ཟི་ལིང་མཚོ་འགག་ནི་༡༩༩༨ལོའི་ཟླ༡༠བའི་ཚེས༨ ཉིན་དངོས་སུ་བཙུགས་པ་ཡིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཐད་ཀར་འགོ་ཁྲིད་བྱེད་པ་ཡིན་ལ། གཙོ་བོ་དམིགས་སའི་གྲུ་ཁ་དང་འབྲེལ་ཡོད་ཀྱི་ཁྱབ་ཁོངས་ནང་གི་འགག་སྒོའི་ལས་དོན་འཁོར་སྐྱོད་དོ་དམ་དང་ལྟ་སྐུལ་ཚོད་འཛིན་བཅས་ཀྱི་འགན་འཁུར་མཁན་ཐིང་རིམ་པ་རྒན་པའི་ཐད་གཏོགས་འགག་སྒོ་ལས་ཁུངས་ཤིག་ཡིན་པ་དང་། ཚོགས་རྒྱ་གནམ་ཐང་འགག་སྒོ་ལས་ཁུངས་དང་། ནུབ་མཚོ་འགག་སྒོ གོར་མོའི་འགག་སྒོ་བཅས་ལ་འགོ་ཁྲིད་བྱེད་ཀྱི་ཡོད་པ་རེད། ཟི་ལིང་འགག་སྒོའི་དོ་དམ་བྱེད་ཁོངས་ནི་མཚོ་སྔོན་ཞིང་ཆེན་གྱི་འགག་སྒོའི་དོ་དམ་གྱི་ལས་དོན་ཁག་ཡིན།
འགན་འཁྲི་གཙོ་བོ་ནི།
(གཅིག)འགག་སྒོ་ཁུལ་གང་དེས་འགག་སྒོའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་བའི་འགན་འཁུར་དགོས། འགན་འཁྲི་སྒྲུབ་པའི་གོ་རིམ་དུ་ཏང་གིས་འགག་སྒོའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་སྒྲུབ་པའི་འགན་བཅས་འཁུར་དགོས།
(གཉིས།)འགག་སྒོའི་དོ་དམ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱེད་པའི་འགན་འཁུར་དགོས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི། འགག་སྒོ་གང་དེའི་ཁྲལ་བསྡུ་དང་། ལྟ་སྐུལ་དོ་དམ། ལྐོག་འདྲེན་འཛིན་བཟུང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་ཞིབ་དཔྱད་དང་རིམས་ནད་བརྟག་དཔྱད། བསྡོམས་རྩིས་སོགས་ཀྱི་ལས་དོན་སྒྲུབ་པའི་འགན་བཅས་འཁུར་དགོས།
(གསུམ།)སྒོ་ཁྲལ་ཁུལ་གང་དེའི་ཁྲིམས་བསྟར་ཉེན་ཁ་དང་། དོ་དམ་ཉེན་ཁ། སྲིད་དོན་གཙང་སྐྱོང་མི་བྱེད་པའི་ཉེན་ཁ་བཅས་རིགས་ཁག་ལ་ལྟ་སྐུལ་ཚོད་འཛིན་དང་ཞིབ་འཇུག་བརྡར་གཅོད་བྱ་བ་དང་། ཉེན་ཟོན་དང་འདུམ་འགྲིག་སྒྲིག་འཛུགས་བྱ་བའི་འགན། སྒོ་ཁྲལ་ཁུལ་གང་དེའི་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དང་། དཔུང་སྡེ་འཛུགས་སྐྱོང་། རྒྱུན་ལྡན་དོ་དམ་བཅས་ཀྱི་ལས་ཀ་སྒྲུབ་པའི་འགན་བཅས་འཁུར་དགོས།
(བཞི།)འགག་སྒོའི་སྤྱི་ཁྱབ་ལས་ཁུངས་ནས་སྤྲད་པའི་ལས་དོན་གཞན་དག་ལེགས་པར་བསྒྲུབ་དགོས་པའི་འགན་འཁུར་དགོས།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།