ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ནི་ཞིང་ཆེན་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་ཡིན་ཞིང་ཐིང་རིམ་པ་ཡིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ལས་ཁུངས་ཀྱི་སྒྲིག་ཁོངས་ཅན་མི་གྲངས137དང་ལས་ཁུངས་ཀྱི་ལས་སྒྲུབ་པའི་བྱ་གཞག་གི་སྒྲིག་ཁོངས་ཅན་མི8ཡོད། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རང་བྱུང་ཐོན་ཁུངས་ལས་དོན་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། འགན་འཁྲི་ལག་བསྟར་གྱི་བརྒྱུད་རིམ་ཁྲོད་ཏང་གིས་རང་བྱུང་ཐོན་ཁུངས་ལས་དོན་ལ་གཅིག་སྡུད་དང་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཤུགས་སྣོན་དགོས། དེ་ཡང་ལས་འགན་གཙོ་བོ་ནི།

(གཅིག)དམངས་ཡོངས་ལ་དབང་བའི་ས་ཞིང་དང་། གཏེར་ཁ། ནགས་ཚལ། རྩྭ་ཐང་། འདམ་ར། ཆུ་སོགས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དབང་མཁན་གྱི་འགན་འཁྲི་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་ཡོད་ཚད་ཀྱི་སྤྱོད་སྒོར་དོ་དམ་བྱེད་པའི་འགན་འཁྲི་ལག་བསྟར་གྱི་འགན་དང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་དང་། ཐིག་ལེན་རིས་འབྲི་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་འཆར་ཇུས་གཏན་འབེབས་དང་འབྲེལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་བའི་འགན་བཅས་འཁུར་དགོས།

(གཉིས)ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་བརྟག་དཔྱད་ཚད་ལེན་དང་གདེང་འཇོག་བྱེད་འགན་འཁུར་དགོས། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་གདེང་འཇོག་གི་དམིགས་ཚད་མ་ལག་དང་བསྡོམས་རྩིས་ཀྱི་ཚད་གཞི་ལག་ལེན་མཐར་ཕྱིན་བསྟར་ནས་གཅིག་གྱུར་དང་ཚད་ལྡན་གྱི་རང་བྱུང་ཐོན་ཁུངས་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་གྱི་གདེང་འཇོག་ལམ་ལུགས་འཛུགས་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྨང་གཞིའི་བརྟག་དཔྱད་དང་། ཆེད་དམིགས་བརྟག་དཔྱད། འགུལ་རྣམ་ལྟ་ཞིབ་ཚད་ལེན། བསྡོམས་རྩིས་དབྱེ་ཞིབ་གདེང་འཇོག་བཅས་ལག་བསྟར། རང་བྱུང་ཐོན་ཁུངས་བརྟག་དཔྱད་ལྟ་ཞིབ་ཚད་ལེན་གྱི་གདེང་འཇོག་བྱས་འབྲས་ལ་ལྟ་སྐུལ་དོ་དམ་དང་ཆ་འཕྲིན་ཁྱབ་སྒྲོག  ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་རྟོག་ཞིབ་ཚད་ལེན་གདེང་འཇོག་བྱ་བར་མཛུབ་སྟོན་ངཅས་ཀྱི་འགན་འཁུར་དགོས།

(གསུམ)ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་གཅིག་གྱུར་གྱི་དབང་ཆ་གཏན་འཁེལ་ཐོ་འགོད་བྱེད་འགན་འཁུར་དགོས། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་དང་གཏན་འཇགས་ནོར་རྫས་ལ་གཅིག་གྱུར་གྱིས་དབང་ཆ་གཏན་འཁེལ་དང་ཐོ་འགོད། དབང་ཁོངས་རྟོག་ཞིབ། གཏན་འཇགས་རྒྱུ་ནོར་ཐིག་ལེན་རིས་འབྲི། རྩོད་གཞི་འདུམ་སྒྲིག གྲུབ་འབྲས་བཀོལ་སྤྱོད་ལམ་ལུགས། ཚད་གཞི། ཚད་ལྡན་བཅས་ལག་བསྟར་དང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་དང་གཏན་འཇགས་རྒྱུ་དངོས་ཐོ་འགོད་ཆ་འཕྲིན་དོ་དམ་གྱི་རྨང་གཞིའི་ལས་སྟེགས་བཙུགས་ནས་འཐུས་ཚང་དུ་གཏོང་བ། རང་བྱུང་ཐོན་ཁུངས་དང་འགྱུར་མེད་དངོས་པོའི་ཐོ་འགོད་དཔྱད་ཡིག་བསྡུ་རུབ་དང་ལེགས་སྒྲིག མཉམ་སྤྱོད། ཕྱོགས་བསྡུས་རྩིས་སྤྲོད་བཅས་ཀྱི་དོ་དམ། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་དང་གཏན་འཇགས་རྒྱུ་ནོར་གྱི་དབང་ཆ་གཏན་འཁེལ་བྱེད་པའི་ཐོ་འགོད་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བཅས་བྱེད་པའི་འགན་འཁུར་དགོས། 

(བཞི)རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱེད་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བསྡོམས་རྩིས་ལམ་ལུགས་བཙུགས་ཏེ། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་བྱེད་འགན་འཁུར་དགོས། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་མ་རྩ་གཏོང་ཡོང་མཚོན་པའི་རེའུ་མིག་སྒྲིག་བཟོ་དང་། རྒྱལ་ཁབ་ཀྱི་དཔྱད་ཞིབ་ཚད་གཞི་ལག་བསྟར། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཏོང་སྤྲོད་དང་། ནང་བཤུག བོགས་མ་གཏོང་ལེན། གོང་ཚད་ཕབ་ནས་མ་དངུལ་འཇོག་པ། ས་ཆ་གྲབས་གསོག་ས་གནས་བཅས་ཀྱི་ཆ་འགྲིག་སྲིད་ཇུས་གཏན་འབེབས། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བགོ་སྒྲིག་ལུགས་མཐུན། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རིན་ཐང་དཔྱད་དཔོག་དོ་དམ་བྱེད་འགན་འཁུར་ནས་འབྲེལ་ཡོད་རྒྱུ་ནོར་གྱི་ཁེ་སྤོགས་ཁྲིམས་ལྟར་རྩིས་ལེན་བཅས་ཀྱི་འགན་འཁུར་དགོས།

(ལྔ)ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལུགས་མཐུན་གྱིས་གསར་སྤེལ་དང་བེད་སྤྱོད་བྱེད་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་འཕེལ་རྒྱས་འཆར་འགོད་དང་བྱེད་ཐབས་སྒྲིག་འཛུགས་ཐོག་བཟོ་འགོད་དང་། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཀྱི་ཚད་གཞི་སྒྲིག་འཛུགས་ཐོག་ལག་བསྟར། སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་རང་བྱུང་ཐོན་ཁུངས་ཀྱི་རིན་གོང་མ་ལག་འཛུགས་པ། རང་བྱུང་ཐོན་ཁུངས་རིམ་པ་དབྱེ་བའི་རིན་གོང་དཔྱད་དཔོག་སྒྲིག་འཛུགས། རང་བྱུང་ཐོན་ཁུངས་བེད་སྤྱོད་ལ་གདེང་འཇོག་དཔྱད་ཞིབ། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་བྱ་བར་མཛུབ་ཁྲིད་བཅས་བྱེད་པའི་འགན་དང་།  རང་བྱུང་ཐོན་ཁུངས་ཚོང་རར་ལྟ་སྐུལ་དོ་དམ་དང་། རང་བྱུང་ཐོན་ཁུངས་དོ་དམ་བྱ་བ་དེ་སྤྱི་ཁོག་སྙོམ་སྒྲིག་དང་། ས་ཁོངས་མཐུན་སྦྱོར། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བཅས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་སྒྲིག་འཛུགས་ཐོག་ཞིབ་འཇུག་བཅས་བྱ་བའི་འགན་འཁུར་དགོས། 

(དྲུག)བར་སྟོང་འཆར་འགོད་མ་ལག་འཛུགས་པ་དང་ལག་བསྟར་ལྟ་སྐུལ་གྱི་འགན་འཁུར་དགོས། རྒྱལ་ཁབ་ཀྱི་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་དོན་འཁྱོལ་མཐར་ཕྱིན་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་སྒྲིག་འཛུགས་ཐོག་ལག་བསྟར་བྱེད་པར་ལྟ་སྐུལ། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་ལ་འོས་འཚམ་རང་བཞིན་གྱིས་གདེང་འཇོག  རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་ལག་བསྟར་ལ་ལྟ་ཞིབ་ཚད་ལེན་དང་། བརྡ་རྙིང་འགྲེལ་བཤད། སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ་བཅས་ཀྱི་འགན་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། རྟག་གཏན་གྱི་གཞི་རྩའི་ཞིང་ས། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་སོགས་ཀྱི་ཚོད་འཛིན་ཐིག་འགོད་དབྱེ་འབྱེད་སྒྲིག་འཛུགས་ཐོག་གཏན་འབེབས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་སྟོང་བཀོད་སྒྲིག  ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོ་དོ་དམ་ལམ་ལུགས་གསར་འཛུགས་དང་འཐུས་ཚང་བཅས་གཏང་བ། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་བར་ལྟ་སྐུལ། ས་ཞིང་ལ་སོགས་པའི་རང་བྱུང་ཐོན་ཁུངས་ཀྱི་ལོ་རེའི་བེད་སྤྱོད་འཆར་གཞི་བཟོ་འགོད་དང་སྒྲིག་འཛུགས་ལག་བསྟར། ས་ཞིང་སོགས་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོ་བསྒྱུར་སྤྱོད་བཅས་ཀྱི་འགན་འཁུར་དགོས།

(བདུན)ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་སྐྱེ་ཁམས་ཉམས་གསོ་གཅིག་གྱུར་འཆར་འགོད་བྱེད་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་སྐྱེ་ཁམས་ཉམས་གསོའི་འཆར་གཞི་སྒྲིག་འཛུགས་སྒྲིག་བཟོ་དང་འབྲེལ་ཡོད་ཀྱི་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་གལ་ཆེན་ལག་བསྟར། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་བར་སྟོང་ཕྱོགས་བསྡུས་བཅོས་སྐྱོང་དང་། ས་ཞིང་ལེགས་སྒྲིག་བསྐྱར་སྦོལ། གཏེར་རིའི་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་སོགས་ཀྱི་བྱ་བའི་འགན་འཁུར་དགོས། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་ལམ་ལུགས་སྣེ་ཁྲིད་ཐོག་འཛུགས་པ་དང་ལག་བསྟར། སྤྱི་ཚོགས་ཀྱི་མ་དངུལ་བེད་སྤྱོད་ལུགས་མཐུན་བྱས་ནས་སྐྱེ་ཁམས་ཉམས་གསོའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྐྱེ་ཁམས་ཉམས་གསོའི་ལས་གཞིའི་བང་མཛོད་གསར་འཛུགས་བཅས་ཀྱི་འགན་འཁུར་དགོས།

(བརྒྱད)ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་རྩ་འཛུགས་ཐོག་ལག་བསྟར་བྱ་པའི་འགན་འཁུར་དགོས། རྒྱལ་ཁབ་ཀྱི་རྨོ་ཞིང་སྲུང་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས་“གནས་གསུམ་གཞི་གཅིག་”སྲུང་སྐྱོང་བྱེད་འགན་དང་། རྨོ་ཞིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་དམིགས་ཚད་ལ་དཔྱད་ཞིབ་དང་གཏན་འཇགས་གཞི་རྩའི་ཞིང་ས་སྒྲིག་འཛུགས་ཐོག་དམིགས་བསལ་གྱིས་སྲུང་སྐྱོང་། ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་བདག་བཟུང་དང་ཁ་གསབ་དོ་སྙོམས་ལམ་ལུགས་འཐུས་ཚང་། རྨོ་ཞིང་བདག་བཟུང་ཁ་གསབ་ལམ་ལུགས་ལག་བསྟར་ལ་ལྟ་སྐུལ། ས་ཆ་བསྡུ་སྤྱོད་དང་དོ་དམ་བཅས་ཀྱི་འགན་འཁུར་དགོས།

(དགུ)ཞིང་ཆེན་ཡོངས་ཀྱི་ས་གཤིས་རྩད་ཞིབ་ལས་རིགས་དང་ས་གཤིས་ལས་དོན་ལ་དོ་དམ་བྱ་བའི་འགན་འཁུར་དགོས། ས་གཤིས་རྩད་ཞིབ་ཀྱི་འཆར་གཞི་བཟོ་འགོད་བྱ་བ་དང་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས་པ་དང་། ཞིང་ཆེན་རིམ་པའི་ས་གཤིས་རྩད་ཞིབ་རྣམ་གྲངས་ལ་དོ་དམ། ཞིང་ཆེན་རིམ་པའི་ས་གཤིས་གཏེར་རྫས་གལ་ཆེན་རྩད་ཞིབ་བྱེད་པའི་ཆེད་དམིགས་རྣམ་གྲངས་སྒྲིག་འཛུགས་ཐོག་ལག་བསྟར། ས་འོག་གི་ཆུ་ཚད་ལས་བརྒལ་བར་སྔོག་འདོན་དང་དེ་ལས་བྱུང་བའི་ས་ངོས་མར་རྡིབ་པ་སོགས་ས་གཤིས་གནད་དོན་ལ་ལྟ་སྐུལ་དོ་དམ། གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ་སྲུང་སྐྱོང་བྱེད་པར་ལྟ་སྐུལ་དོ་དམ་བཅས་བྱ་བའི་འགན་འཁུར་དགོས།

(བཅུ)ཕྱོགས་བསྡུས་གནོད་འགོག་གེགས་སེལ་འཆར་འགོད་ཀྱི་འབྲེལ་ཡོད་ལས་དོན་དོན་འཁྱོལ་བྱ་བའི་འགན་འཁུར་དགོས། ཞིང་ཆེན་ཡོངས་ཀྱི་ས་གཤིས་གནོད་འཚེ་སྔོན་འགོག་དང་བཅོས་སྐྱོང་འཆར་གཞི་སྒྲིག་འཛུགས་ཐོག་ལག་བསྟར་བྱེད་པར་མཛུབ་སྟོནདང་། ས་གཤིས་ཀྱི་གནོད་སྐྱོན་ལ་བརྟག་དཔྱད་གདེང་འཇོག་དང་མངོན་མེད་རྐྱེན་ངན་གྱི་ཡོངས་ཁྱབ་ལ་ཞིབ་བཤེར་དང་།རྩད་ཞིབ་བྱེད་པར་ཁྲིད་སྟོན་ཐོག་མཐུན་སྦྱོར་དང་ལྟ་སྐུལ། མང་ཚོགས་ཀྱིས་ཚད་ལེན་དང་མཉམ་འགོག ཆེད་ལས་ཀྱི་ལྟ་ཞིབ་ཚད་ལེན། སྔོན་བརྡ་དང་ཉེན་ཟོན་ཉེན་བརྡ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བར་མཛུབ་སྟོན། ས་གཤིས་གནོད་འཚེའི་བཟོ་བཀོད་བཅོས་སྐྱོང་བྱ་བར་མཛུབ་སྟོན། ས་གཤིས་ཀྱི་གནོད་འཚེའི་འཕྲལ་བསྟུན་རོགས་སྐྱོབ་དང་འབྲེལ་བ་ཡོད་པའི་ལག་རྩལ་འདེགས་སྐྱོར་ལས་ཀ་སྒྲུབ་པའི་འགན་བཅས་འཁུར་དགོས།

(བཅུ་གཅིག)ཞིང་ཆེན་ཡོངས་ཀྱི་གཏེར་ཁའི་ཐོན་ཁུངས་དོ་དམ་བྱེད་འགན་འཁུར་དགོས། གཏེར་ཁའི་ཐོན་ཁུངས་གསོག་འབོར་དོ་དམ་དང་དབང་ཚད་ནང་ཚུན་དུ་མགོ་གནོན་བྱེད་པའི་གཏེར་ཁའི་ཐོན་ཁུངས་ལ་ཞིབ་མཆན་འགོད་པའི་འགན་དང་། གཏེར་ལས་དབང་ཆ་དོ་དམ་བྱ་བའི་འགན། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྲུང་སྐྱོང་རང་བཞིན་ལྡན་པའི་སྒོ་ནས་སྔོག་འདོན་བྱ་བར་དམིགས་བཙུགས་ཏེ། གཏེར་རིགས་དང་བཟང་ཆ་ལྡན་པའི་གཏེར་རྫས་སྙོམས་སྒྲིག་སྟངས་འཛིན་དང་དེ་འབྲེལ་གྱི་དོ་དམ་ལས་ཀ་སྒྲུབ་པ། གཏེར་ཁའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་དང་སྲུང་སྐྱོང་བྱེད་པར་ལྟ་སྐུལ་དང་ཁྲིད་སྟོན་བྱ་བའི་འགན་བཅས་འཁུར་དགོས། 

(བཅུ་གཉིས)ཞིང་ཆེན་ཡོངས་ཀྱི་ཐིག་ལེན་རིས་འབྲིའི་ས་ཁམས་ཆ་འཕྲིན་དོ་དམ་བྱ་བའི་འགན་འཁུར་དགོས། རྨང་གཞིའི་ཐིག་ལེན་རིས་འབྲི་དང་ཐིག་ལེན་རིས་འབྲིའི་ལས་རིགས་ལ་དོ་དམ་དང་། ཐིག་ལེན་རིས་འབྲིའི་འོས་ཐོབ་དང་ཡིད་རྟོན་དོ་དམ་གྱི་འགན་འཁུར་ནས་ཞིང་ཆེན་ཡོངས་ཀྱི་ས་ཁམས་ཆ་འཕྲིན་བདེ་འཇགས་དང་ཁྲོམ་རའི་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ། ས་ཁམས་ཆ་འཕྲིན་གྱི་སྤྱི་པའི་ཞབས་ཞུ་དོ་དམ། ཚད་ལེན་མཚོན་རྟགས་སྲུང་སྐྱོང་བྱེད་པའི་འགན་བཅས་འཁུར་དགོས།

(བཅུ་གསུམ)ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་དང་ཤེས་ལྡན་པ་གསོ་སྐྱོང་འཆར་འགོད་དང་འཆར་གཞི་གཏན་འབེབས་ཐོག་ལག་བསྟར། རྒྱལ་ཁབ་ཀྱི་ལག་རྩལ་ཚད་གཞི་དང་ཚད་ལྡན་ལག་བསྟར་དང་འབྲེལ་ལག་ལེན་བསྟར་བར་ལྟ་སྐུལ། ཚན་རྩལ་ལས་གྲྭ་གལ་ཆེན་དང་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ་སྒྲིག་འཛུགས་ཐོག་ལག་བསྟར།  རང་བྱུང་ཐོན་ཁུངས་ཆ་འཕྲིན་ཅན་དང་ཆ་འཕྲིན་དཔྱད་ཡིག་གི་སྤྱི་པའི་ཞབས་ཞུར་སྐུལ་སྤེལ། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་སུ་སྒྲིག་འཛུགས་ཐོག་བརྗེ་རེས་མཉམ་ལས་བྱེད་པའི་འགན་བཅས་འཁུར་དགོས། 

(བཅུ་བཞི)རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ལ་ལྟ་སྐུལ་ཁྲིམས་བསྟར་བྱ་བའི་འགན་འཁུར་དགོས། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་དབང་ཆ་སྤྲད་པ་གཞིར་བཟུང་། རིམ་ཁག་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་དང་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དོན་འཁྱོལ་བྱེད་པའི་བྱེད་ཕྱོགས་ཀྱི་སྲིད་ཇུས་གལ་ཆེན་དང་། ཐབས་ཇུས་བཀོད་སྒྲིག  བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་བཅས་ལ་ལྟ་ཞིབ། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད། ཐིག་ལེན་རིས་འབྲིའི་ཁྲིམས་འགལ་གྱོད་དོན།  གྲོང་ཁྱེར(ཀྲོའུ)དང་རྫོང་གི་རང་བྱུང་ཐོན་ཁུངས་སྡེ་ཚན་གྱི་འབྲེལ་ཡོད་སྲིད་འཛིན་ཁྲིམས་འཛིན་ལས་དོན་ལ་མཛུབ་ཁྲིད་བཅས་བྱ་བའི་འགན་འཁུར་དགོས།
  (བཅོ་ལྔ)ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཆུ་གློག་ལས་གྲྭ་ཆེ་འབྲིང་གི་འཛུགས་སྐྲུན་ལ་ས་ཁྲལ་བསྡུས་པའི་གསབ་དངུལ་དང་། གནས་སྤོས་ཡུལ་མི་བཀོད་སྒྲིག ཞིབ་འཇུག་རོགས་སྐྱོར་བཅས་བྱ་བའི་འགན་འཁུར་དགོས།
  (བཅུ་དྲུག)ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་ཅུས་ལ་གཅིག་གྱུར་གྱིས་འགོ་ཁྲིད་དང་དོ་དམ་བྱ་དགོས།
  (བཅུ་བདུན)ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས། 

(བཅོ་བརྒྱད)འགན་ནུས་བསྒྱུར་བ།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དབང་མཁན་གྱི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་སྤྱོད་སྒོ་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་བྱེད་པའི་སྐོར་གྱི་བླང་བྱ་དོན་འཁྱོལ། ཀྲུང་དབྱང་གི་རྩེ་རིམ་ཇུས་འགོད་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་དོ་དམ་ཚོད་འཛིན་གྱི་ནུས་པ་འདོན་སྤེལ། རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་གྱིས་གསར་སྤེལ་དང་བེད་སྤྱོད་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བཅས་བྱ་དགོས་པ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བཀོལ་སྤྱོད་ལུགས་མཐུན་ལ་ཤུགས་སྣོན། འགོ་ཁུངས་ནས་སྲུང་སྐྱོང་དང་བརྒྱུད་རིམ་ཧྲིལ་པོའི་ཉམས་གསོ་བཅོས་སྐྱོང་ཟུང་དུ་སྦྲེལ་བའི་ལས་ཀའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏང་བ། ཁྱོན་ཡོངས་ནས་སྲུང་སྐྱོང་དང་། མ་ལག་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་མངོན་འགྱུར་བྱའི་འགན་དང་། སྐུལ་ལྕག་དང་ཚོད་འཛིན་མཉམ་འཛིན་གྱི་ལམ་ལུགས་དང་བྱེད་ཐབས་གསར་གཏོད་བྱས་ནས་རང་བྱུང་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་འགན་འཁུར་དགོས།  འབྲེལ་ཡོད་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་ཚན་ཁུ་བསྡུ་དང་གཤམ་སྤྲོད། ཞབས་ཞུ་ལེགས་སྒྱུར། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེར་གཏོང་། ཚོང་རས་ཐོན་ཁུངས་བགོ་སྒྲིག་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ། རང་བྱུང་ཐོན་ཁུངས་དོ་དམ་བྱེད་པའི་སྒྲིག་སྲོལ་དང་ཚད་གཞི། ལམ་ལུགས་བཅས་ཀྱི་གཅུན་སྡོམ་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་བཅས་བྱས་ཏེ། རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་འཁེལ་ཐོ་འགོད་དང་དཔྱད་དཔོག་བྱེད་པའི་དམངས་ཕན་ནུས་པར་སྐུལ་འདེད་གཏོང་དགོས།

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།