ལས་འགན་གཙོ་བོ།
(གཅིག)ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱེད་པའི་འགན་དང་། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་འགན། ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་བཅས་འཁུར་དགོས།
(གཉིས།)ཁྲལ་འབབ་དང་སྤྱི་ཚོགས་ཀྱི་འགན་བཅོལ་དངུལ་འབབ་དང་འབྲེལ་ཡོད་ཁྲལ་མིན་ཡོང་འབབ་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ལག་བསྟར་དོན་འཁྱོལ་བྱ་བའི་འགན་དང་། ལག་བསྟར་བྱ་ཐབས་ཞིབ་ཕྲ་ཞིབ་འཇུག་དང་གཏན་འབེབས། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྒྲིག་འཛུགས་ཐོག་དོན་འཁྱོལ་བྱ་བའི་ལས་འགན་ཡོད།
(གསུམ། )རང་ཁོངས་ཀྱི་ཁྲལ་འབབ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ། འབྲེལ་ཡོད་ཁྲལ་མིན་ཡོང་སྒོ་བཅས་ཀྱི་དུས་ཡུན་འབྲིང་རིང་གི་འཆར་འགོད་ཞིབ་འཇུག་ཐོག་བཟོ་འགོད་བྱ་བའི་ལས་འགན་དང་། ཁྲལ་འབབ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ། འབྲེལ་ཡོད་ཁྲལ་མིན་ཡོང་སྒོ་བཅས་ཀྱི་སྔོན་རྩིས་དམིགས་ཚད་བཟོ་བའི་ནང་ཞུགས་ཏེ། བཅའ་ཁྲིམས་ལྟར་ལག་ལེན་བསྟར་བར་སྒྲིག་འཛུགས་དང་། ཁོངས་གཏོགས་དེ་གའི་ཁྲལ་བསྡུ་དང་། སྤྱི་ཚོགས་འགན་བཅོལ་གྲོན་དངུལ། ཁྲལ་མིན་ཡོང་སྒོ་དང་འབྲེལ་བ་ཡོད་པའི་སྙིང་བསྡུས་ཞིབ་རྩིས་ལས་ཀའི་འགན། ཡོང་འབབ་ལ་དབྱེ་ཞིབ་དང་སྔོན་དཔག་ལས་དོན་སྒྲིག་འཛུགས་བྱ་བའི་ལས་འགན་བཅས་འཁུར་དགོས།
(བཞི)ཁྲལ་བསྡུའི་དཔལ་འབྱོར་གྱི་དབྱེ་ཞིབ་དང་ཁྲལ་བསྡུའི་སྲིད་ཇུས་ཀྱི་ཕན་ནུས་ལ་དབྱེ་ཞིབ་བྱས་ཏེ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་། ཞིང་ཆེན་ཨུ་ལྷན། ཞིང་ཆེན་སྲིད་གཞུང་བཅས་ལ་ཇུས་ཐག་གཅོད་པའི་དཔྱད་གཞི་མཁོ་འདོན་བྱ་བའི་འགན་ཡོད།
(ལྔ།)རང་ས་ཁོངས་ནང་གི་ཁྲལ་འབབ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ། འབྲེལ་ཡོད་ཁྲལ་མིན་ཡོང་སྒོ་བཅས་བསྡུ་ལེན་དང་དོ་དམ་བྱ་བའི་་འགན་དང་། ཁྲལ(གྲོན་དངུལ་)ཡོང་ཁུངས་ལ་ལྟ་སྐུལ་ཚོད་འཛིན་དང་ཉེན་ཁར་དོ་དམ་སྒྲིག་འཛུགས་ཐོག་ལག་བསྟར་དང་། ཁེ་ལས་ཆེ་གྲས་དང་རང་བྱུང་མིའི་ཁྲལ་འབབ་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ལས་འགན་བཅས་ཡོད།
(དྲུག)ཁོངས་གཏོགས་དེ་གའི་ཁྲལ་བསྡུ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ། འབྲེལ་ཡོད་ཁྲལ་མིན་ཡོང་འབབ་བཅས་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་སྒྲིག་འཛུགས་ཐོག་ལག་བསྟར་བྱ་བའི་འགན་ཡོད། ཁྲལ་འཇལ་ཞབས་ཞུ་དང་ཁྲལ་བསྡུའི་དྲིལ་བསྒྲགས་ལས་དོན་སྒྲིག་འཛུགས་ཐོག་སྤེལ་ཏེ། ཁྲལ་འཇལ་མཁན་དང་འཇལ་སྤྲོད་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ། ཁྲལ་མིན་ཡོང་སྒོ་བཅས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱི་ཆད་གཅོད་དཔང་ཉན་དང་། སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་གཏུག་བཤེར་བཅས་ཀྱི་དོན་དག་སྒྲུབ་པའི་འགན་བཅས་འཁུར་དགོས།
(བདུན།)རང་ས་ཁོངས་ཀྱི་རྒྱལ་སྤྱིའི་ཁྲལ་འབབ་དང་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་འབབ་ལ་དོ་དམ་བྱ་བའི་འགན་དང་། ཁྲལ་གཡོལ་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་དང་ཕྱིར་གཏོང་ཁྲལ་སློག་གི་བྱ་བ་སྒྲིག་འཛུགས་བྱ་བའི་འགན་འཁུར་དགོས།
(བརྒྱད།)རང་ས་ཁོངས་ཀྱི་ཁྲལ་དོན་ཞིབ་བཤེར་དང་། སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ། འབྲེལ་ཡོད་ཁྲལ་མིན་ཡོང་སྒོ་བཅས་ཞིབ་བཤེར་ལས་ཀ་སྒྲིག་འཛུགས་ཐོག་ལག་བསྟར་བྱ་བའི་འགན་བཅས་ཡོད།
(དགུ།)གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་དང་། སྤྱིར་བཏང་གི་འཛིན་ཤོག འཛིན་ཤོག་གཞན་དག་བཅས་ལ་དོ་དམ་བྱ་བའི་འགན་དང་། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་བཅོལ་གྲོན་དངུལ། འབྲེལ་ཡོད་ཁྲལ་མིན་ཡོང་འབབ་ཀྱི་འཛིན་ཤོག་བཅས་ལ་དོ་དམ་བྱ་བའི་འགན་འཁུར་དགོས།
(བཅུ།)ཁོངས་གཏོགས་གང་དེའི་ཁྲལ་བསྡུ་དང་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཁག་དང་། འབྲེལ་ཡོད་ཁྲལ་མིན་ཡོང་འབབ་བསྡུ་ལེན་དང་དོ་དམ་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་གཞི་གྲངས་བཅོས་སྐྱོང་བྱེད་པའི་ལས་ཀ་སྒྲིག་འཛུགས་ཐོག་ལག་བསྟར་བྱ་བའི་འགན་ཡོད།
(བཅུ་གཅིག)ཁོངས་གཏོགས་གང་དེའི་ནང་ཁུལ་གྱི་ཚོད་འཛིན་ནང་རྐྱེན་འཛུགས་པའི་ལས་དོན་སྒྲུབ་འགན་འཁུར་ནས་རང་གི་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་གལ་ཆེན་དང་གོང་རིམ་ལས་ཀའི་བཀོད་སྒྲིག་ལག་བསྟར་བྱས་ཚུལ་ལ་ལྟ་ཞིབ་དང་སྐུལ་སྒྲུབ། ཁྲལ་བསྡུའི་ཁྲིམས་བསྟར་ལྟ་ཞིབ་ལག་བསྟར་སྒྲིག་འཛུགས་བྱ་བའི་འགན་ཡོད།
(བཅུ་གཉིས།)ཁོངས་གཏོགས་གང་དེའི་གཞི་རིམ་འཛུགས་སྐྲུན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་འགན་དང་། འགོ་ཁྲིད་ཚན་པ་དང་རྗེས་གྲབས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲལ་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར། ཁོངས་གཏོགས་གང་དེའི་་ཕན་འབྲས་དོ་དམ་དང་ལས་བྱེད་པར་དཔྱད་ཞིབ་བཅས་བྱ་བའི་འགན་འཁུར་དགོས།
(བཅུ་གསུམ།)རང་གི་ཁོངས་གཏོགས་ལས་ཁུངས་དང་། སྒྲིག་ཁོངས། གྲོན་དངུལ། རྒྱུ་ནོར་དོ་དམ་བཅས་ཀྱི་འགན་འཁུར་དགོས།
(བཅུ་བཞི)རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་། ཞིང་ཆེན་ཨུ་ལྷན། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་སྤྲད་པའི་ལས་དོན་གཞན་དག་ལེགས་སྒྲུབ་བྱ་བའི་འགན་འཁུར་དགོས།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།