ཞིང་ཆེན་ས་ཡོམ་ཅུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ལས་འགན་གཙོ་བོ།
  (གཅིག)བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་གཞིར་བཟུང་མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་གནོད་བསྙུང་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་དང་། འབྲེལ་ཡོད་ཀྱི་ཡོམ་འགོག་གནོད་བསྙུང་གི་བྱེད་ཕྱོགས་དང་སྲིད་ཇུས་བཟོ་འགོད། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོ་འགོད། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་འགོད་བཅས་ཀྱི་འགན་ཡོད་པ་མ་ཟད། སྒྲིག་འཛུགས་ཐོག་ལག་བསྟར་བྱ་བའི་འགན་ཡང་ཡོད།
  (གཉིས)མཚོ་སྔོན་ཞིང་ཆེན་གྱི་ས་ཡོམ་གྱི་གནོད་འཚེ་སྔོན་འགོག་དང་གནོད་ཚེ་ཆུང་དུ་གཏོང་བའི་འཆར་གཞི་བཟོ་འགོད་བྱ་བ་སྒྲིག་འཛུགས་དང་། ས་ཡོམ་གྱི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་འཆར་གཞིའི་སྒྲིག་སྲོལ་དང་བབ་མཚུངས་ཀྱི་གྲོན་དངུལ་གཏོང་ཐབས་བཙུགས་ནས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱ་བའི་འགན་བཅས་ཡོད།
  (གསུམ)ས་ཡོམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་ཀའི་མ་ལག་འཛུགས་པའི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་ས་ཡོམ་ཁང་གི་དྲ་ཚིགས་དང་ཆ་འཕྲིན་མ་ལག་གི་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱེད་འགན་ཁུར་ནས་ཐོན་ཁུངས་མཉམ་སྤྱོད་དང་། ཞིང་ཆེན་ཡོངས་ཀྱི་ས་ཡོམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་འཆར་གཞི་བཟོ་དགོས་པ་མ་ཟད་ལག་བསྟར་བྱ་བ་སྒྲིག་འཛུགས་དགོས་པའི་འགན། ཞིང་ཆེན་རིམ་པའི་ས་ཡོམ་ལྟ་ཞིབ་ཚད་ལེན་ཁང་དང་དྲ་ཚིགས་ལ་དོ་དམ་བྱ་བ་དང་། ས་ཡོམ་གྱི་སྔོན་བརྡའི་བསམ་འཆར་འདོན་པའི་འགན། ཞིང་ཆེན་ཡོངས་ཀྱི་ས་ཡོམ་གྱི་གཙོ་གནད་ལྟ་ཞིབ་དང་འགོག་སྲུང་ཁུལ་གྱི་ས་ཡོམ་གནས་ཚུལ་རྗེས་འདེད་བྱ་བར་ཤུགས་སྣོན་དང་། ཁུལ(ས་གནས)དང་གྲོང་ཁྱེར། རྫོང་བཅས་ཀྱི་ས་ཡོམ་ལྟ་ཞིབ་ཚད་ལེན་ཁང་དྲ་ཚིགས་དང་མཉམ་དཔྱད་མཉམ་འགོག་གི་ལས་དོན་ལ་ལས་རིགས་ཀྱི་དོ་དམ་ལག་བསྟར་བྱ་བའི་འགན། ཁྲིམས་ལྟར་ས་ཡོམ་ལྟ་ཞིབ་ཚད་ལེན་གྱི་སྒྲིག་བཀོད་དང་ས་ཡོམ་ལྟ་དཔྱད་ཚད་འཇལ་བྱེད་སའི་ཁོར་ཡུག་ལ་སྲུང་སྐྱོང་བྱ་བའི་འགན་བཅས་འཁུར་དགོས།
  (བཞི།)འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་ཡོམ་གྱི་གནོད་འཚེ་སྔོན་འགོག་ལས་ཀའི་མ་ལག་འཛུགས་པའི་ལས་ཀ་བསྒྲུབ་དགོས། སྲིད་འཛིན་ས་ཁོངས་གང་དེའི་ཁོངས་གཏོགས་ཀྱི་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་གི་བླང་བྱ་དང་ས་ཡོམ་གྱི་བདེ་སྲུང་རང་བཞིན་ལ་གདེང་འཇོག་བྱ་བར་ལྟ་སྐུལ་དོ་དམ་བྱ་བའི་འགན་དང་། འགན་འཁྲིའི་དབང་ཚད་ལྟར་ས་ཡོམ་གྱི་བདེ་སྲུང་རང་བཞིན་ལྡན་མིན་གྱི་གདེང་འཇོག་བྱས་འབྲས་ལ་ཞིབ་བཤེར་གཏན་འབེབས་དང་ཡོམ་འགོག་གི་བླང་བྱ་གཏན་འཁེལ། སྲིད་འཛིན་ས་ཁོངས་གང་དེའི་ས་ཡོམ་གྱི་གནོད་འཚེ་སྔོན་དཔག་དོ་དམ་བཅས་བྱ་བའི་འགན། གཏོར་བཤིག་རང་བཞིན་ལྡན་པའི་ས་ཡོམ་བྱུང་དུས་ཀྱི་དགོས་མཁོ་མྱུར་སྒྲུབ་བྱེད་པའི་སྐོར་གྱི་སྲིད་འཛིན་ས་ཁོངས་གང་དེའི་གྲ་སྒྲིག་འཆར་གཞི་སྒྲིག་བཟོ་དང་འབྲེལ་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱ་བའི་འགན།   ས་ཡོམ་གྱི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའི་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་གཏོང་བའི་ལས་དོན་སྒྲིག་འཛུགས་ཐོག་སྤེལ་བའི་འགན་བཅས་འཁུར་དགོས།
  (ལྔ)མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཡོམ་འགོག་གེགས་སེལ་བཀོད་འདོམས་ལས་ཁུངས་ཀྱི་སྒྲུབ་གཉེར་ལས་ཁུངས་ཀྱི་ལས་འགན་ཁུར་དུ་ལེན་དགོས།  ས་ཡོམ་བྱུང་ཚུལ་དང་གནོད་སྐྱོན་ཐེབས་ཚུལ་མྱུར་ཞུ་བྱེད་འགན་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་ཡོམ་གྱི་གནོད་སྐྱོན་བརྟག་དཔྱད་དང་གྱོང་གུན་བྱུང་ཚུལ་དཔྱད་དཔོག་ལས་དོན་སྒྲིག་འཛུགས་བྱ་བའི་འགན། ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་བསྐྱར་སྐྲུན་འཆར་གཞི་འགོད་པའི་ལས་ལ་ཞུགས་པའི་འགན་བཅས་ཡོད།
  (དྲུག)འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་ཡོམ་བྱུང་དུས་ཀྱི་འཕྲལ་མྱུར་རོགས་སྐྱོབ་ལས་སྒྲུབ་མ་ལག་འཛུགས་དགོས།  ས་ཡོམ་འབྱུང་སྐབས་ཀྱི་མཁོ་བསྟུན་རོགས་སྐྱོབ་བྱེད་པའི་ལག་རྩལ་དང་སྒྲིག་ཆས་ཞིབ་འཇུག་ཐོག་གསར་སྤེལ་དང་། ཆ་རྐྱེན་འཛོམས་པའི་ས་ཡོམ་ལྟ་ཞིབ་དང་འགོག་སྲུང་ཁུལ་གནད་ཆེ་རིགས་སུ་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིང་ཆེན་ཁོངས་ཀྱི་ས་ཡོམ་འཕྲལ་མྱུར་རོགས་སྐྱོབ་རུ་ཁག་སྒྲིག་འཛུགས་དང་གསོ་སྐྱོང་སྦྱོང་བརྡར་བྱ་བའི་འགན། ས་གནས་མི་དམངས་སྲིད་གཞུང་ལ་ས་ཡོམ་ལྟ་ཞིབ་དང་འགོག་སྲུང་ཁུལ་གནད་ཆེ་རིགས་ཀྱི་ས་ཡོམ་འབྱུང་སྐབས་ཀྱི་མཁོ་བསྟུན་རོགས་སྐྱོབ་དངོས་རྫས་གསོག་འཇོག་མ་ལག་འཛུགས་རོགས་ཀྱི་འགན་བཅས་འཁུར་དགོས།
  (བདུན།)ཆུ་མཛོད་ཀྱི་ས་ཡོམ་དང་། མེ་རི། མེ་རིའི་ས་ཡོམ་་བཅས་ཀྱི་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལས་དོན་སྒྲིག་འཛུགས་ཐོག་སྤེལ་ཏེ་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་འགོག་ཟོན་བྱ་བའི་འགན།  རྒྱལ་སྤྱིའི་ཐོག་ཉིང་རྡུལ་ཚོད་ལྟ་བྱས་མི་ཆོག་པའི་ས་ཡོམ་ཞིབ་བཤེར་གྱི་ལས་འགན་བཅས་འཁུར་དགོས།
  (བརྒྱད།)ཞིང་ཆེན་ཡོངས་ཀྱི་ས་ཡོམ་གྱི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་ལས་ཀ་སྒྲུབ་པའི་འགན་དང་། ས་ཡོམ་ལས་རིགས་ཀྱི་སྤུས་ཚད་དང་ལག་རྩལ་ལ་ལྟ་སྐུལ་དོ་དམ་བྱ་བའི་འགན། ས་ཡོམ་ལག་རྩལ་གྱི་ཚད་གཞི་དྲིལ་སྒྲོག་དང་། ལག་བསྟར། ལྟ་སྐུལ་བཅས་བྱ་བའི་འགན། ས་ཡོམ་ཚད་འཇལ་ལས་ཀར་དོ་དམ་བྱ་བའི་འགན་བཅས་འཁུར་དགོས།
  (དགུ)ས་ཡོམ་གྱི་ཚན་རིག་ལག་རྩལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དང་།  ས་ཡོམ་སྐོར་གྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་དེའི་གྲུབ་འབྲས་ཁྱབ་སྤེལ་དང་བེད་སྤྱོད་སྒྲིག་འཛུགས་ཐོག་སྤེལ་བའི་འགན།  ས་ཡོམ་གྱི་ཚན་རིག་ལག་རྩལ་ཐད་ནས་རྒྱལ་སྤྱིའི་ཐོག་མཉམ་ལས་དང་སྤེལ་རེས་བྱ་བའི་འགན།  ས་ཡོམ་གྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་ལས་དོན་དང་འབྲེལ་བ་ཡོད་པའི་རིག་གཞུང་ལྷན་ཚོགས་དང་མཐུན་ཚོགས་ཀྱི་ལས་ཀར་ཁྲིད་སྟོན་དང་དོ་དམ་བྱ་བའི་འགན་བཅས་འཁུར་དགོས།
  (བཅུ།)མངའ་ཁོངས་ཀྱི་སྡེ་ཚན་ལ་འགོ་ཁྲིད་དང་། ཁུལ(ས་གནས)དང་གྲོང་ཁྱེར། རྫོང་བཅས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་སྣེ་ཁྲིད་པའི་འགན་བཅས་འཁུར་དགོས།
  (བཅུ་གཅིག)ཀྲུང་གོ་ས་ཡོམ་ཅུས་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་སྒྲུབ་པའི་འགན་བཅས་འཁུར་དགོས།
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།