རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཏང་སྲིད་གཞུང་དོན་ཁང་། 

སྲིད་ཇུས་ཁྲིམས་སྲོལ་ཁུའུ་ཡི་སྒོ་བྱང་བཀལ་ཡོད། 

ལས་འགན་གཙོ་བོ། 

གློག་འཕྲིན་ཡིག་ཆ་དང་། ཚོགས་འདུའི་ལས་དོན། གསང་གནད། ཡིག་ཚགས། ལྟ་བཤེར། སྲིད་དོན་ཡོངས་བསྒྲགས། ཡིག་སྐུར་ངོ་གཏུག  ཁྲིམས་ལྟར་སྲིད་འཛིན། ཁྱོན་ཡོངས་བསྒྱུར་བཅོས་ཟབ་སྤེལ། ཉེན་མེད་ཐོན་སྐྱེད།  གསར་རྒྱ་དམ་པོ་སོགས་ལས་ཁུངས་ཀྱི་ཉིན་རྒྱུན་ལས་ཀའི་འགན་འཁུར་དགོས།

ས་གནས་རང་བཞིན་གྱི་འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་འགོད་པར་སྒྲིག་འཛུགས་ཀྱི་ལས་འགན།

ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱ་བའི་འགན།

རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དང་རྨ་འབྲི་རྫ་གསུམ་འགོ་ཁུངས་གཞུང་ཁོངས་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་གྱི་སྲིད་འཛིན་ཞུ་ལན་དང་། སྲིད་འཛིན་བསྐྱར་གྲོས། དཔང་ཉན། ཁྲིམས་ལུགས་ཁྱབ་གདལ་བཅས་ཀྱི་འབྲེལ་ཡོད་ལས་དོན་གྱི་འགན། ལས་ཁུངས་དང་ཁོངས་གཏོགས་སྡེ་ཚན་གྱི་ཏང་སྐྱོང་ལས་ཀའི་འགན།

བཟོ་པ་དང་། ན་གཞོན། བུད་མེད་བཅས་ཀྱི་ལས་ཀར་འབྲེལ་བྱེད་པའི་འགན་བཅས་འཁུར་དགོས། 

སྐྱེ་ཁམས་སྲུང་སྐྱོབ་ཁྲུའུ། 

སྐྱེ་ཁམས་ཁོར་ཡུག་དཔྱད་འཇོག་ཁྲུའུ་ཡི་སྒོ་བྱང་བཀལ་ཡོད། 

ལས་འགན་གཙོ་བོ། 

རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དང་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་གི་སྲིད་ཇུས་སྐོར་གྱི་གྲོས་འགོ་བཏོན་ནས་སྣོད་བཅུད་སྲུང་སྐྱོང་གི་ཚད་གཞི་བཟོ་བ་དང་། འབྲེལ་ཡོད་ཁྲིམས་སྲོལ་དང་སྒྲིག་སྲོལ་འཆར་ཟིན་བཟོ་འགོད་ཀྱི་འགན་དགོས་འཁུར་དགོས།
  གླིང་ཁུལ་ཁག་གི་དོ་དམ་ཨུ་ལྷན(དོ་དམ་ཁྲུའུ)གྱི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ལ་ཞིབ་དཔྱད་དང་འབྲེལ་རྣམ་གྲངས་ཞིབ་བཤེར་རྩིས་ལེན་ལག་ལེན་བསྟར་བའི་འགན། 

རྣམ་གྲངས་གྲུབ་རྗེས་ཀྱི་ཞིབ་བཤེར་རྩིས་ལེན་དང་།  ལས་ཕྱོད་གདེང་འཇོག    སྣོད་བཅུད་གནས་ཚུལ་ལ་གདེང་འཇོག བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བཅས་ཀྱི་ལས་འགན།
  སྣོད་བཅུད་སྲུང་སྐྱོང་ས་ཚིགས་དང་སྲུང་སྐྱོང་དོ་དམ་ས་ཚིགས་ཀྱི་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱ་བའི་འགན།
  སྣོད་བཅུད་དོ་དམ་སྲུང་སྐྱོང་པའི་སྐོར་སྲུང་དང་ལྟ་ཞིབ་ལས་དོན་ལ་མཛུབ་ཁྲིད་བྱ་བའི་འགན། སྡེ་ཁུལ་དོ་དམ་མཉམ་བསྒྲུབ་ཀྱི་ལས་འགན་བཅས་འཁུར་དགོས།

འཆར་འགོད་དང་ནོད་དོན་ལྟ་ཞིབ་ཁྲུའུ། 

 དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དོ་དམ་ཁྲུའུ་ཡི་སྒོ་བྱང་བཀལ་ཡོད། 

ལས་འགན་གཙོ་བོ། 

རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དང་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁོངས་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་འཆར་འགོད་བཟོ་བ་དང་འབྲེལ་ནས་ལྟ་སྐུལ་ཐོག་ལག་བསྟར་བྱ་བའི་འགན།

རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱི་ཁ་གསབ་དང་སྐྱེ་ཁམས་ཁ་གསབ་(དོ་དམ་སྲུང་སྐྱོང་)ལམ་ལུགས་སྒྲིག་འཛུགས་དང་ལག་བསྟར་མཛུབ་སྟོན་བྱ་བའི་འགན།
  སྡེ་ཁག་གི་སྔོན་རྩིས་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བྱས་ནས་ཆེད་དམིགས་རྣམ་གྲངས་ཀྱི་སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་མ་དངུལ་སྔོན་རྩིས་སྐོར་གྱི་་གྲོས་འགོ་འདོན་པའི་འགན།
  རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་མ་དངུལ་ལ་དོ་དམ་དང་ལྟ་སྐུལ་བྱས་ཏེ། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་འཇོག་འཆར་གཞིའི་གྲོས་འགོ་འདོན་པ་དང་། ལོ་འཁོར་གྱི་རྣམ་གྲངས་ལ་དགོས་པའི་མ་དངུལ་ལ་འཆར་གཞི་བཟོ་བའི་འགན།
  རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དོ་དམ་གྱི་འགན།ལས་ཁུངས་དང་ཁོངས་གཏོགས་སྡེ་ཚན་གྱི་ནོར་དོན་དང་། རྒྱལ་ཁོངས་རྒྱུ་ནོར་དོ་དམ། ནང་ཁུལ་གྱི་རྩིས་བཤེར་བཅས་ཀྱི་ལས་དོན་སྒྲུབ་པའི་འགན། ནོར་དོན་གྱི་ཆ་འཕྲིན་བསྡོམས་རྩིས་ལས་དོན་སྒྲུབ་པའི་འགན་བཅས་འཁུར་དགོས། 

ཁྲིམས་བསྟར་ལྟ་ཞིབ་ཁྲུའུ། 

རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས། རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནགས་ཚལ་སྤྱི་བདེ་ཅུས། རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་རྩྭ་ཐང་མེ་ཟོན་གཞུང་སྒྲུབ་ཁང་བཅས་ཀྱི་སྒོ་བྱང་བཀལ་ཡོད།
  ལས་འགན་གཙོ་བོ།
   རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དང་རྨ་འབྲི་རྫ་གསུམ་འགོ་ཁོངས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་གི་ཁྲིམས་འཛིན་དོ་དམ་དང་། ཞུ་གཏུག་ཐག་གཅོད། བློ་འདྲིའི་ཞབས་ཞུ། ཉེན་ཁ་དབྱེ་ཞིབ་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།
   སྣོད་བཅུད་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་གཅིག་གྱུར་བྱ་སྤྱོད་དང་ཆེད་དོན་འཐབ་རྩོད་སྒྲིག་འཛུགས་ཐོག་མཐུན་སྦྱོར་བྱ་བའི་འགན།

 འབྱུང་ཁམས་ལ་གཏོར་བཤིག་གཏོང་བའི་གྱོད་གཞི་ཚབས་ཆེན་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱོད་གཞི་ཞིབ་བཤེར་ཐག་གཅོད། སྤྱིར་བཏང་གི་ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་ལ་མཐུན་སྦྱོར་ཐོག་སྐུལ་འདེད་གཏང་བའི་འགན།

 ཁོངས་གཏོགས་མངགས་གཏོང་ཁང་གི་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་གི་འགན་འཁུར་ནས་གླིང་ཁུལ་གྱི་ནགས་ཚལ་སྤྱི་བདེའི་ལས་དོན་ལ་མཛུབ་ཁྲིད་བྱེད་པ། རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་དང་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ལས་སྒོའི་ཐད་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ཀྱི་མཛུབ་ཁྲིད་དང་ལེན་བྱ་བའི་འགན་བཅས་འཁུར་དགོས། 

 མི་ཤུགས་ཐོན་ཁུངས་དོ་དམ་དང་དྲིལ་སྒྲོག་སློབ་གསོ་ཁྲུའུ། 

 ལས་འགན་གཙོ་བོ།
  
 ལས་ཁུངས་དང་ཁོངས་གཏོགས་སྡེ་ཚན་གྱི་མི་དོན་དོ་དམ་དང་། སྒྲིག་གཞི་སྒྲིག་གཞི། ངལ་རྩོལ་གླ་ཕོགས། དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ལས་ཀའི་འགན་དང་། 

 ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ལས་ཀའི་འགན་དང་། ལས་ཁོངས་གང་དེའི་ཁོངས་གཏོགས་སྡེ་ཚན་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ལས་ཀར་ཁྲིད་སྟོན་བྱ་བའི་འགན། 

 རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་བདག་སྐྱོང་པ་གདན་ཞུ་དང་དཔྱད་ཞིབ་ལས་དོན་ལ་མཛུབ་ཁྲིད་བྱ་བའི་འགན། 

 རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་སྲུང་སྐྱོང་དང་ཆུ་གསུམ་འགོ་ཁུངས་རྒྱལ་ཁོངས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་བ་དང་འབྲེལ་སྒྲིག་འཛུགས་ཐོག་ལག་བསྟར་བྱ་བའི་འགན།

 གསར་འགྱུར་དྲིལ་བསྒྲགས། ཚན་རིག་ཁྱབ་གདལ་སློབ་གསོ། རིག་གཞུང་སྤེལ་རེས། མཚམས་སྦྱོར་ཞབས་ཞུ། དུས་དེབ་རྩོམ་སྒྲིག རིག་གནས་འཛུགས་སྐྲུན་བཅས་ལས་ཁུངས་དང་ཅུས་ཁོངས་གཏོགས་ལས་ཁུངས་ཀྱི་ལས་བྱེད་པར་གསོ་སྐྱོང་སྦྱོང་བརྡར་སྒྲིག་འཛུགས་བྱ་བའི་འགན།
   གླིང་ཁུལ་དུ་སྣོད་བཅུད་དོ་དམ་སྲུང་སྐྱོང་པའི་གསོ་སྦྱོང་ལས་དོན་ལ་མཛུབ་ཁྲིད་བྱ་བའི་འགན།
    ཅུད་ཁོངས་གཏོགས་ཚན་པའི་ཆ་འཕྲིན་ཅན་འཛུགས་སྐྲུན་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱ་བའི་འགན།

 རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་འཕེལ་རྒྱས་འཆར་འགོད་བཟོ་བ་དང་འབྲེལ་སྒྲིག་འཛུགས་ལག་བསྟར་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཁྱབ་སྤེལ་མ་ལག་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་མཛུབ་སྟོན་བྱ་བའི་འགན།
    སྐྱེ་ཁམས་སྲུང་སྐྱོང་ཚད་ལྡན་ཅན་དང་། སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས། ནགས་ལས་ཀྱི་གཞི་རྒྱུ་སྒྱུར་བའི་སྐྱེ་དངོས་ཉེན་མེད་བཅས་ལ་ལྟ་སྐུལ་བྱ་བའི་འགན།
    ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་དང་རིག་སྟོབས་ནང་འདྲེན་གྱི་ལས་ཀ་སྒྲིག་འཛུགས་ཐོག་སློབ་སྟོན་བྱ་བའི་འགན། རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་སྒྲིག་འཛུགས་བྱ་བའི་འགན།

 སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་རྒྱལ་སྤྱིའི་བྱེད་སྒོ་གལ་ཆེན་དང་ཁ་ཆད་ལྟར་སྒྲུབ་པའི་ལས་ཀ་སྒྲུབ་པའི་འགན།

  འབྲེལ་ཡོད་རྒྱལ་སྤྱིའི་གྲོས་མཐུན་དང་།ཆོད་ཡིག་བཅས་ལག་བསྟར་བྱ་བའི་འགན།

 འབྲེལ་ཡོད་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ཀྱི་རྣམ་གྲངས་ལ་ཞིབ་བཤེར་ཐོག་ལག་བསྟར་བྱ་བའི་འགན་བཅས་འཁུར་དགོས།
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།