གཞུང་ལས་ཁང་།(ལྗོངས་ཁུལ་མཐུན་སྦྱོར་གཞུང་སྒྲུབ་ཁང་།)
ལས་ཁུངས་ཀྱི་གློག་འཕྲིན་དང་། ཚོགས་དོན་ཞབས་ཞུ། གསང་གནད། ཡིག་རིགས་ཡིག་ཚགས། ནོར་རྫས། སྲིད་དོན་ཁྲིམས་བསྒྲགས། ལྟ་ཞིབ་ལྟ་སྐུལ། གསར་འགྱུར་ཁྱབ་སྒྲོག སྲིད་དོན་ཕྱིར་སྒྲོག འཕྲལ་སྡོམ་དོ་དམ། ཆ་འཕྲིན་དྲ་རྒྱ། རྒྱབ་ཕྱོགས་མཁོ་བསྟུན་སོགས་ཀྱི་ལས་འགན་འཁུར་དང་།ལྗོངས་ཁུལ་གྱི་རྫོང་དང་ཡུལ་ཚོ(གྲོང་རྡལ)སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་དང་འབྲེལ་བའི་ལས་ཀའི་ཕྱོགས་ནས་འབྲེལ་འདྲིས་དང་མཐུན་སྦྱོར་གྱི་ལས་འགན་བཅས་འཁུར་དགོས།
འཆར་འགོད་འཛུགས་སྐྲུན་ཁང་།
མཚོ་སྔོན་པོ་མཛེས་ལྗོངས་ཁུལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་བཟོ་བ་དང་། ལོ་འཁོར་གྱི་འཆར་གཞི་བཟོ་བ། མཛེས་ལྗོངས་ཁུལ་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་སྐོར་ནས་གྲོས་འགོ་འདོན་པ། མཛེས་ལྗོངས་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་བཅས་ཀྱི་ལས་འགན་དང་། མཛེས་ལྗོངས་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་སྒྲིག་ཁོངས་དང་རྣམ་གྲངས་རེ་ཞུའི་ལས་འགན། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་སྒྲིག་བཀོད། བཟོ་ཞིང་འབྲོག་ལས། དམངས་སྤྱོད་སྒྲིག་བཀོད་བཅས་ཀྱི་འཆར་འགོད་ལ་ཞིབ་མཆན་འགོད་པའི་འགན། མཛེས་ལྗོངས་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཚོང་འགུགས་མ་འདྲེན་གྱི་ཞིབ་ཕྲའི་ལས་ཀ་སྒྲུབ་པའི་འགན་བཅས་འཁུར་དགོས།
ཡུལ་སྐོར་དོ་དམ་ཁང་།
མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་གསར་སྤེལ་བྱ་བའི་འཆར་འགོད་ཞིབ་འཇུག་ཐོག་བཟོ་འགོད་བྱས་ཏེ་མཛེས་ལྗོངས་ཁུལ་ནང་གི་ཡུལ་སྐོར་གཉེར་སྐྱོང་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་འགན་དང་། མཛེས་ལྗོངས་ཁུལ་དང་གྲོང་གསེབ་ཀྱི་ཡུལ་སྐོར་དྲ་ཚིགས་ཁྱབ་ཚུལ་དང་ཚད་ལྡན་དོ་དམ་གྱི་ལས་འགན། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་ཕྱི་ཕྱོགས་དྲིལ་སྒྲོག་དང་། ཡུལ་སྐོར་ཁྲོམ་རའི་དྲིལ་སྒྲོག་གཉེར་ཚོང་བྱེད་སྒོ མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་ཞིབ་སྤེལ་བཅས་སྒྲིག་འཛུགས་བྱེད་པའི་ལས་འགན།
མཛེས་ལྗོངས་ཁུལ་ནང་སྤེལ་བའི་ཡུལ་སྐོར་བྱེད་སྒོ་སྣ་ཚོགས་ཇུས་འགོད་དང་སྒྲུབ་པའི་འགན། ཡུལ་སྐོར་སྣེ་ཤན་དཔུང་ཁག་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱ་བའི་འགན་བཅས་འཁུར་དགོས།
ཡུལ་སྐོར་བདེ་འཇགས་ལ་འགན་འཁུར་ནས་ཡུལ་སྐོར་ཞུ་གཏུག་ཆེ་གྲས་མཐུན་སྦྱོར་དང་ཐག་གཅོད་བྱས་ཏེ་ཡུལ་སྐོར་གྱི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱ་བའི་འགན་དང་།
རང་བྱུང་གི་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་ཁང་།མཛེས་ལྗོངས་ཁུལ་ནང་གི་རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་ནས་མཛེས་ལྗོངས་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་དང་། འདམ་ར། ཐང་རྒོད་བཅས་ལ་བརྟག་དཔྱད་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན། ཚོད་སྐོར་བཅས་སྒྲིག་འཛུགས་བྱ་བའི་འགན་འཁུར་དགོས།
ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་། འཚོ་སྡོད་ཁུལ་སླར་གསོ། རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་བཅས་སྒྲིག་འཛུགས་དང་དོ་དམ་བྱ་བའི་འགན།
བདག་སྐྱོང་བྱེད་ཁོངས་ནང་གི་ཁོར་ཡུག་སྲུང་སྐྱོང་གི་ལས་འགན། སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཡོད་པའི་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྒོར་ལྟ་སྐུལ་དང་ཞིབ་བཤེར་བྱ་བའི་འགན།
མཛེས་ལྗོངས་ཁུལ་ནང་གི་ཁོར་ཡུག་གི་གནད་དོན་གལ་ཆེན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་ཐག་གཅོད་བྱས་ཏེ་ཁོར་ཡུག་སྦགས་བཙོག་གི་ལས་འཛོལ་དང་སྣོད་བཅུད་གཏོར་བཤིག་གི་དོན་རྐྱེན་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་། བདག་སྐྱོང་བྱེད་ཁོངས་ནང་གི་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་གི་གདེང་འཇོག་སྙན་ཞུར་ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་ཞུ་བའི་ལས་འགན་འཁུར་དགོས།
ནོར་དོན་སྡོམ་རྩིས་ཁྲུའུ།
སྙན་ཞུ་རྩོམ་སྒྲིག་ཅུས་ཀྱི་རིམ་པ་དང་། སྔོན་རྩིས་ལས་ཁུངས་རིམ་པ་གཉིས་པས་ངེས་རྩིས་བཟོ་འགོད་སྙན་འབུལ་དང་། ལག་བསྟར་སྒྲིག་འཛུགས་ཀྱི་འགན་དང་། ཅུས་རིམ་པ་གང་དེའི་ནོར་སྲིད་དོ་དམ་དང་རྩིས་གཉེར་ཞིབ་རྩིས། ནོར་དོན་སྙན་ཐོའི་རེའུ་མིག་རིགས་ཁག་རྩོམ་སྒྲིག་དང་སྙན་འབུལ་བཅས་ཀྱི་འགན།
ཁོངས་གཏོགས་ལས་ཁུངས་ནང་ཁུལ་གྱི་ནོར་དོན་དང་། གཞུང་ཁོངས་རྒྱུ་ནོར། སྲིད་གཞུང་གི་ཉོ་སྒྲུབ། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུའི་དོ་དམ་ལས་དོན་བཅས་ལ་ཁྲིད་སྟོན་དང་ལྟ་སྐུལ་དོ་དམ་བྱ་བའི་འགན།
སྲིད་གཞུང་གི་ཉོ་སྒྲུབ་སྐོར་གྱི་འཆར་གཞི་བཟོ་འགོད་དང་། རང་ཁོངས་སུ་གཏོགས་པའི་སྡེ་ཚན་གྱི་ནོར་དོན་གཏོང་ཡོང་དང་འབྲེལ་ཡོད་ཀྱི་དཔལ་འབྱོར་བྱེད་སྒོར་ལྟ་སྐུལ་བྱ་བའི་འགན། བསྡོམས་རྩིས་དང་ནང་ཁུལ་གྱི་རྩིས་བཤེར་ལས་ཀ་སྒྲིག་འཛུགས་བྱ་བའི་འགན།
མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པའི་ནོར་སྲིད་དང་དངུལ་རྩ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཐད་ནས་་གྲོས་འགོ་འདོན་པའི་འགན། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པའི་ནོར་སྲིད་དང་དངུལ་རྩ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཐད་ནས་་གྲོས་འགོ་འདོན་པའི་འགན་བཅས་འཁུར་དགོས།
ཁྲིམས་འཛིན་ཅུས།
མཛེས་ལྗོངས་ཁུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་འགོད་བཟོ་བ་སྒྲིག་འཛུགས་བྱ་བའི་འགན་འཁུར་དགོས།
མཛེས་ལྗོངས་ཁུལ་གྱི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་ཞུ་ལན་ལས་དོན་གྱི་འགན་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ལས་འགན།
མཛེས་ལྗོངས་ཁུལ་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་གཞིར་བཟུང་མཛེས་ལྗོངས་ཁུལ་གྱི་ཁྱབ་ཁོངས་ནང་འཆར་འགོད་དོ་དམ་དང་། ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ལམ་སྐྱོང་སོགས་སྲིད་འཛིན་ཁྲིམས་འཛིན་ཀྱི་ལས་ཀ་སྤེལ་བའི་འགན།
སྲིད་འཛིན་ཆད་གཅོད་ཀྱི་དབང་ཆའང་སྤྲོད་པའི་འགན། འབྲེལ་ཡོད་ཁྲིམས་བསྟར་སྡེ་ཁག་གིས་གྱོད་དོན་ཚབས་ཆེན་ཞིབ་གཅོད་ལ་གཞོགས་འདེགས་བྱ་བའི་འགན་བཅས་འཁུར་དགོས།
མཚོ་སྔོན་པོའི་མཚོ་དོན་ཅུས། (མཚོ་སྔོན་པོའི་ཆུ་ཐོག་སྐྱེལ་འདྲེན་དོ་དམ་ཅུས་ཀྱི་སྒོ་བྱང་བཀལ་ཡོད། )
རྒྱལ་ཁབ་ཀྱི་ཆུའི་ཉེན་མེད་ལྟ་སྐུལ་དོ་དམ་གྱི་སྲིད་ཇུས་དང་ཁྲིམས་སྲོལ། ཚད་ལྡན་དང་ཚད་གཞི་བཅས་ལག་ལེན་བསྟར་བར་སྒྲིག་འཛུགས་བྱ་བའི་འགན་དང་།
བདག་སྤྲོད་བྱེད་ཁོངས་ནང་གི་འབྲེལ་ཡོད་མཚོ་དོན་དོ་དམ་སྐོར་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོ་བའི་འགན།
མཚོ་སྔོན་པོའི་གྲུ་གཟིངས་ཤར་གཏོང་ཆུ་ཁོངས་ཀྱི་ཆུ་ཐོག་བདེ་འཇགས་ལ་འགན་ཁུར་ནས་ཆུ་ཐོག་གྲུ་གཟིངས་ལ་སྦགས་བཙོག་མི་བཟོ་བའི་འགན།
ཁོངས་གཏོགས་ཁུལ་གྱི་གྲུ་གཟིངས་ཐོག་གི་ལས་དོན་པའི་བདེ་འཇགས་ཐོན་སྐྱེད་དང་ལས་འགན་འཁུར་བར་འཚམ་པའི་ཐོབ་ཐང་གསོ་སྦྱོང་ལས་དོན་གྱི་འགན།
ས་ཁོངས་ནང་གི་འཚོལ་སྐྱོབ་བྱ་སྤྱོད་སྒྲིག་འཛུགས་དང་མཐུན་སྦྱོར་གྱི་འགན་འཁུར་ནས་མཚོ་ཐོག་འཚོལ་སྐྱོབ་ལྟེ་གནས་ཀྱི་རྒྱུན་གཏན་ལས་སྒོ་ཐག་གཅོད་བྱ་བའི་འགན།
མངའ་ཁོངས་ནང་ཁུལ་གྱི་ཆུའི་འགྲིམ་འགྲུལ་དོན་རྐྱེན་ཁྲིམས་ལྟར་བརྟག་དཔྱད་དང་ཐག་གཅོད་བྱ་བའི་འགན།
ཆུ་ཐོག་སྐྱེལ་འདྲེན་གྱི་ལྟ་སྐུལ་དོ་དམ་ལས་ཀའི་འགན་འཁུར་ནས་ཁོངས་གཏོགས་ཁུལ་གྱི་གྲུ་ཁ་དང་། གྲུ་ལམ། མཚོ་གྲུ་སྡོད་གནས་བཅས་ཀྱི་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱ་བའི་འགན།
ཁོངས་གཏོགས་ཁུལ་གྱི་ཆུ་ཁོངས་ནང་གྲུ་གཟིངས་ཤར་གཏོང་གི་སྒྲིག་ལམ་ལ་འགོག་རྐྱེན་བཟོ་བ་དང་གྲུ་གཟིངས་ཤར་གཏོང་གི་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་རྒྱུན་ལྡན་མིན་པའི་གནས་ཚུལ་འཕྲལ་སྡོམ་ཐག་གཅོད་བྱ་བའི་འགན་བཅས་འཁུར་དགོས།
མི་དོན་ཁང་།
སྒྲིག་འཛུགས་ཐོག(མི་དོན)དང་ལས་ཁུངས་ཀྱི་སྒྲིག་ཁོངས། སློབ་གསོ་ཟབ་སྦྱོང་། ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་དོ་དམ་སོགས་ཀྱི་ལས་འགན་འཁུར་དགོས།
ལས་ཁུངས་ཀྱི་ཏང་ཨུ།
ཅུས་གང་དེའི་ལས་ཁུངས་དང་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་དང་མང་ཚོགས་སྐོར་གྱི་ལས་འགན་དང་། ཅུས་ཁོངས་གཏོགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་འགན་བཅས་འཁུར་དགོས།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།