ལས་འགན་གཙོ་བོ།
(གཅིག)འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། རྒྱ་བོད་སོག་གསུམ་གྱི་སྨན་བཅོས་བྱ་གཞག་གོང་འཕེལ་གཏོང་པའི་ཁྲིམས་སྲོལ་སྒྲིག་སྲོལ་གྱི་འཆར་ཟིན་དང་། སྲིད་ཇུས་ཀྱི་འཆར་འགོད་དང་། ཚད་གཞི། ལག་རྩལ་གྱི་ཚད་གཞི་བཟོ་བའི་འགན་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་མཐུན་སྦྱོར་ངང་སྐུལ་སྤེལ་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་ཐོན་ཁུངས་བགོ་སྒྲིག་གཅིག་གྱུར་ཡོང་བའི་འཆར་འགོད། ས་ཁོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་འཆར་འགོད་བཅས་བཟོ་བ་དང་ལག་བསྟར་ལ་ཁྲིད་སྟོན་བྱེད་པའི་འགན་ཁུར་དགོས།
(གཉིས།)ནད་རིགས་སྔོན་འགོག་ཚོད་འཛིན་གྱི་འཆར་འགོད་དང་། རིམས་འགོག་གི་འཆར་འགོད། མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་སྤྱི་པའི་འཕྲོད་བསྟེན་གནད་དོན་ལ་ཐེ་གཏོགས་བྱེད་པའི་བྱེད་ཐབས་གཏན་འབེབས་དང་་སྒྲིག་འཛུགས་དོན་འཁྱོལ་གྱི་འགན་ཁུར་དགོས་པ་མ་ཟད། འཕྲོད་བསྟེན་མཁོ་བསྟུན་དང་འཕྲལ་མྱུར་གསོ་རིག་རོགས་སྐྱོབ་ཀྱི་སྔོན་ཇུས་དང་། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཁ་དཔྱད་དཔོག་གི་འཆར་གཞི་གཏན་འབེབས། གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་སྔོན་འགོག་ཚོད་འཛིན་དང་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་སྣ་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོབ་ལ་སྒྲིག་འཛུགས་ཐོག་ཁྲིད་སྟོན་བཅས་ཀྱི་འགན་དང་། རིམས་ནད་བྱུང་ཚུལ་སྐོར་གྱི་ཁྲིམས་བཀོད་ཆ་འཕྲིན་སྙན་ཞུ་དང་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་མྱུར་བསྟུན་འཕྲལ་གཅོད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱ་བའི་འགན་བཅས་འཁུར་དགོས།
(གསུམ)རང་འཁྲིའི་ལས་འགན་གྱི་ཁྱབ་ཁོངས་ནང་གི་ལས་རིགས་ཀྱི་འཕྲོད་བསྟེན་དང་། འགྱེད་འཕྲོའི་འཕྲོད་བསྟེན། ཁོར་ཡུག་གི་འཕྲོད་བསྟེན། སློབ་གྲྭའི་འཕྲོད་བསྟེན། མི་ཚོགས་འདུ་སའི་འཕྲོད་བསྟེན། འཐུང་ཆུའི་འཕྲོད་བསྟེན་སོགས་ཀྱི་དོ་དམ་ཚད་ལྡན་དང་ཚད་གཞི། སྲིད་ཇུས་དང་བྱེད་ཐབས་བཅས་གཏན་འབེབས་བྱེད་པའི་འགན་དང་། འབྲེལ་ཡོད་ལྟ་ཞིབ་ཚད་ལེན་དང་། བརྟག་དཔྱད། དཔྱད་དཔོག ལྟ་སྐུལ་བཅས་ཟས་རིགས་གནོད་མེད་ཡིན་མིན་ལ་སྒྲིག་འཛུགས་ཐོག་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག ཟས་རིགས་གནོད་མེད་སྐོར་གྱི་ས་གནས་ཀྱི་ཚད་གཞི་ཁྲིམས་ལྟར་གཏན་འབེབས་དང་སྤྱི་བསྒྲགས་བྱ་བ་བཅས་ཀྱི་འགན་ཁུར་དགོས།
(བཞི)གཞི་རིམ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུ་དང་། བུད་མེད་དང་བྱིས་པའི་འཕྲོད་བསྟེན་འཕེལ་རྒྱས་གཏོང་བའི་འཆར་འགོད། སྲིད་ཇུས་བྱེད་ཐབས་བཅས་བཟོ་འགོད་དང་སྒྲིག་འཛུགས་ཐོག་ལག་བསྟར་བྱེད་པའི་འགན་དང་། གཞི་རིམ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། བུད་མེད་དང་བྱིས་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཁྲིད་སྟོན། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད། གཞི་རིམ་གྱི་འཁོར་སྐྱོད་ལམ་སྲོལ་གསར་པ་དང་གྲོང་གསེབ་ཀྱི་སྨན་པ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་འགན་ཁུར་དགོས།
(ལྔ)གཞུང་གཉེར་སྨན་ཁང་བསྒྱུར་བཅོས་ལས་དོན་སྒྲིག་འཛུགས་ཐོག་སྐུལ་འདེད་བྱ་བའི་འགན་དང་། སྤྱི་ཕན་རང་བཞིན་གྱིས་ཁྲིད་སྟོན་གྲུབ་འབྲས་དཔྱད་ཞིབ་དང་གདེང་འཇོག་གི་འཁོར་སྐྱོད་ལམ་སྲོལ་འཛུགས་པའི་འགན། སྨན་པ་དང་ནད་པའི་བར་འཆམ་མཐུན་གྱི་འབྲེལ་བ་འཛུགས་སྐྱོང་བྱ་བའི་འགན། སྨན་བཅོས་ཞབས་ཞུ་དང་སྨན་རྫས་རིན་གོང་གི་སྲིད་ཇུས་སྐོར་གྱི་གྲོས་འགོ་འདོན་པའི་འགན་བཅས་ཁུར་དགོས།
(དྲུག)སྨན་བཅོས་ལས་ཁུངས་དང་སྨན་བཅོས་ཞབས་ཞུའི་ལས་རིགས་ཡོངས་ཀྱི་དོ་དམ་བྱེད་ཐབས་གཏན་འབེབས་ཀྱི་འགན་དང་ལག་བསྟར་ལ་ལྟ་སྐུལ་བྱ་བའི་འགན། སྨན་བཅོས་ལས་ཁུངས་དང་དེའི་སྨན་བཅོས་ཞབས་ཞུ་དང་། སྨན་བཅོས་ལག་རྩལ། སྨན་བཅོས་སྤུས་ཚད། སྨན་བཅོས་བདེ་འཇགས་བཅས་དང་དེ་བཞིན་ཟུངས་ཁྲག་འདོན་སྤྲོད་ལས་ཁུངས་དོ་དམ་ཚད་ལྡན་དང་ཚད་གཞི་གཏན་འབེབས་སྒྲིག་འཛུགས་ཐོག་ལག་བསྟར། ཁྲིམས་ལྟར་སྨན་བཅོས་ལས་ཁུངས་ལ་ཆོག་འཐུས་དོ་དམ་ལག་ལེན་བསྟར་བ། འཕྲོད་བསྟེན་ཆེད་ལས་ལག་རྩལ་པའི་ལས་གཉེར་ལམ་སྲོལ་དང་ཞབས་ཞུའི་ཚད་གཞི་ལག་བསྟར། སྨན་བཅོས་ཞབས་ཞུའི་གདེང་འཇོག་དང་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་བཅས་ཀྱི་འགན་འཁུར་དགོས།
(བདུན)རྒྱལ་ཁབ་ཀྱི་སྨན་རྫས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་སྒྲིག་འཛུགས་ཐོག་ལག་བསྟར་བྱེད་པའི་འགན་དང་། མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་རྫས་གསབ་སྣོན་དཀར་ཆག་སྒྲིག་འཛུགས་ཐོག་གཏན་འབེབས་བྱ་བའི་འགན། སྨན་བཅོས་སྒྲིག་གཞིའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་དང་། སྡེབ་སྐྱེལ། བེད་སྤྱོད་དོ་དམ་བཅས་ཀྱི་ལམ་ལུགས་བཟོ་འགོད་དང་། འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཞི་རྩའི་སྨན་རྫས་ཀྱི་དཀར་ཆག་ནང་གི་སྨན་རྫས་ཐོན་སྐྱེད་ལ་བསྔགས་སྐུལ་དང་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྐོར་གྱི་གྲོས་འགོ་འདོན་པ། གཞི་རྩའི་སྨན་རྫས་ཀྱི་རིན་གོང་སྲིད་ཇུས་སྐོར་གྱི་གྲོས་འགོ་འདོན་པ། སྨན་རྫས་སྐོར་གྱི་ཁྲིམས་གཞུང་གཏན་འབེབས་ཀྱི་ལས་སུ་ཞུགས་པའི་འགན་བཅས་ཁུར་དགོས།
(བརྒྱད)བུ་བཙའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྐྱེས་པའི་མི་འབོར་གྱི་ཕོ་མོའི་དབྱེ་བ་དོ་མཉམ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་སྒྲིག་འཛུགས་ཐོག་ལག་བསྟར་བྱེད་པའི་འགན། འཆར་ལྡན་བུ་བཙའི་འཕེལ་ཚུལ་ལ་སྒྲིག་འཛུགས་ཐོག་ལྟ་ཞིབ་ཚད་ལེན་དང་། འཆར་ལྡན་བུ་བཙའི་བདེ་འཇགས་ཉེན་ཟོན་སྔོན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་བསྒྲགས་ཀྱི་གྲོས་འགོ་འདོན་པའི་འགན། འཆར་ལྡན་བུ་བཙའི་ལག་རྩལ་ཞབས་ཞུའི་དོ་དམ་ལམ་ལུགས་དང་ལེགས་བཙའ་ལེགས་གསོ་བྱེད་པའི་གསར་སྐྱེས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལ་ལྟ་སྐུལ་ལག་བསྟར། འཆར་ལྡན་བུ་བཙའི་སྐྱེ་འཕེལ་བདེ་ཐང་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་ལ་སྐུལ་འདེད། དབང་པོ་སྐྱོན་ཅན་སྐྱེས་པའི་མི་འབོར་གྱི་གྲངས་ཚད་ཇེ་དམའ་རུ་གཏོང་བ་བཅས་ཀྱི་འགན་ཁུར་དགོས།
(དགུ)འཆར་ལྡན་བུ་བཙའི་ཁེ་ཕན་ལ་ཁྲིད་སྟོན་དང་། འཆར་ལྡན་བུ་བཙའི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར། འཆར་ལྡན་བུ་བཙའི་ཁྱིམ་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ འབྲེལ་ཡོད་སྡེ་ཁག་དང་མང་ཚོགས་ཚོགས་པས་འཆར་ལྡན་བུ་བཙའི་ལས་ཀའི་འབྲེལ་ཡོད་འགན་འཁྲི་སྒྲུབ་པར་མཐུན་སྦྱོར་ངང་སྐུལ་འདེད་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་འབྲེལ་མཐུད་ལམ་སྲོལ་བཅས་འཛུགས་པའི་འགན་དང་། བུ་བཙའི་ཆུ་ཚད་དམའ་བ་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་འདོན་པའི་འགན་ཁུར་དགོས།
(བཅུ)འགྲོ་འོང་མི་འབོར་གྱི་འཆར་ལྡན་བུ་བཙའི་ཞབས་ཞུའི་དོ་དམ་ལམ་ལུགས་སྒྲིག་བཟོ་དང་སྦྲགས་སྒྲིག་འཛུགས་ཐོག་དོན་འཁྱོལ་དང་། འགྲོ་འོང་མི་འབོར་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཆ་འཕྲིན་མཉམ་སྤྱོད་དང་སྤྱི་པའི་ཞབས་ཞུའི་ལས་ཀའི་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བའི་འགན་བཅས་ཁུར་དགོས།
(བཅུ་གཅིག)འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་འཆར་གཞི་སྒྲིག་འཛུགས་ཐོག་བཟོ་འགོད་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཁྲིད་སྟོན། མཁོ་ཆོད་སྨན་པ་སོགས་དགོས་མཁོ་ཆེ་ཞིང་དཀོན་པའི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་བའི་འགན་དང་། སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་དང་ཆེད་སྦྱོང་ཚན་ཁག་གི་སྨན་པ་དཀའ་བཅུ་པ་ཚད་ལྡན་ཅན་དུ་གསོ་སྐྱོང་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་། ལག་ལེན་བསྟར་བ་བཅས་ལ་ཁྲིད་སྟོན་བྱེད་པའི་འགན་འཁུར་དགོས། (བཅུ་གཉིས)འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྐོར་གྱི་ཚན་རྩལ་གོང་སྤེལ་འཆར་གཞི་སྒྲིག་འཛུགས་ཐོག་བཟོ་འགོད་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྐོར་གྱི་ཚན་རིག་ཞིབ་འཇུག་རྣམ་གྲངས་སྒྲིག་འཛུགས་ཐོག་ལག་བསྟར། གསོ་རིག་སློབ་གསོ་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བའི་ཁྲོད་ཞུགས་པ་དང་། སློབ་གྲྭ་ཆེ་རིགས་ཀྱི་གསོ་རིག་སློབ་གསོ་དང་འཆར་ལྡན་བུ་བཙའི་སློབ་གསོར་གཞོགས་འདེགས་ལ་ཁྲིད་སྟོན། སློབ་གྲྭ་ནས་ཐོན་རྗེས་ཀྱི་གསོ་རིག་སློབ་གསོ་དང་མུ་མཐུད་ནས་གསོ་རིག་སློབ་གསོ་སྒྲིག་འཛུགས་ཐོག་ལག་ལེན་བསྟར་བ་བཅས་ཀྱི་འགན་འཁུར་དགོས།
(བཅུ་གསུམ)གཞི་རིམ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ལས་དོན་ལ་མཛུབ་ཁྲིད་དང་། ཕྱོགས་བསྡུས་ལྟ་སྐུལ་ཁྲིམས་འཛིན་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཁྲིམས་འཛིན་གཙོ་གནད་གཤམ་སྒྱུར་ལ་སྐུལ་འདེད། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ལ་ལྟ་སྐུལ་ཞིབ་བཤེར། ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེ་རིགས་སྒྲིག་འཛུགས་ཐོག་ཞིབ་བཤེར་ཐག་གཅོད། འཆར་ལྡན་བུ་བཙའི་ཐད་སྤ་སེ་གཅིག་གིས་ཁྲུ་སློག་གཏོང་བའི་ལམ་ལུགས་ལྟ་སྐུལ་ཐོག་དོན་འཁྱོལ་བཅས་བྱེད་པའི་འགན་འཁུར་དགོས།
(བཅུ་བཞི)འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་དྲིལ་བསྒྲགས་དང་། བདེ་ཐང་སློབ་གསོ། བདེ་ཐང་སྐུལ་སྤེལ། ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་སོགས་ཀྱི་ལས་ཀའི་འགན་དང་། ཁྲིམས་མཐུན་ལྟར་བསྡོམས་རྩིས་བརྟག་དཔྱད་སྒྲིག་འཛུགས་ཐོག་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་མི་འབོར་གྱི་རྨང་གཞིའི་ཆ་འཕྲིན་མཛོད་འཛུགས་པའ་ཁྲོད་ཞུགས་པ། རྒྱལ་སྤྱིའི་ཐོག་སྤེལ་རེས་དང་མཉམ་ལས། ཕྱི་ཕྱོགས་རོགས་སྐྱོར་བཅས་ཀྱི་ལས་ཀ་སྒྲིག་འཛུགས་ཐོག་ལག་བསྟར། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་བར་སྤེལ་རེས་མཉམ་ལས་བྱེད་པའི་འགན་བཅས་འཁུར་དགོས།
(བཅོ་ལྔ)རྒྱ་བོད་སོག་གསུམ་གྱི་སྨན་རྫས་འཕེལ་རྒྱས་གཏོང་བའི་དུས་ཡུན་རིང་འབྲིང་གི་འཆར་གཞི་བཟོ་འགོད་དང་སྒྲིག་འཛུགས་ཐོག་ལག་བསྟར་བྱ་དགོས་པའི་འགན་ཁུར་དགོས། (བཅུ་དྲུག)ལུས་ཁམས་བདེ་སྲུང་བྱ་ཡུལ་གྱི་སྨན་བཅོས་དང་ལུས་ཁམས་བདེ་སྲུང་གི་ལས་ཀ་སྒྲུབ་འགན་འཁུར་བ་དང་། གྲོས་ཚོགས་གལ་ཆེན་དང་བྱེད་སྒོ་གལ་ཆེན་སྤེལ་བའི་སྨན་བཅོས་འཕྲོད་བསྟེན་གྱི་འགན་སྲུང་ལས་ཀ་སྒྲུབ་པའི་འགན་འཁུར་དགོས། (བཅུ་བདུན)ཞིང་ཆེན་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང། ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་འགོ་ཁྲིད་ཚན་ཆུང་། ཞིང་ཆེན་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་དུས་རྒྱུན་ལས་སྒྲུབ་ཀྱི་འགན་འཁུར་དགོས།
(བཅོ་བརྒྱད)ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་བྱ་བ་གཞན་དག་སྒྲུབ་པའི་འགན་འཁུར་དགོས།
གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ།