མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཨུད་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་བའི་ལས་འགན་ཡོད་ཅིང་། ལས་འགན་སྒྲུབ་པའི་གོ་རིམ་ཁྲོད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཏང་གིས་ཕྱོགས་བསྡུས་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་དེ་ལ་ཤུགས་སྣོན་དགོས་པ་ཡིན། དེ་ཡང་ལས་འགན་གཙོ་བོ་ནི།
(གཅིག) སྣོད་བཅུད་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་འགན་འཁུར་དགོས། རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ། བྱེད་ཕྱོགས། སྲིད་ཇུས། གཞི་རྩའི་ལམ་ལུགས་བཅས་ལག་ལེན་མཐར་ཕྱིན་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་སྲིད་ཇུས་དང་འཆར་གཞི་རྩ་འཛུགས་ཐོག་བཟོ་འགོད་ལག་བསྟར་བྱ་བ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་བཟོ་འགོད། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ས་ཁོངས་དང་། ཆུ་བོད་འབབ་རྒྱུད། འཐུང་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་འཆར་འགོད་དང་ཆུ་ནུས་ས་ཁུལ་དབྱེ་འབྱེད་བཅས་སྒྲིག་བཟོ་དང་ལག་བསྟར་བྱེད་པར་ལྟ་སྐུལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི་དང་ལག་རྩལ་ཚད་གཞི་རྩ་འཛུགས་ཐོག་བཟོ་འགོད་བཅས་དགོས་པའི་འགན་འཁུར་དགོས། །
(གཉིས།) སྣོད་བཅུད་ཁོར་ཡུག་གི་གནད་དོན་གལ་ཆེན་ལ་གཅིག་གྱུར་མཐུན་སྦྱོར་བྱས་ནས་ལྟ་སྐུལ་དོ་དམ་བྱ་བའི་འགན་འཁུར་དགོས། གློ་བུར་དུ་བྱུང་བའི་ཁོར་ཡུག་སྦགས་བཙོག་དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན། སྣོད་བཅུད་གཏོར་བརླག་དོན་རྐྱེན་ལ་བརྟག་དཔྱད་ཐག་གཅོད་བྱེད་པར་སྣེ་ཁྲིད་ནས་མཐུན་སྦྱོར་དང་། གློ་བུར་དུ་བྱུང་བའི་ཁོར་ཡུག་དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་ལ་བབ་བསྟུན་དང་སྔོན་ཚུད་ཉེན་བརྡ་གཏོང་བའི་ལས་ཀར་མཛུབ་སྟོན་དང་མཐུན་སྦྱོར། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གུན་གསབ་ལམ་ལུགས་ལག་བསྟར་ལ་སྣེ་ཁྲིད་དང་ཁྲིད་སྟོན། ས་ཁོངས་ལས་བརྒལ་བའི་ཁོར་ཡུག་སྦགས་བཙོག་གི་རྩོད་གླེང་མཐུན་སྦྱོར་ངང་ཐག་གཅོད། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ས་ཁོངས་དང་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བཅས་བྱ་བའི་འགན་འཁུར་དགོས།
(གསུམ།) ཞིང་ཆེན་ཡོངས་ཀྱི་སྙིགས་འཕྲིའི་དམིགས་འབེན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་པའི་སྤྱི་འབོར་ཚོད་འཛིན་དང་སྦགས་བཙོག་ཕྱིར་འབུད་བྱེད་པའི་ཆོག་མཆན་དཔང་ཡིག་གི་ལམ་ལུགས་རྩ་འཛུགས་ཐོག་གཏན་འབེབས་དང་། ལག་བསྟར་བྱེད་པར་ལྟ་སྐུལ། སྦགས་བཙོག་དངོས་པོའི་སྤྱི་འབོར་ཚོད་འཛིན་དམིགས་ཚད་གཏན་འབེབས། ཞིང་ཆེན་ཡོངས་ཀྱི་སྦགས་བཙོག་དངོས་པོ་ཕྱིར་འབུད་ཉུང་འཕྲི་བྱེད་པའི་ལས་འགན་ལེགས་འགྲུབ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས་རྩ་འཛུགས་ཐོག་ལག་བསྟར་བཅས་བྱ་བའི་འགན་ཡོད།
(བཞི) ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་གཞི་ཁྱོན་དང་ཁ་ཕྱོགས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་སྲིད་ཇུས་རང་བཞིན་གྱི་མ་དངུལ་བཀོད་སྒྲིག་ལ་བསམ་འཆར་འདོན་པའི་འགན་འཁུར་དགོས། ཞིང་ཆེན་སྲིད་གཞུང་གི་གཏན་འབེབས་དབང་ཚད་གཞིར་བཟུང་འཆར་འགོད་ནང་དང་ལོ་འཁོར་གྱི་འཆར་གཞིའི་གཞི་ཁྱོན་ནང་གི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་། འདུན་ཞུ། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་སྒྲིག་འཛུགས་ཐོག་ལག་བསྟར་དང་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབ་པ། འཁོར་སྐྱོད་དཔལ་འབྱོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་འཕེལ་རྒྱས་གཏོང་བར་མཛུབ་སྟོན་དང་སྐུལ་འདེད་གཏོང་བའི་ལས་ཞུགས་པ་བཅས་ལ་འགན་འཁུར་དགོས།
(ལྔ།) ཡུལ་ཁམས་སྦགས་བཙོག་འགོག་སེལ་བྱ་བར་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་དང་། ཆུ། ས་རྒྱུ། འཛེར་སྒྲ། འོད། དྲི་ངན། སྲ་གཟུགས་ཀྱི་བེད་མེད་དངོས་རོ། རྫས་འགྱུར་དངོས་རྫས། འཕྲུལ་སྒུལ་འཁོར་ལོ་སོགས་ཀྱི་སྦགས་བཙོག་འགོག་བཅོས་དོ་དམ་ལམ་ལུགས་གཏན་འབེབས་དང་ལག་བསྟར་བྱེད་པར་ལྟ་སྐུལ། འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་འཐུང་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་དོ་དམ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་ཀར་ཁྲིད་སྟོན། ཞིང་ལས་ཀྱི་ཕྱེ་ཁོངས་སྦགས་བཙོག་བཅོས་སྐྱོང་ལས་ཀར་ལྟ་སྐུལ་དང་ཁྲིད་སྟོན། ས་ཁོངས་ཀྱི་རླུང་ཁམས་ཆེན་པོའི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ས་ཁོངས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་མཉམ་འགོག་མཉམ་བཅོས་ཀྱི་མཐུན་སྦྱོར་ལམ་སྲོལ་སྒྲིག་འཛུགས་ཐག་ལག་བསྟར། ཞིང་ཆེན་གྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་རྒྱུན་ལྡན་བྱ་བ་སྒྲུབ་འགན་བཅས་འཁུར་དགོས།
(དྲུག) སྣོད་སྲུང་སྐྱོང་དང་ཉམས་གསོའི་ལས་ཀར་མཛུབ་ཁྲིད་མཐུན་སྦྱོར་དང་ལྟ་སྐུལ་བྱ་བའི་འགན་ཡོད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་འཆར་གཞི་སྒྲིག་འཛུགས་ཐོག་བཟོ་འགོད་དང་། སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཡོད་པའི་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྒོ། སྐྱེ་ཁམས་ཁོར་ཡུག་གལ་ཆེན་འཛུགས་སྐྲུན། སྐྱེ་ཁམས་གཏོར་བརླག་སླར་གསོ་བཅས་ཀྱི་བྱ་བར་ལྟ་སྐུལ། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་སྒྲིག་འཛུགས་ཐོག་གཏན་འབེབས་དང་བཅའ་ཁྲིམས་ལག་བསྟར་ལ་ལྟ་སྐུལ། རི་སྐྱེས་ཀྱི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་། བརླན་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཐང་རྒོད་ཅན་དུ་འགྱུར་བར་འགོག་བཅོས་སོགས་ཀྱི་བྱ་བར་ཞུགས་ནས་ལྟ་སྐུལ། ཞིང་གྲོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཛུབ་སྟོན་མཐུན་སྦྱོར་དང་ལྟ་སྐུལ། སྐྱེ་དངོས་ལག་རྩལ་ཁོར་ཡུག་གི་བདེ་འཇགས་ལ་ལྟ་སྐུལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བྱ་བ་སྒྲིག་འཛུགས་དང་མཐུན་སྦྱོར། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་བྱ་བའི་ཁྲོད་དུ་ཞུགས་པ་བཅས་ཀྱི་ལས་འགན་འཁུར་དགོས།
(བདུན།) ཉིང་རྡུལ་མཆེད་འཕྲོའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས། འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ནས་གཏན་ལ་ཕབ་པའི་ཉིང་རྡུལ་དང་འཕྲོ་ནུས་ལྡན་པའི་སྐོར་གྱི་སྲིད་ཇུས་དང་། འཆར་འགོད། ཚད་གཞི་བཅས་ལག་བསྟར་བྱེད་པར་ལྟ་སྐུལ་དང་། འཕྲོ་ནུས་ལྡན་པའི་ཁོར་ཡུག་ཐད་ཀྱི་དོན་རྐྱེན་མྱུར་བསྟུན་ཐག་གཅོད། འཕྲོ་ནུས་འབྱུང་གཞི་བདེ་འཇགས་ཡོང་བར་ལྟ་སྐུལ་དོ་དམ། ཉིང་རྡུལ་ལག་རྩལ་བེད་སྤྱོད་དང་། གློག་ཁབ་ལེན་གྱི་འཕྲོ་འགྱེད། འཕྲོ་ནུས་དང་ལྷན་སྐྱེས་འཕྲོ་ནུས་ལྡན་པའི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ། གསར་སྤེལ་བེད་སྤྱོད་བྱེད་རིང་སྦགས་བཙོག་འགོག་བཅོས་བྱེད་པར་ལྟ་སྐུལ་དོ་དམ་བཅས་བྱ་བའི་འགན་འཁུར་དགོས།
(བརྒྱད།) སྣོད་བཅུད་ཁོར་ཡུག་གི་ཆོག་འཐུས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས། ཞིང་ཆེན་སྲིད་གཞུང་གི་མངགས་བཅོལ་ལྟར་གལ་ཆེའི་དཔལ་འབྱོར་དང་ལག་རྩལ་སྲིད་ཇུས། འཕེལ་རྒྱས་འཆར་འགོད། དཔལ་འབྱོར་གསར་སྤེལ་གལ་ཆེན་གྱི་འཆར་གཞི་བཅས་ཀྱི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ས་གནས་ཀྱི་རང་བཞིན་ལྡན་པའི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་མ་ཟིན་ཐད་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གྱི་བསམ་འཆར་འདོན་པ། གལ་ཆེའི་གསར་སྤེལ་འཛུགས་སྐྲུན་ས་ཁོངས་དང་། འཆར་འགོད། རྣམ་གྲངས་བཅས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་གི་གདེང་འཇོག་ཡིག་ཆར་གཏན་འབེབས་ལྟར་ཞིབ་བཤེར་བྱེད་པའམ་ཡང་ན་ཞིབ་མཆན་འགོད་པ། ས་ཁུལ་ཁག་གིས་གསར་སྤེལ་འཛུགས་སྐྲུན་བྱེད་རིམ་ཁྲོད་ཀྱི་ས་ཁོངས་དང་། འཆར་འགོད། རྣམ་གྲངས་བཅས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་གི་གདེང་འཇོག་ལས་དོན་ལེགས་སྒྲུབ་ཐད་མཛུབ་ཁྲིད་དང་ལྟ་སྐུལ་བྱ་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཞུགས་འཐུས་ཞིབ་ཐོ་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞུགས་འཐུས་ཞིབ་ཐོ་བཟོ་འགོད་དང་རྩ་འཛུགས་ཐོག་ལག་ལེན་བསྟར་བ་བཅས་ཀྱི་འགན་འཁུར་དགོས།
(དགུ།) སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱ་བའི་འགན་འཁུར་དགོས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལམ་ལུགས་དང་། འབྲེལ་ཡོད་ཚད་གཞི་ཚད་ལྡན་བཅས་གཏང་བར་ཁྲིད་སྟོན། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་ས་ཚིགས་གཅིག་གྱུར་འཆར་འགོད་བྱས་ནས་འཛུགས་པ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན། སྦགས་བཙོག་འབྱུང་ཁུངས་ལ་ལྟ་སྐུལ་རང་བཞིན་ལྡན་པའི་ལྟ་ཞིབ་ཚད་ལེན། དྲོད་ཁང་རླངས་གཟུགས་ཉུང་འབུད་ལ་ལྟ་ཞིབ་ཚད་ལེན། བབ་བསྟུན་ལྟ་ཞིབ་ཚད་ལེན་བཅས་སྒྲིག་འཛུགས། སྣོད་བཅུད་ཁོར་ཡུག་གི་སྤུས་ཀའི་གནས་ཚུལ་ལ་བརྟག་དཔྱད་གདེང་འཇོག སྔོན་བརྡའི་སྔོན་དཔོག་རྩ་འཛུགས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་དང་སྐྱེ་ཁམས་ཁོར་ཡུག་ཆ་འཕྲིན་དྲ་བ་འཛུགས་སྐྲུན་དང་དོ་དམ་རྩ་འཛུགས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་བསྒྲགས་ལམ་ལུགས་འཛུགས་པ་དང་ལག་བསྟར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་རང་བཞིན་གྱི་སྙན་ཞུ་དང་སྐྱེ་ཁམས་ཁོར་ཡུག་གི་ཆ་འཕྲིན་གལ་ཆེན་གཅིག་གྱུར་གྱིས་ཁྱབ་བསྒྲགས་བཅས་བྱ་བའི་འགན་འཁུར་དགོས།
(བཅུ) གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལས་ཀའི་འགན་འཁུར་དགོས། གནམ་གཤིས་འགྱུར་ལྡོག་དང་དྲོད་ཁང་རླུང་གཟུགས་ཉུང་གཏོང་གི་འབྲེལ་ཡོད་གནད་དོན་ཕྱོགས་བསྡུས་མཐུན་སྦྱོར་བྱེད་དགོས།
(བཅུ་གཅིག) སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྒྲིག་འཛུགས་ཐོག་ལྟ་ཞིབ་བྱ་བའི་འགན་འཁུར་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་རྩ་འཛུགས་ཐོག་ཐུན་སྦྱོར། དབང་ཆར་གཞིགས་ནས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་། ཞིང་ཨུད། ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་དང་འགན་འཁྲི་བདའ་འདེད། ཀྲུང་དབྱང་གིས་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་བྱེད་པའི་འབྲེལ་ཡོད་ལས་ཀ་བསྒྲུབ་པ་བཅས་ཀྱི་འགན་འཁུར་དགོས།
(བཅུ་གཉིས།) སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་ཁྲིམས་བསྟར་ལ་གཅིག་གྱུར་ཐོག་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་བསྟར་ཞིབ་བཤེར་བྱེད་སྒོ་རྩ་འཛུགས་ཐོག་སྤེལ་བ་དང་། ས་ཁོངས་དང་འབབ་རྒྱུད་ལས་བརྒལ་བ་དང་དེ་བཞིན་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་གནད་དོན་གལ་ཆེན་ཞིབ་བཤེར་ཐག་གཅོད། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆོག་འཐུས་དོན་དག་སོགས་ལ་ཁྲིམས་བསྟར་འགན་འཁུར་དགོས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་ཁྲིམས་བསྟར་དཔུང་སྡེ་འཛུགས་སྐྱོང་དང་ལས་སྒོའི་བྱ་བར་མཛུབ་སྟོན་བྱེད་དགོས།
(བཅུ་གསུམ།) སྣོད་བཅུད་ཁོར་ཡུག་གི་དྲིལ་སྒྲོག་སློབ་གསོའི་ལས་དོན་ལ་སྒྲིག་འཛུགས་ཐོག་སློབ་སྟོན་དང་མཐུན་སྦྱོར་བྱ་བའི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་རྩ་གནད་གཏན་འབེབས་དང་འབྲེལ་སྒྲིག་འཛུགས་ཐོག་ལག་བསྟར་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་དང་སྤྱི་དམངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ལ་ཞུགས་པར་སྐུལ་འདེད། སྣོད་བཅུད་་ཁོར་ཡུག་གི་ཚན་རྩལ་ལས་དོན་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཚན་རིག་ཞིབ་འཇུག་གལ་ཆེན་དང་ལག་རྩལ་ལས་གྲྭའི་དཔེ་སྟོན་རྩ་འཛུགས། སྐྱེ་ཁམས་ཁོར་ཡུག་གི་ལག་རྩལ་དོ་དམ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བྱ་བའི་འགན་ཡོད།
(བཅུ་བཞི།) སྣོད་བཅུད་ཁོར་ཡུག་ཐད་རྒྱལ་སྤྱིའི་ཐོག་མཉམ་ལས་དང་སྤེལ་རེས་བྱ་བའི་འགན་ཡོད། རྒྱལ་སྤྱིའི་སྐྱེ་ཁམས་ཁོར་ཡུག་མཉམ་ལས་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་གྱི་གྲོས་འགོ་ཞིབ་འཇུག་བྱས་ནས་འདོན་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་རྒྱལ་སྤྱིའི་ཆིངས་ཡིག་གི་ཁ་ཆད་ལག་བསྟར་ལས་དོན་སྒྲིག་འཛུགས་ཐོག་མཐུན་སྦྱོར་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་གི་ལས་དོན་ཐག་གཅོད་ཀྱི་ལས་ལ་ཞུགས་པ་བཅས་བྱ་དགོས།
(བཅོ་ལྔ།) ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།