མཐུན་སྤྱོར་པ།ཁྲིམས་ལྟར་གཏེར་རྫས་ཐོན་ཁུངས་ཀྱི་ཕྱི་ཕྱོགས་མཉམ་འབྲེལ་ས་ཁུལ་ཞིབ་བཤེར་ཆོག་མཆན་འགོད་པ།ཕྱི་ཕྱོགས་མཉམ་ལས་རྩད་ཞིབ་རྐོ་འདོན་བྱ་སྤྱོད་ལྟ་སྐུལ་བྱས་པ་དང་བཅོ་ལྔ་།
ཞིང་ཆེན་ཡོངས་ཀྱི་ཆེ་འབྲིང་རང་བཞིན་གྱི་ཆུ་བདེ་ཆུ་གློག་བཟོ་བཀོད་འཛུགས་སྐྲུན་ས་ཞིང་བསྡུ་ལེན་སྐྱིན་གསབ་དང་།གནས་སྤོས་ཡུལ་མི་བཀོད་སྒྲིག།རྗེས་ཕྱོགས་རོགས་སྐྱོར་འགན་ནུས་འགན་ལེན་དགོས་པ་དང་བཅུ་དྲུག
ཞིང་ཆེན་སྲིད་གཞུང་གི་བསྒྲུབ་རྒྱུར་སྤྲོད་པའི་བྱ་བ་གཞན་དག་ལ་སྒྲུབ་འགན་ཁས་ལེན་དགོས་པ་དང་བཅུ་བདུན།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།