ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང(ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱི་ཕྱོགས་དྲིལ་སྒྲོག་གཞུང་སྒྲུབ་ཁང་)ནི2001ལོའི་ཟླ1པོར་བཙུགས་ཤིང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་བྱ་བར་གཅིག་གྱུར་གྱིས་དོ་དམ་བྱེད་པའི་ལས་སྒྲུབ་ལས་ཁུངས་ཡིན། 
 དེའི་ལས་འགན་གཙོ་བོ་ནི་མངའ་ཁོངས་ཕྱི་ནང་གི་སྨྱན་སྦྱོར་གྱིས་ལུགས་མཐུན་དྲང་གཞག་གི་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྤེལ་བར་ཞབས་འདེགས་ཞུ་བ་དང་། རང་འགུལ་གྱི་སྒོ་ནས་ཕྱི་ཕྱོགས་ལ་མཚོ་སྔོན་མཚམས་སྦྱོར་ཧུར་ཐག་དང་། ཡང་དག་པ་དང་དོན་དངོས་དང་མཐུན་པའི་སྒོ་ནས་མཚོ་སྔོན་གྱི་སྣང་བརྙན་ངོམ་སྟོན་བྱ་རྒྱུ་དེ་ཡིན།
   (གཅིག)ཕྱི་ཕྱོགས་སུ་མཚོ་སྔོན་གསལ་བཤད་དང་ངོ་སྤྲོད། ཐོག་ཕྱི་ཕྱོགས་སུ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་པའི་བྱ་བ་སྒྲིག་འཛུགས་བྱེད་དགོས།
  (གཉིས)ཞིང་ཆེན་གང་དེའི་ཕྱི་ཕྱོགས་གསར་འགྱུར་གནས་འཕྲིན་སྤེལ་བའི་བྱ་བར་མཛུབ་སྟོན་དང་མཐུན་སྦྱོར། ཞིང་ཆེན་གང་དེའི་སྲིད་ཇུས་གལ་ཆེན་དང་དོན་ཚན་གལ་ཆེན། བྱེད་སྒོ་གལ་ཆེན། གྲོས་ཚོགས་གལ་ཆེན་བཅས་ཀྱི་ཕྱི་ཕྱོགས་གསར་འགྱུར་གནས་འཕྲིན་སྤེལ་བར་རྩ་འཛུགས་བྱ་དགོས།
  (གསུམ།)ཞིང་ཆེན་གང་དེའི་ཕྱི་ཕྱོགས་གསར་འགྱུར་ལས་དོན་འཕེལ་རྒྱས་གཏོང་བའི་འཆར་གཞི་བཟོ་དགོས་པར་མ་ཟད། རྩ་འཛུགས་ལག་བསྟར་བྱེད་པའི་འགན་འཁུར་དགོས།
  (བཞི)ཞིང་ཆེན་དེ་གའི་ལས་ཁུངས་གལ་ཆེན་དང་རྩ་འཛུགས་གལ་ཆེན། ཁུལ(ས་གནས)དང་རྫོང་། ཨུད་དང་ལས་ཁུངས། ཅུའུ་སོ་སོའི་གསར་འགྱུར་ཁྱབ་བསྒྲགས་བྱ་བར་མཛུབ་སྟོན་དང་མཐུན་སྦྱོར་བྱེད་དགོས།

(ལྔ)ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་ཁྱབ་བསྒྲགས་བྱ་བའི་འགན་དང་། ཞིང་ཆེན་སྲིད་གཞུང་གི་གལ་ཆེའི་གསར་འགྱུར་ཁྱབ་བསྒྲགས་བྱ་བ་རྩ་འཛུགས་བྱ་བའི་འགན་འཁུར་དགོས།

(དྲུག)འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕྱི་རྒྱལ་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གསར་འགོད་པ་མཚོ་སྔོན་དུ་བཅར་འདྲིར་ཡོང་བའི་ཐད་ཀྱི་ལས་ཀ་ཡག་པོ་བསྒྲུབས་ཏེ་ཕྱི་རྒྱལ་གྱི་གསར་འགོད་པ་མཚོ་སྔོན་དུ་བཅར་འདྲིར་ཡོང་བའི་ཞབས་ཞུ་བསྒྲུབ་དགོས།     (བདུན།)ཕྱི་རྒྱལ་དུ་མཚོ་སྔོན་ངོ་སྤྲོད་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་དགོས།

(བརྒྱད།)མཚོ་སྔོན་གྱི་གནས་ཚུལ་ངོ་སྤྲོད་བྱེད་པའི་དཔེ་དེབ་དང་། སྒྲ་བརྙན། གློག་བརྙན་དང་བརྙན་འཕྲིན་གྱི་པར་སྐྲུན་དངོས་པོ་བཅས་བཟོས་ནས་བཤམས་པ་དང་། འགྲེམས་སྤེལ། འབུལ་སྤྲོད་བཅས་ཀྱི་ལས་ཀར་འཆར་འགོད་དང་མཛུབ་སྟོན་བྱ་དགོས།
  (དགུ)ཞིང་ཆེན་གང་དེའི་དྲ་སྦྲེལ་གསར་འགྱུར་ལས་དོན་ལ་དོ་དམ་དང་མཐུན་སྦྱོར་བྱེད་དགོས།

(བཅུ།)འཛམ་གླིང་གི་སྨྱན་སྦྱོར་གཙོ་བོ་དང་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྨྱན་སྦྱོར་གྱིས་མཚོ་སྔོན་དང་འབྲེལ་བ་ཡོད་པའི་གནས་འཕྲིན་སྤེལ་བར་ཞིབ་འཇུག་བྱས་ནས་སྨྱན་སྦྱོར་གྱི་དོ་ཁུར་བྱེད་སར་ལན་ཆ་སྤྲད་དགོས།
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།

    

རྩོམ་སྒྲིག་པ། : ཁོན་ཐར་འཚོ།