ཞིང་ཆེན་ཚན་རྩལ་མཐུན་ཚོགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཞིང་ཆེན་ཚན་རྩལ་མཐུན་ཚོགས་ནི་ཚན་རིག་ལག་རྩལ་ལས་ཀ་བྱེད་མཁན་གྱི་མང་ཚོགས་ཀྱི་རྩ་འཛུགས་ཤིག་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་བཙུགས་པའི་མི་དམངས་ཀྱི་ཚོགས་པ་ཞིག་ཡིན་ལ། ཏང་དང་སྲིད་གཞུང་གིས་ཚན་རྩལ་ལས་ཀ་བྱེད་མཁན་བར་འབྲེལ་འདྲིས་བྱེད་པའི་སྦྲེལ་ཟམ་པ་དང་སྒྲོག་ཐག་ལྟ་བུ་ཞིག་ཀྱང་ཡིན།
  དེའི་ལས་འགན་གཙོ་བོ་ནི།(གཅིག)ཚན་རིག་ལག་རྩལ་གྱི་ལས་ཀ་བྱེད་མཁན་དང་འབྲེལ་བ་དམ་ཟབ་བྱས་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་དང་། ཚན་རིག་ལག་རྩལ་གྱི་ལས་ཀ་བྱེད་མཁན་གྱི་གྲོས་འགོ་དང་བསམ་འཆར། འདོད་གསོལ་བཅས་མཚོན་པ། ཚན་རིག་ལག་རྩལ་གྱི་ལས་ཀ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ཚན་རྩལ་གྱི་ལས་ཀ་བྱེད་མཁན་གྱི་ཁྱིམ་ཚང་འཛུགས་སྐྱོང་བཅས་བྱ་བའི་ལས་བསྒྲུབ་དགོས།
 (གཉིས།)རིག་གཞུང་སྤེལ་རེས་དང་། རིག་གཞུང་གི་བསམ་བློ་འཁྲུག་པོ། རིག་གཞུང་གི་དར་སྤེལ། རིག་གཞུང་ཁོར་ཡུག་ལེགས་འགྱུར། རིག་གཞུང་གོང་འཕེལ་ལ་སྐུལ་སྤེལ། རང་བརྟེན་གསར་གཏོད་ལ་སྐུལ་འདེད་བཅས་བྱ་བའི་འགན་ཡོད།
 (གསུམ)ཚན་རིག་ལག་རྩལ་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་ཚན་རྩལ་གསར་གཏོད་དང་། ཚན་རིག་གི་རིགས་པས་ཁུངས་སྐྱེལ་དང་བློ་འདྲིའི་ཞབས་ཞུའི་ལས་དོན་ནང་ཞུགས་པ། ཚན་རིག་ལག་རྩལ་གྱི་གྲུབ་འབྲས་དངོས་སྒྱུར་དང་བཀོལ་སྤྱོད་གང་མགྱོགས་བྱེད་པ། གསར་གཏོད་དང་འཕེལ་རྒྱས་ལ་རོགས་སྐྱོར་བཅས་བྱས་ནས་ཁེ་ལས་ཀྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བར་ལེགས་སྐྱེས་འབུལ་དགོས།
 (བཞི།)ཚན་རིག་གི་སྙིང་དོན་དར་སྤེལ་དང་། ཚན་རིག་གི་ཤེས་བྱ་ཁྱབ་གདལ། སྔོན་ཐོན་གྱི་ལག་རྩལ་ཁྱབ་སྤེལ། ཚན་རིག་དང་མཐུན་པའི་བསམ་བློ་དང་ཚན་རིག་དང་མཐུན་པའི་ཐབས་ཤེས་ཁྱབ་སྤེལ་བཅས་བྱས་ནས་ཚན་རིག་གི་གཟི་རྔམ་སྲུང་སྐྱོང་དང་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས།
 (ལྔ།)ཚན་རིག་གི་ཀུན་སྤྱོད་དང་སློབ་སྲོལ་ལེགས་སྤེལ་ལ་སྐུལ་འདེད་དང་། ཕུལ་དུ་བྱུང་བའི་ཚན་རིག་ལག་རྩལ་ལས་སྒྲུབ་པ་དྲིལ་བསྒྲགས། ཚན་རིག་རིག་གནས་གསོ་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བཅས་བྱ་དགོས།
 (དྲུག)ཚན་རིག་ལག་རྩལ་ལས་ཀ་སྒྲུབ་མཁན་ངེད་ཞིང་ཆེན་གྱི་ཚན་རྩལ་འཆར་འགོད་དང་། བཀོད་སྒྲིག  སྲིད་ཇུས། ཁྲིམས་སྲོལ་བཅས་ཀྱི་བློ་འདྲི་གཏན་འབེབས་དང་། ངེད་ཞིང་ཆེན་གྱི་ས་གནས་ལས་དོན་གྱི་ཆབ་སྲིད་གྲོས་མོལ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས།  ལྟ་སྐུལ་བཅས་ཀྱི་ལས་དོན་དུ་ཞུགས་པར་རྩ་འཛུགས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་ཀྱི་རིག་མཛོད་འཛུགས་དགོས།
 (བདུན)ཁོངས་གཏོགས་སློབ་ཚོགས་སྒྲིག་འཛུགས་བྱས་ཏེ་གོ་རིམ་ལྡན་པའི་ངང་ཚན་རྩལ་ཚོད་སྐོར་དང་། ལས་གྲྭའི་ལག་རྩལ་ཁྱབ་ཁོངས་ཀྱི་ལས་རིགས་ཐོབ་ཐང་གཏན་འཁེལ། ལག་རྩལ་ཚད་གཞི་ཞིབ་བཟོ་སོགས་སྲིད་གཞུང་གི་མངགས་བཅོལ་ལས་དོན་ནམ་ཡང་ན་འགན་ནུས་གཞན་སྒྱུར་བྱེད་དགོས།
 (བརྒྱད།)གཞོན་ནུ་ལོ་ཆུང་གི་ཚན་རྩལ་སྤྲོ་སྣང་སྐུལ་སློང་བྱེད་པར་དོ་སྣང་ཆེན་པོ་དང་། གཞོན་ནུ་ཚན་རྩལ་ལས་སྒྲུབ་པ་དང་གསར་གཏོད་ཚོགས་པ་ཕུལ་བྱུང་གསར་རྙེད་དང་གསོ་སྐྱོང་། ཚན་རིག་ལག་རྩལ་ལས་སྒྲུབ་པ་ཕུལ་བྱུང་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ། ཚན་རིག་ལག་རྩལ་ཤེས་ལྡན་མི་སྣ་འོས་སྦྱོར་བཅས་བྱ་དགོས།
 (དགུ།)དམངས་ཁྲོད་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་དང་། རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱེད་པར་སྐུལ་སྤེལ་གཏོང་བ། ཕྱི་རྒྱལ་(མངའ་ཁོངས་)གྱི་ཚན་རིག་ལག་རྩལ་ཚོགས་པ་དང་ཚན་རིག་ལག་རྩལ་གྱི་ལས་ཀ་བྱེད་མཁན་བར་གྱི་མཛའ་མཐུན་འགྲོ་འོང་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས།
 (བཅུ།)ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་དོན་ཚན་གཞན་དག་གི་ལས་འགན་སྒྲུབ་དགོས། 
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།