ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 (གཅིག)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས》དང་《མཚོ་སྔོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》དྲིལ་བསྒྲགས་དང་། ལག་ལེན་དོན་འཁྱོལ་བྱ་བའི་འགན་ཡོད། 

 (གཉིས།) གནོད་འགོག་གནོད་སེལ་གྱི་གྲ་སྒྲིག་ལས་ཀ་བྱས་ནས་རང་བྱུང་གནོད་སྐྱོན་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་ཁྲོད་ཀྱི་རྨས་མ་དང་ནད་པ། གཞན་གནོད་འཚེ་ཕོག་མཁན་དག་སྐྱོབ་རོགས་དང་སྨན་བཅོས་སྲོག་སྐྱོབ་བྱ་བའི་འགན་དང་། རྒྱ་གྲམ་དམར་པོ་ཚོགས་པའི་གནོད་འགོག་གནོད་སེལ་གྱི་སྒྲིག་ཆས་གསར་འཛུགས་དང་དོ་དམ་བྱ་བའི་འགན་འཁུར་དགོས།

 (གསུམ།) དབུལ་ཕོངས་མི་ཚོགས་ལ་སྤྱི་ཚོགས་ཀྱི་སྐྱོབ་རོགས་བྱེད་པའི་བྱེད་སྒོ་སྤེལ་བའི་འགན་འཁུར་དགོས། 

 (བཞི།) མང་ཚོགས་ཀྱི་རང་བཞིན་ལྡན་པའི་འཕྲོད་བསྟེན་དང་སྨན་བཅོས་སྲོག་སྐྱོབ་ཐད་ནས་གསོ་སྐྱོང་སྦྱོང་བརྡར་བྱ་བ་དང་། འཕྲོད་བསྟེན་དང་སྨན་བཅོས་སྲོག་སྐྱོབ་དང་ནད་འགོག་གི་ཤེས་བྱ་ཁྱབ་གདལ་གཏོང་བ། མང་ཚོགས་སྒྲིག་འཛུགས་བྱས་ནས་དོན་རྐྱེན་བྱུང་སར་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་སུ་འཇུག་པའི་ལས་འགན་ཡོད།

 (ལྔ)རིན་མེད་ཁྲག་སྦྱིན་དང་ཨེ་ཙི་ནད་སྔོན་འགོག་གི་དྲིལ་སྒྲོག་དང་སྒྲིག་འཛུགས་ཀྱི་འགན་དང་། རྐང་མར་ཁྲག་བཟོ་ཕྲ་ཕུང་གཙོ་བོ་ཞལ་འདེབས་སུ་འབུལ་བའི་དྲིལ་སྒྲོག་དང་ཞལ་འདེབས་སུ་འབུལ་མཁན་གྱི་དཔྱད་ཡིག་མཛོད་ཀྱི་འཛུགས་སྐྲུན་དང་དོ་དམ་བྱ་བའི་འགན་འཁུར་དགོས།  
    
(དྲུག)རྒྱ་གྲམ་དམར་པོའི་གཞོན་ནུ་དང་ལོ་ཆུང་གི་བྱེད་སྒོ་སྤེལ་བའི་འགན་འཁུར་དགོས།

 (བདུན།)ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པའི་བཀོད་སྒྲིག་ལྟར་རྒྱལ་ཁབ་ཕྱི་ནང་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱ་བར་ཞུགས་པའི་འགན།

 (བརྒྱད།)མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྲིད་གཞུང་དང་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པས་མངགས་པའི་ལས་དོན་རྣམས་ལེགས་འགྲུབ་ཡོང་བའི་འགན་འཁུར་དགོས།

  (དགུ།)མི་ཆོས་རིང་ལུགས་ཀྱི་ཞབས་ཞུའི་བྱེད་སྒོ་གཞན་དག་སྤེལ་བའི་འགན་ཡོད།

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།